བདེ་གསང་འཇིགས་གསུམ་གྱི་ཆོ་ག་བསྡུས་པར་བཀོད་པ་བཞུགས་སོ། །
༄༅། །ཉམས་ལེན་གནད་ཀྱི་ཞལ་གདམས་བདེ་གསང་འཇིགས་གསུམ་གྱི་ཆོ་ག་བསྡུས་པར་བཀོད་པ་བཞུགས་སོ། །
༄༅། །རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱི་ག་ཤལ་བྱས་ཤིང་། སྐུ་སྨད་ལྷ་རྫས་ཀྱི་དར་ཀྱིཤམ་ཐབས་འཕྱར་བར་གྱུར། དེའི་སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་ཆེནའབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་སྤྱན་མ། སྙིང་གར་མཱ་མ་ཀཱི། མགྲིན་པར་གོས་དཀར་མོ། སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག། སྙིང་གར་འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམ་སེལ། ཚིགས་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མ། སྣའི་སྒོར་དྲི་རྡོ་རྗེ་མ། ཁའི་སྒོར་རོ་རྡོ་རྗེ་མ། རྡོ་རྗེ་སྒོར་རེག་བྱ་རྡོ་རྗེ་མ། ལག་པ་གཡས་ལ་གཤིན་རྗེ་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བདུད་རྩི་འཁྱིལ་བ། དཔུང་བ་གཡས་བའི་རྩ་བར་མིགཡོ་བ། དཔུང་བ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོརལོའི་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་འོག་མིན་ནས་རྒྱལ་བ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། ཨོཾ་སརྦ་ཏ་ཐ་ག་ཏ་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱ་ཧཱ། ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ།།གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣངམཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཆལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའི་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ། ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ཨོཾ་ཨཱཿསྥཪྴ་བཛྲ་ཁཾ་ཧཱུཾ། ཨོཾ་ཨཱཿཛི་ན་ཛིཀ་ཨོཾ་ཧཱུཾ། ཨོཾ་ཨཱཿརཏྣ་དྷྲྀཀ་སྭཱ་ཧཱུཾ། ཨོཾ་ཨཱཿཨཱ་རོ་ལིཀ་ཨཱ་ཧཱུཾ། ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱ་ཧཱུཾ། ཨོཾ་ཨཱཿམོ་ཧ་ར་ཏི་ལཾ་ཧཱུཾ། ཨོཾ་ཨཱཿདྭེ་ཥ་ར་ཏི་མཱཾ་ཧཱུཾ། ཨོཾ་ཨཱཿརཱ་ག་ར་ཏི་བཾ་ཧཱུཾ། ཨོཾ་ཨཱཿབཛྲ་ར་ཏི་ཏཱཾ་ཧཱུཾ། ཨོཾ་ཨཱཿརཱུ་བ་བཛྲ་ཛཿཧཱུཾ།ཨོཾ་ཨཱཿཤཔྟ་བཛྲ་ཧཱུཾ་ཧཱུཾ། ཨོཾ་ཨཱཿགནྡྷེ་བཛྲ་བཾ་ཧཱུཾ། ཨོཾ་ཨཱཿར་ས་བཛྲ་ཧོཿཧཱུཾ། ཨོཾ་ཨཱཿམཻ་ཏྲི་མཻཾ་ཧཱུཾ། ཨོཾ་ཨཱཿཀྵི་ཏི་གཪྦྷ་ཐླཱིཾ་ཧཱུཾ། ཨོཾ་ཨཱཿབཛྲ་པཱ་ཎི་ཨོཾ་ཧཱུཾ། ཨོཾ་ཨཱཿཁ་གཪྦྷ་ཨོཾ་ཧཱུཾ། ཨོཾ་ཨཱཿལོ་ཀེ་ཤྭ་ར་ཨོཾ་ཧཱུཾ། ཨོཾ་ཨཱཿམཉྫུ་ཤྲཱི་ཧཱུཾ་ཧཱུཾ། ཨོཾ་ཨཱཿསརྦ་ནི་ཝ་ར་ཎ་བི་སྐཾ་བི་ནི་ཨོཾ་ཧཱུཾ། ཨོཾ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུཾ། ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཔདྨནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿབིགྷྣནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཨཱ་ཙ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧཱུཾ་ཧཱུཾ། ཨོཾ་ཨཱཿནཱི་ལ་དཎྚ་ཧཱུཾ་ཧཱུཾ། ཨོཾ་ཨཱཿམ་ཧཱ་བཱ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ། ཨོཾ་ཨཱཿསུམྦྷ་རཱ་ཛཱ་ཧཱུཾ་ཧཱུཾ། ཡིག་བརྒྱ་བརྗོད། ཅེས་སྨོན་ལམ་རྒྱས་བའམ། དགེ་བ་འདི་ཡིས་མྱུར་དུ་བདག། ནས སྤྱོད་དེ་གཉིས་ཀའང་བདག་སྤྱོད་ཤོག ། ཅེས་པ་སྨོན་ལམ་ཡོངས་རྫོགས་ཀྱི་དོན་མདོར་བསྟན་ཡིན་པས་དེ་དང་། སྙིགས་མའི་དུས་ཡིནཔས། དེ་ལྟར་རྨད་བྱུང་ལམ་གྱི་མཐར་ཐུག་འདི། ། ཞེས་སོགས་སྨོན་ལམ་ཤུགས་དྲག་བཏབ། ཉལ་ཁར། བདག་ཉིད་ཀྱི་ལུས་ཀྱི་ལྷ་རྣམ་སྣང་། སྤྱན་མ། སའི་སྙིང་པོ། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེ་གཤེད། མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང་། མཱ་མ་ཀཱི། ཕྱག་རྡོར། སྒྲ་རྡོ་རྗེ་མ། གཞན་གྱིས་མི་ཐུབ་པ། འདོད་པའི་རྒྱལ་པོ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་འོད་དཔག་མེད། གོས་དཀར་མོ། ནམ་མཁའི་སྙིང་པོ། དྲི་རྡོ་རྗེ་མ། རྟ་མགྲིན། དབྱུག་སྔོན་ཅན་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་དོན་གྲུབ། སྒྲོལ་མ། འཇིག་རྟེན་དབང་ཕྱུག། རོ་རྡོ་རྗེ་མ། སྒྲིབ་སེལ། རེག་བྱ་རྡོ་རྗེ་མ། ཀུན་བཟང་། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་གཙུག་ཏོར་འཁོར་ལོས་བསྒྱུར་བ། གནོད་མཛེས་རྒྱལ་བོ། འཇམ་དཔལ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། གཙོ་བོ་ཡང་རིམ་གྱིས་འོད་གསལ་དུ་ཐིམ་པར་གྱུར།། ཞེས་སྡུད་རིམ་བྱས་ལ་ཉལ། ཐོ་རངས་སྤྱན་སོགས་ལྷ་མོ་བཞིས་གླུ་དབྱངས་ཀྱིས་བསྐུལ་ཏེ་འོད་གསལ་ལས་གཟུགས་སྐུར་བཞེངས་པར་མོས་ལ་སྟོབས་ལྔའི་ཉམས་ལེན་སོགས་ལ་འབད་དོ༎ མངྒ་ལཾ།།
༄༅། །བདེ་མཆོག་བསྡུས་པ།།
༄༅། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་འཆི། །ཐེག་པ་གསུམ་པོ་ཐམས་ཅད་དང་། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །དཔའ་པོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་མཆི་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བགྱི། །ལན་གསུམ། ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་བའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་བའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་། ཤྲཱི་ནི་ཡུལ་སྟོང་བ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྟོང་བའི་ངང་ལས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ལན་གསུམ། རང་གི་ལྟེ་བའི་ཕྱོགས་སུ་སྔགས་ཕྲེང་འོད་ཟེར་ལྔ་དང་བཅས་བ་གཡོན་སྐོར་གྱིས་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷ་ཚོགས་འཕྲོས་པ། སྣ་བུག་གཡས་པ་ནས་འཐོན་ཏེ་ཕྱིར་འཕྲོས་བསགེགས་ཐམས་ཅད་བསྐྲད་དེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ། ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་གྱུར། རང་གི་སྙིང་གར་ཟླ་གདན་ལ་རྡོ་རྗེ་སེམས་དཔ་བའི་ངོ་བོ་ཨོཾ་ཧ་དཀར་བོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་བོ། སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་བོ། ཕྲག་པ་གཉིས་སུ་ཉི་མ་ལ་དཔལ་ཧེ་རུ་ཀའི་ངོ་བོ་བཽ་ཥ་ཊ་ཧེ་ནག་པོ། མིག་གཉིས་སུ་ཉི་མ་ལ་རྡོརྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ །གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ཨོཾ་བཾ་དམར་བོ། སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ཡྃ་སྔོན་པོ། མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མོཾ་དཀར་བོ། མགོ་བོར་ཉི་མ་ལ་སྐྱོད་བྱེད་མའི་ངོ་བོ་ཧྲཱིཾ་ཧྲཱིཾ་སེར་བོ། སྤྱི་གཙུག་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ །དཔྲལ་བར་ཉི་མ་ལ་ཡན་ལག་ཐམས་ཅད་ཀྱི་ལུས་དབང་གི་རང་བཞིན་ཙཎྡི་ཀའི་ངོ་བོ་ཕཊ་ཕཊ་དུད་ཁས་མཚན་པར་གྱུར། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿ ཕཻཾ་ཕཻཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བ་ས་རུ་དྷི་རཱནྟྲ་མཱ་མ་བ་ལཾ་པི་ནི། གྲིཧྞ་གྲིཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ །སརྦཾ་པཱ་ཏརྫ་ཡ་ཏརྫ་ཡ། ཀྟྱཙླྀཔཾགྀི ཨ་ཀཌྜྷྱ་ཡ་ཨ་ཀཌྜྷྱ་ཡ། ཧྲིཾ་ཧྲིཾ། ཛྞཽཾ་ཛྞཽཾ། ཀྵམཱཾ་ཀྵམཱཾ། ཧཱཾ་ཧཱཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཝཱ་རཱ་ཧཱི། པྲོ་ཏངྒེ་པྲོ་ཏངྒེ། ཧ་ན་ཧ་ན་པྲཱ་ཎཾ། ཀིཾ་ཀི་ཎི། ཁིཾ་ཁི་ཎི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ་ཤོ་ཥ་ཡ། བཛྲ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷ་རི་ཎི། མ་ཧཱ་པི་ཤི་ཏ་མཾ་སཱ་ས་ནི། མ་ནུཥཱནྟྲ་པྲ་པྲི་ཏི་ས་ནི་དྷྱ་ནཱ་ར་སི་ར་མཱ་ལ་གྲཱཾཐི་ཏ་དྷ་ར་ཎི། སུམྦྷ་ནི་སུམྦྷ་ཧ་ན་ཧ་ན་པྲཎཾ། སརྦ་པཱ་ཤ་བཱ་ནཱཾ། མ་ཧཱ་མ་ན་ས་ཙྪེ་ད་ནི། ཀྲོ་དྷ་མུརྟེ་དཾཥྚ་ཀ་རཱ་ལི་ནི་མ་ཧཱ་མུ་ཏྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱ། གྲ་མ་ཧིཥཱི་ས་ཧ་སྲ་ཤཱི་རེ། ས་ཧ་སྲ་བཱ་ཧ་བེ། ཤ་ཏ་ས་ཧ་སྲ་ན་ནི། ཛྭ་ལི་ཏ་ཏེ་ཛ་སེ། ཛྭ་ལཱ་མུ་ཁེ་སཾ་ག་ལ་ལོ་ཙ་ནེ། བཛྲ་ཤྭ་རཱི་རེ་བཛྲ་ས་ནི། མི་ལིཧེ་ཧེ།་ཏ་ཙི་ལི་ཏ། ཧེ་ཧེ། །ཧཱུཾ་ཧཱུཾ། ཁ་ཁ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་ཏྭེ་ཏེ། མ་ཧཱ་ཡོ་གི་ནཱི། པ་ཋི་ཏ་སིདྡྷི་། ཏྲིཾ་ཏྲེཾ་དྷཾ་ཏྲིཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷི་མེ་ཧ་ས་ཧ་ས་བཱི་རེ། ཧཱ་ཧཱ། ཧེ་ཧེ། ཧཱུཾ་ཧཱུཾ། ཏྲཻ་ལོཀྱ་བི་ནཱ་ཤ་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི། ཏ་ཐཱ་ག་ཏ་པ་རི་ཝཱ་རེ་ཧཱུཾ་ཧཱུཾ་ཕཊ། སིཾ་ཧ་རཱུ་པེ་ཁཿ ག་ཛ་རཱུ་པེ་ཨཱཿ ཏྲཻ་ལོ་ཀྱ་ཨུ་དྷ་རེ་ས་མུ་ཏྲ་མེ་ཁ་ལེ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བཱི་ར་དྭེ་ཏེ་ཧཱུཾ་ཧཱུཾ། ཧ་ཧ་མ་ཧཱ་པ་ཤུ་མོ་ཧཱ་ནི་ཡོ་གི་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་སརྦ་ལོ་ཀཱ་ནཾ་བནྡྷ་ནི་ས་དྱ་པྲ་དྱ་ཡ་ཀ་རི་ཎེ་ཧཱུཾ་ཧཱུཾ་ཕཊ། བྷུ་ཏ་ཏྲཱ་ས་ནཱི་མ་ཧཱ་བཱི་ར་པ་ར་མ་སིདྡྷ་ཡོ་གི་ཤྭ་རི་ཕཊ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་ཤཾ་ཝ་རཾ་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨོཾ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ་ཧི་ཧུཾཧཱུཾ་ཕཊ། ཨོཾ་སྭཱ་ཧཱ་ཧུ་ཧུཾ་ཧཱུཾ་ཕཊ། ཨོཾ་བཽ་ཥ་ཊ་ཧེ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧོ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཧཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨོཾ་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཾ་ཡྃ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཾ་མྃ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ཨོཾ་བསྐལ་བ་ཆེན་པོའི་མེ་དང་མཉམ་པའི་འོད་ཧུཾ་ཧཱུཾ་ཕཊ། ཨོཾ་རལ་བའི་ཅོད་པན་མི་བཟད་པ་དང་ལྡན་ཧུཾ་ཧཱུཾ་ཕཊ། ཨོཾ་མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧུཾ་ཧཱུཾ་ཕཊ། ཨོཾ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་དགྲ་སྟ་ཞགསགདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧུཾ་ཧཱུཾ་ཕཊ། ཨོཾ་སྟག་གི་པགས་པའི་ན་བཟའ་འཛིན་པ་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་ སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧུཾ་ཧཱུཾ་ཕཊ། ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། ཨོཾ་འཕགས་མ་རིག་མའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧུཾ་ཧཱུཾ་ཕཊ། ཨོཾ་འབྱུང་པའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་ཅན་ཧུཾ་ཧཱུཾ་ཕཊ། ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམས་པ་དང་ཧུཾ་ཧཱུཾ་ཕཊ། ཨོཾ་བདུད་རྣམས་སྐྲག་ཅིང་སྐྱེམས་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧུཾ་ཧཱུཾ་ཕཊ། ཨོཾ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧུཾ་ཧཱུཾ་ཕཊ། ཨོཾ་རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད་ཧུཾ་ཧཱུཾ་ཕཊ།། ཡིག་བརྒྱ་དང་ཡབ་ཡུམ་གྱི་རྐང་བརྒྱད། སྨོན་ལམ་རྒྱས་པའམ། སྲིད་པ་གསུམ་འབར་×ཅེས་སྨོན་ལམ་གདབ། ཉམས་ལེན་གནད་ཀྱི་ཞལ་གདམས་བཞིན་བསྡུས་པར་བཀོད་པ་རྒྱུན་འཁྱེརའདིའང་༧ མཛོད་པ་ཆེན་མོའི་ཐུགས་བཞེདབཞིན་༧ གྱི་ན་བ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་བྲིས་པའོ༎ ༎
༄༅། །འཇིགས་བྱེད་དཔའ་གཅིག་རྒྱུན་འཁྱེར་མདོར་བསྡུས་བཞུགས་སོ། །
༄༅། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ×××་ཡང་དག་བསྐྱེད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། ཆོས་ཀུན་མི་དམིགས་སྟོང་བའི་ངང་ཉིད་ལས། །འབྱུང་བཞི་རིམ་རྩེགས་བསྲུང་འཁོར་ཆོས་འབྱུང་ནང་། །གཞལ་མེད་ཁང་དབུས་རང་ཉིད་འཇམ་དབྱངས་སུ། །གསལ་བ་མངོན་བྱང་ལྔ་ཡིས་འཇིགས་བྱེད་དུ། །གྱུར་བའི་གནས་གསུམ་ཡི་གེས་ལེགས་མཚན་ཞིང་། །སེམས་དཔའ་གསུམ་གྱི་བདག་ཉིད་དུ་བཞུགས་པའི། །ཧཱུཾ་གི་འོད་ཀྱིས་ཡེ་ཤེས་དབང་ལྷ་བཅས། །སྤྱན་དྲངས་དབང་བསྐུར་མཆོད་ཅིང་བསྟོད་པར་བགྱི། །ཨོཾ་ཡ་མ་རཱ་ཛཱ××། །ཨོཾ་ཧྲཱིཿཥྚཱིཿ××། །ཨོཾ་ཡ་མཱནྟ་ཀ××། རྣམས་ཅི་འགྲུབ་བཟླས་ལ། རྣམས་དག་བསམ་པས་སོགས་ཀྱིས་སྨོན་ལམ་གདབ་པོ། ཅེས་པ་འདི་ནི་སྤྲུལ་བའི་སྐུ་སྐལ་བཟང་ལེགས་བཤད་རྒྱ་མཚོའི་ཐུགས་དམ་ཞལ་འདོན་དུ ༧ གྱི་ན་བ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྤེལ་བ་དགེ་ལེགས་འཕེལ༎ ༈མངྒ་ལཾ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །གཏན་ཏུ་བདེ་བ་ཐོབ་པར་ཤོག། ཨོཾ་སྭ་སྟི༎
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn