མདོ་སྨད་འབལ་ཡུལ་བྱང་ཆུབ་གླིང་དུ་དགའ་ལྡན་ལྔ་མཆོད་ཚོགས་པ།

འབའ་ཡུལ་བྱང་ཆུབ་གླིང་དུ་དགའ་ལྡན་ལྔ་མཆོད་འཚོགས་ཏེ་ཨོའུ་རྒྱ་རིན་པོ་ཆེས་གཙོས་དགེ་བའི་བཤེས་གཉེན་དང་དགེ་བསྙེན་ཕོ་མོ། སྔགས་འཆང་ཕོ་མོ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱ་སེར་འདུས་པ་མང་པོས་སྒྲོལ་མ་བྱེ་བ་དང་མཁའ་སྤྱོད་མའི་ཚོགས་མཆོད་འབུམ་རེ་བཅས་སྒྲུབ་པའི་ཞོར་དུ། བླ་མ་དང་དགེ་བཤེས་འགའ་རེ་གདན་དྲངས་ཏེ། དབང་ལུང་མན་ངག ལམ་རིམ་དང་སྤྱོད་འཇུག ཉམས་ལེན་སོགས་ནང་ཆོས་ངོ་སྤྲོད་དང་། དགེ་བསྙེན་གྱི་སྡོམ་པ་འབོགས་པ་བཅས་མཆོད་སྤྲིན་རྒྱ་མཚོ་རྒྱལ་བ་དགྱེས་པའི་གསོས་སུ་ཕུལ།






རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
