སློབ་དཔོན་མཐིང་མིག་གིས་མཛད་པའི་རྩ་ཤེའི་འགྲེལ་བ་དཔའ་རིས་བློ་བཟང་གིས་བསྒྱུར་ནས་པར་དུ་བསྐྲུན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-17 12:17:33     རྩོམ་པ་པོ།   ངེད་དགེ་ལུགས་དྲ་བ།    ཀློག་ཐེངས།  

སློབ་དཔོན་མཐིང་མིག་གིས་མཛད་པའི་རྩ་ཤེའི་འགྲེལ་བ་ལོ་ཙྰ་བ་དཔའ་རིས་བློ་བཟང་གིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན། 


        སློབ་དཔོན་མཐིང་མིག་གིས་མཛད་པའི་རྩ་ཤེའི་འགྲེལ་བ་འདི་ནི་དགེ་བཤེས་བསམ་གཏན་གྱིས་ལོ་ཙྰ་བ་དཔའ་རིས་བློ་བཟང་རྒྱ་མཚོ་ལ་དཔེ་ཆ་གསུམ་གནང་ནས་བོད་ཡིག་ཏུ་བསྒྱུར་བའི་རེ་བ་ཞུས་ཤིང་། ལོ་ཙྰ་བ་ཁོང་གི་གྲོགས་པོ་འགས་ཀྱང་བོད་ཡིག་ཏུ་བསྒྱུར་ན་ལེགས་པའི་དགོངས་ཚུལ་ཡང་ཡང་བཏོན་པས་ལོ་ཙྰ་བ་ཁོང་གིས་དཀའ་བ་དང་དུ་བླངས་ནས་བོད་ཡིག་ཏུ་བསྒྱུར།

   བསྟན་བཅོས་འདི་རྩ་ཤེའི་འགྲེལ་བ་ཐོག་མ་སྟེ། རྩོམ་པ་བོ་སློབ་དཔོན་མཐིང་མིག་ནི་མཁས་པ་ཆེན་པོ་ཞིག་སྟེ།དུས་རབས་བཞི་བར་འཁྲུངས་ཤིང་། སློབ་དཔོན་ཨྱ་དེ་བའི་ཡང་སློབ་ཡིན། འོན་ཀྱང་ལོ་རྒྱུས་གསལ་བོར་བཀོད་པ་མ་མཐོང་།

     བསྟན་བཅོས་ཀུ་མ་ར་ཤྲིས་རྒྱ་ཡིག་ཏུ་བསྒྱུར་བས་རྒྱའི་བསྟན་འགྱུར་དུ་བཞུགས་ཤིང་། རྒྱ་ནག་ཏུ་འཕྲིན་ལས་ཤིན་ཏུ་རྒྱས་མོད། བོད་ཀྱི་མཁས་པ་རྣམས་ལ་རྒྱུས་དང་བྲལ།  

    ༢༠༢༢ལོར་ལོ་ཙྰ་བ་གང་གིས་བོད་ཡིག་ཏུ་བསྒྱུར་ཅིང་། ཧོར་ཟླ་བཞི་བའི་ནང་ཡོངས་སུ་གྲུབ་ནས་པར་དུ་བསྐྲུན། མི་རིང་བར་ཀློག་པ་བོ་རྣམས་ཀྱི་གཟིགས་མོར་འགྲེམ་ངེས་ཡིན།འདི་ནི་བོད་ཀྱི་དབུ་མའི་བསྟན་བཅོས་ཀྱི་ཁ་སྐོང་ཞིག་དང་དབུ་མར་སློབ་གཉེར་གནང་བ་དག་ལ་ལེགས་སྐྱེས་བླ་ན་མེད་པ་ཞིག་ཡིན། 

  སློབ་དཔོན་མཐིང་མིག་གིས་མཛད་པའི་རྩ་ཤེའི་འགྲེལ་བ་བོད་འགྱུར་མར་བམ་པོ་བཞི་དང་ཡིག་འབྲུ་ཁྲི་ཉི་ཤུའི་ཡས་མས་ཡོད།  བོད་དུ་བསྒྱུར་ནས་བཀྲམ་པ་འདི་ལོ་ཙྰ་བ་བློ་བཟང་གིས་ངལ་བ་འབུམ་ཕྲག་ཁྱད་དུ་བསད་ནས་བོད་ཀྱི་དབུ་མའི་ཐད་དུ་བཞག་པའི་མཛད་རྗེས་ཆེན་པོ་ཞིག་ཡིན་ནོ།།


微信图片_20220817121928.jpg

微信图片_20220817121937.jpg

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།