བདག་གི་ལག་པ་གཡས་གཡོན།
ཨ་ཕ་ནི་བདག་གི་ལག་པ་གཡས་པ་ཡིན་ལ
ཨ་མ་ནི་བདག་གི་ལག་པ་གཡོན་པ་ཡིན།
ང་ལ་ལག་པ་ཆ་གཅིག་ལྡན་པས།
ད་གཟོད།ཁ་ཆར་གྱི་ཁྲོད་ནས།
ཉི་དུག་གི་གསེང་ནས།
ང་རང་ཡར་ལངས་ཤེས་པར་གྱུར།
ཨ་མ་ནི་བདག་གི་ལག་པ་གཡས་པ་ཡིན་ལ།
ཨ་ཕ་ནི་བདག་གི་ལག་པ་གཡོན་པ་ཡིན།
ང་ལ་ལག་པ་ཆ་གཅིག་ལྡན་པས།
ད་གཟོད།ལོ་ཟླའི་རླུང་རླབས་ཀྱི་ཁྲོད་ནས།
མི་ཚེའི་བརྡབ་གསིག་གི་གསེང་ནས།
ང་རང་འགྲོ་ཤེས་པར་གྱུར།
བདག་ལ་ཕ་མ་གཉིས་ཀ་འཛོམས་པས།
བདག་ལ་གཤོག་པ་གཉིས་ཀ་ལྡན་པས།
ད་གཟོད།ཤེས་རབ་ཀྱི་ས་བོན་ལས།
ངེས་ཤེས་ཀྱི་བློ་མིག་རྙེད་དེ།
ནམ་མཁའ་པང་དུ་བསྐྱིལ་ནས།
ང་རང་འཕུར་ཤེས་པར་གྱུར།
དོན་དུ།ལག་པ་གཡས་གཡོན་ནི།
ཕ་མ་རྣམ་གཉིས་ཡིན་ལ།
ཕ་མ་རྣམ་གཉིས་ནི།
གཤོག་པ་གཡས་གཡོན་ཡིན།
གཤོག་པ་གཡས་གཡོན་ལ་བརྟེན་ནས།
ངས་སྣང་བའི་ཡུལ་ནས་སེམས་ཅན་མ་རུ་རྙེད་ཅིང་།
ཕ་མ་རྣམ་གཉིས་ལ་བརྟེན་ནས།
ངས་འཚོ་བའི་ཀློང་ནས་བདེན་པའི་དེ་ཉིད་རྙེད་བྱུང་།
2015.7.26ཉིན་གྱི་ཞོགས་པར་རང་ཤག་ནས།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn