མི་ཏྲ་རྡོར་ཕྲེང་རིན་འབྱུང་སོགས་ཀྱི་ལྷའི་རྒྱུན་བསྙེན་བྱ་ཚུལ་བཞུགས་སོ། །
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-08-27 08:22:02
རྩོམ་པ་པོ། འཇིགས་མེད་འཕྲིན་ལས་རྒྱ་མཚོ ཀློག་ཐེངས།
༄༅། །ཨཾ་སྭ་སྟི། འདིར་མི་ཏྲ་རྡོར་ཕྲེང་སྒྲུབ་ཐབས་རིན་འབྱུང་སོགས་དབང་དང་རྗེས་གནང་ཐོབ་པ་རྣམས་ཀྱིས་ལྷ་དེ་དག་གི་རྒྱུན་བསྙེན་ཇི་ལྟར་བྱ་བའི་ཚུལ་བསྡུས་ཏེ་ཉམས་སུ་ལེན་པར་འདོད་པས།
སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་སྐྱབས་སེམས་བཟུང་ལ། བདེ་སྟོང་ངང་ལས་གཞལ་མེད་ཁང་ཆེན་དབུས། །ཞི་ཁྲོ་རབ་འབྱམས་བགྲང་ཡས་དཀྱིལ་འཁོར་ལྷ། །བཀའ་སྡོད་སྲུང་མར་བཅས་པས་ཡོངས་བསྐོར་བའི། །བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། །རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ཐིམ། །གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་ཀུན་དམ་ཆོས་འཛིན་པའི་རྒྱུ་རུ་བསྔོ། །སྤྲོ་ན་བླ་མའི་མཚན་སྔགས་དང་། ལྷ་རང་རང་གི་སྔགས་རྣམས་ཅི་འཚམས་རེ་གསོལ་འདེབས་ཀྱི་ཚུལ་དུ་བཟླ།
དེ་ཙམ་མ་ནུས་ན། ཨཱྃ་ཨཱཿ ཧཱུཾ། ཅི་མང་བཟླས་ཏེ། བདེ་ཆེན་ཆོས་སྐུའི་ངོ་བོར་རོ་གཅིག་ཀྱང་། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་རོལ་གར་གྱིས། །གང་འཚམས་ཕན་བདེའི་དཔལ་ལ་འགོད་མཛད་པའི། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ངེས་འབྱུང་བྱང་ཆུབ་སེམས་དང་ཡང་དག་ལྟ། །མཚན་བཅས་མཚན་མེད་རིམ་གཉིས་ལམ་བཟང་གིས། །མི་གནས་ཞི་བ་མཆོག་གི་དཔལ་ཐོབ ནས། །མཐའ་དག་འགྲོ་རྣམས་བདེ་ལ་འགོད་པར་ཤོག །
ཅེས་པ་འདི་ནི་དཔའ་རེ་དགེ་བཤེས་རབ་གསལ་གྱིས་བསྐུལ་ངོར། གཞན་ལའང་ཕན་འདོད་ཀྱིས་བློ་བཟང་སྙན་རྒྱུད་བདེ་ལམ་གྱི མན་ངག་ཞལ་ཤེས་ང་མཐུན་པར། གྱི་ན་བ༧ འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྦྱར་བའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།