དམིགས་བརྩེ་མ་ལ་རྟེན་ནས་སྒྲིབ་སྦྱོང་བྱ་ཚུལ་མདོར་བསྡུས་བཞུགས་སོ།།
༄༅། །བདག་སོགས་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་འཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལx། །དམ་པའི་ཆོས་རྣམས་ལx། །འཕགས་པའི་དགེ་འདུན་རྣམས་ལx། །ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པ་རྣམས་ལx། །དཔལ་མགོན་དམ་པཆོས་སྐྱོངས་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལx། (སརྒྱས་ཆོས་ཚོགས་མ ཚད་མེད་བཞི)།བླང་དོར་གནས་རྣམས་མ་རིག་འཐུག་པོས་བསྒྲིབས། །ཁོང་ཁྲོའི་མཚོན་གྱིས་མཐོ་རིས་སྲོག་འཕྲོག་ཅིང། །འདོད་སྲེད་ཞགས་པས་འཁོར་བའི་བཙོན་རར་བཅིངས། །ལས་ཀྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར། །ན་རྒའི་སྡུག་བསྔལ་རྦ་རླབས་མང་པོས་གཡེངས། །མི་བཟད་འཆི་བདག་ཆུ་སྲིན་ཁར་ཚུད་པའི། །མི་འདོད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་པ། །མགོན་མེད་བདག་གི་ཉམ་ཐག་ང་རོ་ཡིས། །ཡིད་ལ་སྨོན་པ་འགྲུབ་པའི་དབང་བོ་རུ། །ཕོངས་པའི་གཉེན་གཅིག་འཇམ་མགོན་བློ་བཟང་གྲགས། །དར་མ་རིན་ཆེན་མཁས་གྲུབ་དགེ་ལེགས་དཔལ། །ཡབ་སྲས་ཀུན་ལ་སྙིང་ནས་གསོལ་འདེབས་ན། །དཔག་མེད་བསྐལ་བར་བདག་ཅག་རྣམས་ཀྱི་ཕྱིར། །ཐུགས་མཆོག་བསྐྱེད་པའི་དམ་བཅའ་མ་བསྙེལ་བར། །འདབ་བཟང་གཙོ་བོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བས་འདིར་གཤེགས་ཤིག །དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །ཞེས་པ་ནས བསྟན་པའི་སྙིང་པོ་རང་དུ་གསལ་བྱེད་ཤོག །དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་བུ། །ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན། །རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །རྒྱལ་བའི་སྤྱན་སྔར་བྱང་ཆུབ་སྤྱོད་པ་བླངས། །དགའ་ལྡན་གནས་སུ་འཇམ་དཔལ་སྙིང་པོར་གྲགས། །ཁ་བ་ཅན་འདིར་བློ་བཟང་གྲགས་པའི་དཔལ། །རྒྱལ་སྲས་ཐུ་བོ་ཁྱེད་ལ་གསོལ་བ་འདེབས། །རྒྱ་ཆེན་བསོད་ནམས་སྨིན་པའི་མཐུ་ལྡན་པས། །གསུང་རབ་ཀློག་དང་ལེགས་སྦྱར་སྒྲ་ལ་སོགས། །བརྡ་སྤྲོད་གཙུག་ལག་མ་བསླབས་ཐུགས་སུ་ཆུད། །ཡོན་ཏན་ལྷུན་རྫོགས་ཁྱོད་ལ་གསོལ་བ་འདེབས། །ཁྱོད་སྐུའི་ཉིན་བྱེད་ཡུམ་གྱི་ཆུ་འཛིན་ལས། །གསལ་བར་བྱོན་ཚེ་སྲིད་པའི་ཕུན་ཚོགས་ལ། །ཀུན་ནས་སྲེད་པའི་གློག་གི་རོལ་རྩེད་དང་། །ནམ་ཡང་འགྲོགས་པ་སྤངས་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་རྒྱལ་བའི་བརྟུལ་ཞུགས་ཀུན། །མ་སྨད་ཚུལ་ཁྲིམས་མཆོག་གི་ལེགས་བསྡམས་ཤིང་། །སྐྱེ་བ་ཀུན་ཏུ་གཅིག་ཏུ་བག་ཡོད་ལ། །གོམས་པའི་མཐུ་ལྡན་ཁྱོད་ལ་གསོལ་བ་འདེབས། །རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ། །ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས། །རྟག་ཏུ་ལེགས་བཤད་འཚོལ་བ་ལྷུར་བླངས་པས། །རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །ཚིག་ཕྲེང་ཝུ་བས་ངོམས་པ་མི་མངའ་ཞིང་། །མཁས་མཆོག་བྱེ་བས་རྟོགས་པར་དཀའ་བའི་གནས། །ཞིབ་ཅིང་ཆེ་ཕྲ་དྲི་མེད་རིགས་པ་ཡིས། །མ་ལུས་ཆོས་ཀུན་གཟིགས་ལ་གསོལ་བ་འདེབས། །རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང་། །ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས། །འཕགས་ཡུལ་ཤིང་རྟ་ཆེ་རྣམས་བཞེད་པའི་གཞུང་། །ཇི་བཞིན་གཟིགས་པ་ཁྱོད་ལས་གཞན་ན་གང་། །གསུང་རབ་ཀུན་ཀྱང་ཁྱོད་ཉིད་འབའ་ཞིག་ལ། །གདམས་པའི་མཆོག་ཏུ་ཤར་ལ་གསོལ་བ་འདེབས། །དེ་ཕྱིར་མཁས་མཆོག་ཀུན་གྱི་ཅོད་པན་ལ། །རྟག་ཏུ་ངལ་གསོ་མཛད་པའི་ཞབས་པད་ཀྱིས། །རྒྱ་མཚོའི་གོས་ཅན་གང་ལ་བྲིས་པའི་རྡུལ། །འགྲོ་བའི་མཆོད་རྟེན་གྱུར་ལ་གསོལ་བ་འདེབས། །རྒྱལ་བའི་མཁྱེན་པས་ཇི་ཙམ་ལེགས་དཔྱད་ཀྱང་། །ཁྱོད་ཀྱི་ཐུགས་ལ་རྣམ་དག་བསླབ་པའི་ཁྲིམས། །ལྷོད་པར་བགྱིས་པའི་ཉེས་པ་ཕྲ་མོ་ནི། །ཆ་ཙམ་གཟིགས་པ་སྤངས་ལ་གསོལ་བ་འདེབས། །རིན་ཆེན་འབྱུང་གནས་ཆུ་ཡི་ཕུང་བོ་བཞིན། །ཁྱོད་ཐུགས་སྙིང་རྗེའི་གཏིང་མཐའ་ཇི་ཙམ་ཞེས། །ཡེ་ཤེས་སྤྱན་ལྡན་ཀུན་གྱི་ཡུལ་ལས་འདས། །རྗེ་བཙུན་ཐུགས་རྗེའི་གཏེར་ལ་གསོལ་བ་འདེབས། །ཁྱོད་ཀྱི་ལྷག་བསམ་ཁྱོགས་ལ་མ་བླངས་པའི། །ལུས་ཅན་ཕན་བདེའི་ཁུར་ནི་ཅང་མ་མཆིས། །རླབས་ཆེན་སྤྱོད་པ་ཀུན་གྱི་མཐར་སོན་པ། །སྙིང་སྟོབས་རྨད་དུ་བྱུང་ལ་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །མཐའ་དག་འགྲོ་ལ་སྨིན་པའི་རྒྱུ་གྱུར་ན། །ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། །ས་གསུམ་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། །འཇམ་པའི་དབྱངས་ཀྱིས་ཁྱོད་ལ་མངོན་སུམ་དུ། །ཉིན་རེ་བཞིན་ཡང་ལེགས་བཤད་བདུད་རྩིའི་རྒྱུན། །དུས་གསུམ་རྒྱལ་བའི་ཐུགས་ཀྱི་བཅུད་བསྡུས་པ། །རྒྱུན་མི་འཆད་པར་འདོམས་ལ་གསོལ་བ་འདེབས། །ཐུབ་བསྟན་པདྨོའི་ཚལ་ལ་འཇིག་རྟེན་འདིར། །ཁྱོད་ནི་རྒྱལ་བའི་ཉི་མ་ཇི་བཞིན་ཞེས། །མི་ཕམ་མགོན་པོས་ཁྱོད་ལ་མངོན་སུམ་དུ། །དབུགས་དབྱུང་མཆོག་ཏུ་བསྔགས་ལ་གསོལ་བ་འདེབས། །གྲངས་མེད་རྒྱལ་བའི་སྐུ་ཡི་རྒྱལ་མཚན་གཟིགས། །ས་ར་ཧ་དང་ལཱུ་ཨི་པ་ལ་་སོགས། །གྲུབ་ཆེན་དུ་མས་མངོན་སུམ་བྱིན་གྱི་བརླབས། །ཡོངས་དག་སྐྱེས་བུ་མཆོག་ལ་གསོལ་བ་འདེབས། །ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །ཟླ་བའི་ཞབས་ཀྱི་གང་ཚེ་བྱིན་བརླབས་པ། །དེ་ཡི་མོད་ལ་ཟབ་མོའི་ཆོས་ཉིད་ལ། །འཁྲུལ་བའི་དྲི་མ་སྤངས་ལ་གསོལ་བ་འདེབས། །ཁྱོད་ཀྱི་ཆོས་ཉིད་ནམ་མཁའི་དཀྱིལ་ལྟ་བུ། །མཉམ་བཞག་ཏིང་འཛིན་མཆོག་གིས་ལེགས་བསྒོམས་པས། །རྗེས་ཐོབ་ཏུ་ཡང་སྒྱུ་མ་ལྟ་བུའི་ཐུགས། །སྐད་ཅིག་གཡོ་བ་མེད་ལ་གསོལ་བ་འདེབས། །ཐུབ་པའི་ལེགས་བཤད་ཀུན་གྱི་མཐར་ཐུག་པ། །རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་འབྱེད་པ་ལ། །རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དབང་དང་། །དབྱར་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཕྱོགས་འདིར་སྔོན་ཆད་གཞན་གྱིས་མ་མྱངས་པའི། །ལམ་གྱི་མཐར་ཐུག་རིམ་གཉིས་ཟབ་མོའི་གནད། །ཇི་བཞིན་གཟིགས་ནས་དེ་དོན་སྒྲུབ་པ་ལ། །ཉམས་ལེན་སྙིང་བོར་མཛད་ལ་གསོལ་བ་འདེབས། །ཕྲ་རགས་ལྷ་ཡི་རྣལ་འབྱོར་མཐར་ཕྱིན་པས། །ཐ་མལ་སྣང་ཞེན་ཀུན་རྟོག་རྒྱང་བསྲིངས་ཤིང་། །གང་ཤར་དཀྱིལ་འཁོར་འཁོར་ལོའི་རྣམ་རོལ་ལས། །ཁྱོད་ཐུགས་གཡོ་བ་མེད་ལ་གསོལ་བ་འདེབས། །ཀུན་རྟོག་རླུང་གི་རྒྱུ་བ་ངྷའུ་ཏཱིར་དང་། །འོད་གསལ་ཐམས་ཅད་སྟོང་བའི་དེ་ཉིད་གཟིགས། །གང་ཤར་བདེ་ཆེན་མཆོག་གི་རྣམ་རོལ་ཅན། །རྡོ་རྗེའི་ཐུགས་དང་ལྡན་ལ་གསོལ་བ་འདེབས། །མཐའ་ཡས་སྨོན་ལམ་སྟོབས་མངའ་ཐབས་མཁས་ཀྱིས། །འབད་མེད་ལྷུན་གྲུབ་མཐའ་ཡས་བདུལ་བྱའི་ཚོགས། །རྒྱལ་བ་དགྱེས་པའི་ལམ་ལ་འཁྲིད་མཛད་པ། །འཇིག་རྟེན་ཀུན་གྱི་སྐྱབས་ལ་གསོལ་བ་འདེབས། །ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱི་ཉིན་མོར་མཛད་ལ་གསོལ་བ་འདེབས། །བསམ་བཞིན་ཞིང་འདིར་སྐུ་ཡི་བཀོད་པ་ནི། །ཉེ་བར་སྡུད་ལ་ཁྱོད་ཐུགས་གཞོལ་བའི་ཚེ། །དཔའ་བོ་མཁའ་འགྲོའིལྷ་ཚོགས་མཆོད་པ་ཡིས། །བསམ་ཡས་ནམ་མཁའ་གང་ལ་གསོལ་བ་འདེབས། །འོད་གསལ་ཆོས་སྐུ་མངོན་དུ་མཛད་གྱུར་པ། །དེ་ཚེ་ཁྱོད་སྐུ་འོད་ཀྱི་གོང་བུར་གྱུར། །བར་དོ་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ། །མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས། །གདུང་བའི་འོ་དོད་འབོད་དོ་བརྩེ་བའི་དགོངས། །ཐུགས་བསྐྱེད་བདེན་པའི་དུས་ལ་བབ་ལགས་ན། །མགོན་པོ་ཁྱོད་ཀྱི་གཟུངས་ཀྱི་ཕན་ཡོན་ཀུན། །དེང་འདིར་བདག་ལ་མངོན་སུམ་བསྟན་དུ་གསོལ། །མི་ཤེས་དབང་གིས་བྱས་པའི་ཉེས་པ་དང་། །ཉིན་རེ་བཞིན་དུ་མཆེད་པ་འཕེལ་ཁའི་འཕྲོ། །རྣམ་སྨིན་མི་བཟང་ལྟུང་བའི་ངོ་བོ་ཀུན། །ལྷག་མེད་བྱང་ཞིང་དག་པར་བྱིན་གྱིས་རློབས། །དཀོན་མཆོག་གསུམ་གྱི་དཀོར་དང་ཁྱད་པར་དུ། །དགེ་འདུན་འདུ་སྒོ་གསོན་གཤིན་དད་ཟས་སོགས། །མེ་མདག་ལྟ་བུར་སྤྱད་པའི་ཉེས་པ་ཀུན། །ལྷག་མེད་བྱངx།བླ་མ་རྡོ་རྗེ་སྤུན་དང་མཆོག་གསུམ་རྟེན། །ཕ་མ་ལ་སོགས་ཞིང་དང་བསམ་སྦྱོར་མཇུག །མཐུ་ཆེན་ཤུགས་དྲག་ཉེས་པ་གང་བགྱིས་རྣམས། །ལྷག་མེདx། །ཐུགས་རྗེ་ཚད་མེད་བླ་མ་རྡོ་རྗེ་འཆང་། །བྱིན་རླབས་མཚུངས་མེད་བླ་མ་རྡོ་རྗེ་འཆང་། །སྐྱབས་གནས་བསླུ་མེདx། །བཀའ་དྲིན་འཁོར་མེདx། །ལས་འབྲས་བླང་དོར་བསྟེན་ནས་ངན་སོང་གི །སྒོ་འཕར་གཅོད་མཛད་བླ་མ་རྡོ་རྗེ་འཆང་། །བསླབ་གསུམ་བདེན་པ་བཞི་ཡི་འཇུག་ལྡོག་གིས། །ཐར་བར་འཁྲིད་མཛད་བླ་མx། །ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་བཟང་གིས། །སྲིད་ཞིའི་འཇིག་སྒྲོལ་བླ་མx། །དབང་དང་དམ་ཚིག་རིམ་གཉིས་རྣལ་འབྱོར་གྱིས། །ཚེ་འདིར་མཆོག་སྩོལ་བླ་མx། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་གྱི་གཏེར། །གནས་སྐབས་མཐར་ཐུག་ཡོངས་ཀྱི་སྐྱབས་གཅིག་བུ །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །ཁྱོད་མིན་སྐྱབས་གཞན་ནམ་ཡང་མི་འཚོལ་པའི། །སྤྲུལ་བའི་གར་བརྒྱ་བདེ་ཆེན་རོ་གཅིག་ཏུ། །སྡུད་མཛད་རྡོ་རྗེ་འཆང་ཆེན་བླ་མ་མཁྱེན། །དྲིན་ཅན་ཕ་མ་མནར་ཞིང་སྡུག་ཏུ་བཅུག །ཞོན་བཀལ་བྱས་པའི་སེམས་ཅན་བསོད་ཅིང་བཙོང་། །ཚོང་དང་ཁེ་སྤོག་ལས་ལ་ཐམས་བད་འབད། །ལྟ་བ་ལོག་པས་དགེ་རྩ་ཐམས་ཅད་བཅོམ། །དུས་ངན་སེམས་ཅན་དམྱལ་བར་འགྲོ་ངེས་ལ། །མགོན་པོ་ཁྱོད་ཀྱིས་མྱུར་དུ་ཐུགས་རྗེ་གཟིགས། །ཁྱོད་ཀྱི་བསྟན་པ་འདི་དང་འཇལ་ན་ཡང་ ། །བཤད་སྒྲུབ་གང་གི་སྙིང་བོ་མ་ལོན་པར། །ཡིད་བཞིན་ནོར་བུའི་གླིང་ནས་སྟོང་ལོག་ཏུ། །འགྲོ་བ་རྣམས་ལ་ཁྱེད་ཀྱིས་ཐུགས་རྗེ་གཟིགས། །མདོར་ན་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་འབྲལ་མེད་རྗེས་བཟུང་ནས། །སྐུ་གསུང་ཐུགས་ཀྱི་གསང་བ་ཀུན་འཛིན་པའི། །སྲས་ཀྱི་ཐུ་བོར་འགྱུར་བར་བྱིན་གྱིས་རློབས། །འཇམ་མགོན་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས། །ཐོན་པའི་འོད་ཀྱི་སྤུ་གུའི་ལམ་བརྒྱུད་ནས། །བདུད་རྩིའི་རྒྱུན་བབ་སྦྱི་གཙུག་ནས་ཞུགས་ཏེ། །སྡིག་སྒྲིབ་ཉེས་ལྟུང་མ་ལུས་སྤྱངས་པར་གྱུར། །(དམིགས་བརྩེ་མ་གང་མང་་་་་མཎྜལ་ཕུལ་ཏེ་ལམ་རིམ་ཤར་སྒོམདང་)དེང་ནས་བརྩམས་ཏེ་ཚེ་རབས་ཀུན་ཏུ་བདག །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང་། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་མཉེས་འབའ་ཞིག་བསྒྲུབ་པར་བྱིན་གྱིས་རློབས། །རྙེད་བཀུར་དོན་གཉེར་ཚེ་འདིའི་སྣང་བ་དང་། །རང་བདེ་འདོད་པའི་ཞི་བའི་སེམས་སྤངས་ནས། །འགྲོ་བའི་དོན་སེམས་བྱང་ཆུབ་སེམས་མཆོག་དང་། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཕྲ་ཞིང་འཛངས་ལ་ཞིབ་པའི་བློ་གྲོས་ཀྱིས། །རིགས་པའི་རྗེས་འབྲང་རྒྱལ་བའི་གསུང་རབ་དོན། །མ་ལུས་ཁོང་དུ་ཆུད་ནས་འགྲོ་བ་ཡི། །རྨོངས་པའི་མུན་ཆེན་སེལ་བར་བྱིན་གྱིས་རློབས། །རྣམ་མང་རྒྱུད་སྡེའི་དོན་ལ་ངེས་རྙེད་ནས། །ལམ་བཟང་མཐར་ཐུག་རིམ་གཉིས་ཟབ་མོའི་དོན། །ཕྱི་ནང་འགལ་རྐྱེན་ཀུན་གྱིས་གཡོ་མེད་པར། །རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས། །མདོར་ན་རྒྱལ་བའི་དམ་ཆོས་མཐའ་དག་དང་། །ཁྱད་པར་དུ་ཡང་བླ་མའི་རྡོ་རྗེའི་ཐེག །རྒྱལ་བའི་དགོངས་པ་ཇི་བཞིན་ལེགས་བཟུང་ནས། །འགྲོ་བའི་འདྲེན་པ་བགྱིད་པར་བྱིན་གྱིས་རློབས། །ཁྱོད་ནི་བླ་མ་ཁྱོད་ནི་ཡིད་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །དེང་ནས་བཟུང་ཏེ་བྱང་ཆུབ་བར་དུ་ཁྱོད་མིན་སྐྱབས་གཞན་མི་འཚོལ་པས། །འདི་དང་བར་དོ་ཕྱི་མའི་མཐའ་ཡང་ཐུགས་རྗེའི་ལྕགས་ཀྱུས་བཟུང་མཛོད་ལ། །སྲིད་ཞིའི་འཇིགས་སྒྲོལ་དངོས་གྲུབ་ཀུན་སྩོལ་གཏན་གྱི་གྲོགས་མཛོད་བར་གཅོད་སྲུངས། ལན་གསུམ།།དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་ཁར་པདྨའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ།ལན་གསུམ།དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ། །འདྲེན་མཆོག་བླ་མ་ཁྱོད་དང་མི་འབྲལ་ཞིང་། །མགོན་པོ་ཁྱོད་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི། །ལེགས་བཤད་བདུད་རྩིའི་རོ་ཡིས་འཚོ་བར་ཤོག །གཞན་ཡང་བདག་གིས་བགྱིས་དང་བགྱིད་འགྱུར་བའི། །ལེགས་པར་སྤྱད་པ་ཇི་སྙེད་མཆིས་པ་ཀུན། །ཁྱོད་ཀྱི་བགྱེས་བཞིན་རྗེས་སུ་འཛིན་པ་དང་། །བཀའ་བཞིན་སྒྲུབ་པ་ཁོ་ནའི་རྒྱུར་གྱུར་ཅིག །ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་པས། །ཐེག་ཆེན་བཤེས་གཉེན་གངོས་སུ་མཛད་པའི་མཐུས། །རྒྱལ་བའི་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ལྡོག་པར་མ་གྱུར་ཅིག །ཆོས་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། ༑རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང་།།ཞེས་པ་ནས བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ན་མོ་མཉྫུ་གྷོ་ཥཱ་ཡ། རབ་འབྱམས་རྒྱལ་བ་ཀུན་གྱིམཁྱེན་བརྩེའི་བཅུད།།གཅིག་ཏུ་བསྡུས་པ་རྗེ་བཙུནའཇམ་དཔལ་དབྱངས།།དམར་སེར་མདངས་འཁྱུད་གསལ་རྫོགས་མཚན་དཔེའིའབྲས།།རྒྱན་ལྡན་ཟུར་ཕུད་ལྔ་པས་དགེ་ལེགས་སྩོལ།།ཕུལ་བྱུང་ལུང་རྟོགས་བསྟན་པའི་མཛོད་འཛིན་པར།།སངས་རྒྱས་སྲས་བཅས་ཀུན་གྱིས་མགྲིན་གཅིག་ཏུ།།རབ་བསྔགས་ངུར་སྨིག་ཚུལ་དུ་ལེགས་བྱོན་པ།།མཁས་དབང་ཙོང་ཁ་པ་དེ་གཙུག་ན་རྒྱལ།།ཐར་མདོད་དཔྱོད་ལྡན་རྣམས་ཀྱི་མིག་གཅིག་པུ།།དཔལ་ལྡན་བླ་མས་ཚེ་རབས་ཀུན་ཏུ་བདག །འབྲལ་མེད་མཉེས་བཞིན་རྗེས་སུ་ལེགས་བཟུང་སྟེ། །གསུང་གི་བདུད་རྩིས་དབུགས་དབྱུང་ཐོབ་པར་ཤོག །གང་དེའི་བཞེད་གཞུང་མདོ་སྔགས་གནད་འདུསཔ།།བསྟན་པ་རིན་ཆེན་གསལ་བའི་སྒྲོན་མེ་འདིའི།།སྒོ་རུ་བདག་སོགས་ཡིད་ཅན་ཀུན་ཞུགས་ཏེ།།ལམ་སྟོན་དགེ་བའི་བཤེས་དང་རྟག་འགྲོགས་ཤོག །མདོར་ན་མཁའ་མཉམ་སེམས་ཅན་མ་ལུས་པའི། །སྒྲུབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རང་གཞནདོན་གཉིས་འབད་མེད་ལྷུན་གྲུབ་པའི། །སྐུ་བཞིའི་གོ་འཕང་མཐོན་པོ་མངོན་འགྱུར་ཤོག།འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གཞན་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་བོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །།
ཞེས་དགེ་ལྡན་བསྟན་པ་རྒྱས་བའི་སྨོན་ལམ་་་རྗེའི་བསྟན་པ་དང་འཇལ་བའི་སྨོན་ལམ་་་འཇམ་དཔལ་དཔའ་བོ་མ་དང་དུས་གསུམ་གཤེགས་པའི་མ་སོགས་བྱའོ། །ཞེས་བཀའ་འཁོར་མེད་ཞང་སྟོན་ཆོས་ཀྱི་རྒྱལ་པོ་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་སྐབས་ཟླ་བཞི་བའི་བཅོ་ལྔ་ལ་ཞལ་ཆེམས་ལྟ་བུར་གསུང་གི་ཐ་མར་གསུང་རྩོམས་འདི་བསྩལ་བའོ།། །།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn