རྗེ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་འཚོལ་བརྡ།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-07-24 21:30:28
རྩོམ་པ་པོ། དགེ་ལུགས་དྲ་བ། ཀློག་ཐེངས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་པཎྜི་ཏ་རྗེ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་ནི་དྷི་ཚཿ་བཀྲ་ཤིས་ཆོས་སྡིངས་སུ་རབ་ཏུ་བྱུང་ཞིང་། བླ་བྲང་བཀྲ་ཤིས་འཁྱིལ་བར་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་ལ་སློབ་གཉེར་མཐར་ཕྱིན་པ་གནང་ཞིང་། གཞོན་དུས་སུ་འབོ་ར་དགོན་པའི་དགེ་རྒན་དུ་མངགས་ཤིང་། བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་སློབ་མ་མང་བོ་བསྐྱངས།
རིག་གསར་རྗེས་སུ་དཔའ་ལུང་བོད་སྨན་ཁང་བཙུགས་ཏེ། ལྷ་རྗེའི་ཚུལ་བཟུང་ནས་ཉམ་ཐག་པའི་ནད་པ་མང་བོ་རྗེས་སུ་བཟུང་།
བསྟན་པ་ཡང་དར་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དང་། དྷི་ཚཿ་བཀྲ་ཤིས་ཆོས་སྡིངས། མང་རའི་ཀླུ་ཚང་དགོན། བྱ་མདོའི་ཚ་རྔ་དགོན། འཁྱམ་རུ་དགོན། ཁ་སྒང་ཨོ་བསོ་དགོན། མཚོ་སྔོན་ནང་བསྟན་སློབ་གྲྭ། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་སོགས་སུ་གཞུང་བཀའ་པོད་ལྔ་དང་། སྔགས་རྒྱུད་སྡེ་བཞི། དབང་ལུང་མན་ངག བོད་ཀྱི་གསོ་བ་རིག་པ་སོགས་བཀའ་ཁྲིད་གནང་བས་སློབ་མ་མཐའ་ཡས་པ་བྱུང་།
ཁོང་གི་གསུང་འབུམ་དཔར་དུ་བསྐྲུན་ནའང་ཁ་ཚང་མ་འདུས་པ་དང་། ཚེ་རབས་རྗེས་འཛིན་དང་ཞབས་བརྟན་གསོལ་འདེབས་སོགས་ཕྱོགས་ཕྱོགས་སུ་ཐོར་བའང་མང་།
དེ་བས་ད་རེས་ཆེད་དུ་ཕྱོགས་སོ་སོར་བརྡ་ཡིག་བཀྲམ་ནས་གསུང་འབུམ་དུ་མ་འདུས་པ་དག་སྡུད་བཞིན་ཡོད་པས་སུའི་ལག་ཏུ་ཁོང་གི་གསུང་ཚིགས་བཅད་ལོ་ཤོ་ཀ་གཅིག་བཞུགས་ནའང་ངེད་ཅག་ལ་གནང་ན་གསུང་འབུམ་གྱི་གྲས་སུ་འཇུག་ངེས་པ་ཡིན་ལགས།
འབྲེལ་གཏུག་པ། བློ་བཟང་ཆོས་ལྡན།
ཁ་པར། 18209745110
སྐད་འཕྲིན། 18209745110
དྷི་ཚཿ་བཀྲ་ཤིས་ཆོས་སྡིངས་ཀྱི་གསུང་འབུམ་སྡུད་སྒྲིག་ཁང་ནས་ཕུལ།

བརྒྱུད་འགོད།