རྗེ་བཙུན་དབྱངས་རྒྱ་མཚོའི་ཐུགས་རྗེ་བསྐུལ་བའི་གདུང་དབྱངས།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-05-22 21:32:12
རྩོམ་པ་པོ། ལྷ་བཙུན་ཚངས་སྲས་བཞད་བའི་རྡོ་རྗ ཀློག་ཐེངས།
༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །མི་འགྱུར་རྡོ་རྗེའི་སྐུ་ལ་མངའ་བརྙེས་དཔལ། །མི་འཇིགས་མཆོག་སྦྱིན་བླ་མ་ཚེ་དཔག་མེད། །མི་གཡོ་དཔལ་སྟེར་རྣམ་རྒྱལ་འཁོར་ལོ་སོགས། །མི་ནུབ་བཀྲ་ཤིས་དགེ་ལེགས་ཆར་དུ་ཕོབ། །
རབ་བྱམས་རྒྱལ་བའི་མཁྱེན་རྩེ་གཅིག་བསྡུས་དཔལ། །མཚན་དཔེའི་རང་གཟུགས་འཇིག་རྟེན་ཀུན་དབང་ཕྱུག །འཇིགས་བྲལ་ངུར་སྨྲིག་ལྷུན་གྱིས་གྲུབ་བའི་སྐུ། །རྗེ་བཙུན་ཚངས་དབྱངས་རྒྱ་མཚོར་གསོལ་བ་འདེབས། །
འཁོར་མཐའ་མེད་པའི་བཀའ་དྲིན་ཟླ་མེད་པ། །སྲིད་གསུམ་མགོན་པོ་ཚངས་དབྱངས་རྒྱ་མཚོའི་དཔལ། །མ་རྒན་འགྲོ་ལ་ཐུགས་བརྩེར་དགོངས་ནས་ནི། །ཉམ་ཐག་ང་རོས་གསོལ་འདེབས་དབྱངས་འདི་དགོངས། །
མི་ཞད་སྙིགས་མའི་སྤྱོན་ཚུལ་འདི་འདྲ་རུ། །མགོན་ཁྱོད་རྟག་ཏུ་ཐུགས་རྗེས་མི་གཟིགས་ན། །བདག་ཅག་རྗེས་འཇུག་སྙིགས་མའི་སྐྱེ་འགྲོ་ཀུན། །ལས་ངན་འབྲས་བུ་སྡུག་བསྔལ་ཇི་ལྟར་བཟོད། །
སྡིག་འབྲས་ཡོངས་གང་ཉམ་ཐག་བུ་སློབ་རྣམས། །ལྷག་པར་མི་གཟིགས་བཏང་སྙོམས་མཛད་ལགས་ན། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་དེ་ཉིད་གང་། །སྦྱན་རས་གཟིགས་ཞེས་མཚན་གསོལ་དགོས་པ་ཅི། །
འོན་ཀྱང་དཔག་མེད་བསྐལ་པའི་སྔ་རོལ་ཏུ། །ཐུགས་རྗེས་རྒྱུད་གཏམས་མངོན་པར་སངས་རྒྱས་ནས། །ད་ལྟ་ཉམ་ཆུང་མ་རྣམས་ཅི་ལ་དོར། །ལས་ངན་བདག་གི་ཉེས་པ་འབའ་ཞིག་ཟད། །
དེ་ཕྱིར་གསོལ་འདེབས་ང་རོས་འབོད་ལགས་ན། །བྱིན་རླབས་ཐུགས་རྗེས་ལས་ངན་སྒྲིབ་སྦྱངས་ནས། །འཆི་མེད་འོད་གསལ་སྤྲུལ་བའི་ཟ་མ་ཏོག །སངས་རྒྱས་བསྟན་པའི་གཙོ་ལ་བཞུགས་སུ་གསོལ། །
མཐོང་ཐོས་དྲན་རེག་འབྲེལ་ཐོགས་ལུས་ཅན་རྣམས། །ཐར་བར་འདྲེན་མཛད་བྱིན་རླབས་གཏེར་ཆེན་སྐུ། །རབ་གདུང་མ་རྒན་འགྲོ་ལ་རྩེར་དགོངས་ནས། །འཁོར་བ་མ་སྟོང་བར་ཏུ་བཞུགས་སུ་གསོལ། །
བདག་སོགས་བུ་སློབ་རྗེས་སུ་འཛིན་པའི་སླད། །བཤེས་གཉེན་རོལ་གར་གཟུགས་སྐུ་རགས་པ་ཉིད། །བདག་ཅག་དད་པའི་ཞིང་མཆོག་དམ་པ་རུ། །བརྟན་པར་བཞུགས་ནས་དགྱེས་པའི་ཞལ་སྟོན་སྩོལ། །
སྐྱབས་མགོན་ཐུགས་རྗེས་གཟིགས་ཤིག་ཚངས་དབྱངས་པ། །བུ་ལ་བྱིན་གྱིས་རློབས་ཤིག་སྤྲུལ་བའི་སྐུ། །ཐུགས་རྗེས་ཡལ་བར་མ་གཏོང་སྤྱན་རས་གཟིགས། །འབྲལ་མེད་རྗེས་སུ་ཟུངས་ཤིག་དྲིན་ཅན་རྗེ། །
དཔལ་ལྡན་བླ་མ་འཆི་མེད་རྡོ་རྗེའི་སྐུ། །གསལ་རྫོགས་མཚན་དཔེའི་དཔལ་འབར་གཟི་བརྗིད་ཅན། །སྲིད་ཞིའི་འཇིགས་གྲོལ་མཐོང་བ་དོན་ལྡན་སྐུ། །བདག་ཅག་མིག་གི་བདུད་རྩིར་འབྲལ་མེད་ཤོག །
དཔལ་ལྡན་བླ་མ་མཆི་མེད་རྡོ་རྗེའི་གསུང་། །འགག་མེད་ཚངས་དབྱངས་ཡན་ལག་དྲུག་ཅུ་ཅན། །གཏན་གྱི་བདེ་སྟེར་ཐོས་པ་དོན་ལྡན་གསུང་། །བདག་ཅག་རྣ་བའི་བདུད་རྩིར་འབྲལ་མེད་ཤོག །
དཔལ་ལྡན་བླ་མ་འཆི་མེད་རྡོ་རྗེའི་ཐུགས། །ཟབ་ཡངས་དཔག་མེད་མཁྱེན་བརྩེའི་གཏེར་ཆེན་ཅན། །དངོས་གྲུབ་མཆོག་སྩོལ་དྲན་པ་དོན་ལྡན་ཐུགས། །བདག་ཅག་ཡིད་ཀྱི་བདུད་རྩིར་འབྲལ་མེད་ཤོག །
བདག་སོགས་དེང་ནས་ཇི་སྲིད་བྱང་ཆུབ་བར། །མགོན་པོ་ཁྱོད་མིན་སྐྱབས་གཞན་མི་འཚོལ་བས། །འདི་དང་ཕྱི་མ་ཚེ་རབས་རྟག་ཏུ་ཡང་། །སྐད་ཅིག་ཙམ་ཡང་འབྲལ་མེད་རྗེས་འཛིན་ཤོག །
རབ་གུས་གསོལ་འདེབས་བགྱིས་པ་འདི་ཡི་མཐུས། །མཐོང་བ་དོན་ལྡན་སྐུ་གཟུགས་རིན་ཆེན་འདི། །མི་ནུབ་སྲིད་མཐའི་བར་ཏུ་ཞབས་བརྟན་ཅིང་། །འགྲོ་རྣམས་སྨིན་ཅིང་གྲོལ་བར་རྗེས་ འཛིན་ཤོག །
བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཀྱིས། །གང་བཞེད་འགྲོ་དོན་མཛད་དུ་བདེན་པའི་མཐུས། །མཁའ་འགྲོ་ཆོས་སྐྱོང་བསླུ་མེད་རྟེན་འབྱུང་གིས། །རེ་འབྲས་དོན་ལྡན་ལྷུན་གྱིས་གྲུབ་པར་ཤོག །
རྒྱལ་བསྟན་དར་ཞིང་དེ་འཛིན་ཞབས་པད་བརྟན། །བདག་ལ་འབྲེལ་ཐོགས་ཁྱོད་ཞལ་འབྲལ་ མེད་ཅིང་། །སྙིང་རྗེའི་ཡུལ་གྱུར་འགྲོ་དྲུག་དེད་དཔོན་དུ། །བདག་ཀྱང་སྤྱན་རས་གཟིགས་ཀྱི་སྐུ་འགྲུབ་ཤོག །
ཅེས་རྒྱལ་དབང་ཕྱག་ན་པད་དཀར་འཆང་བ་རྗེ་བཙུན་དབྱངས་རྒྱ་མཚོ་དཔལ་བཟང་པོའི་ཐུགས་རྗེ་བསྐུལ་བའི་གདུང་དབྱངས་བརྟན་བཞུགས་སྨོན་ཚིག་མི་འགྱུར་རྡོ་རྗེའི་དཔལ་གྲུབ་ཅེས་བྱ་བ་འདི་ཡང་། ཀུན་གཟིགས་དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་བདེ་ཆེན་བའི་ཞལ་སྔ་ནས་འདི་གའི་གདུང་རྟེན་ཪིན་པོ་ཆེཪ་བརྟན་བཞུགས་གསོལ་འདེབས་བརྒྱ་སྟོང་སོགས་ཅི་ཐུབ་ལ་འབད་དགོས་པར་བཀའ་སྩལ་ཕེབས་དོན་ལྟར། སྔར་ནས་ཆེད་གསོལ་འདི་ལྟ་བུ་འདོན་ཆོག་པ་ཞིག་མེད་སྟབས་འཕྲལ་བསྒྲུབ་དགོས་སུ། ༧ ལྷ་བཙུན་ཚངས་སྲས་བཞད་པའི་རྡོ་རྗེས་རབ་ཚེས་བག་མེད་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་བར་གསོལ་བ་བཏབ་ཏེ་སྦྱར་བའི་ཡི་གེ་བ་ནི་དགེ་སློང་དགེ་འདུན་ཕུལ་བྱུང་གིས་བགྱིས་པ་འདིས་ཀྱང་མི་མཐུན་པའི་གཡུལ་ལས་རྣམ་པར་རྒྱལ་བར་གྱུར་ཅིག ། ། །
སྐྱབས་གསུམ་ཀུན་འདུས་བླ་མ་སྦྱན་རས་གཟིགས། །དངོས་གྲུབ་ཀུན་སྩོལ་བདེ་ཆེན་མཆོག་གི་སྐུ། །བར་ཆད་བདུད་འདུལ་སྙིང་རྗེའི་རང་ཤུགས་བསྩལ། །གསོལ་བ་འདེབས་སོ་བརྩེ་བས་གཟུང་དུ་གསོལ། །
ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །
ཞེས་བར་ཆད་ཞི་བའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་མ་འདི་ཡང་། ༧ ལྷ་བཙུན་ཚངས་སྲས་བཞད་བའི་རྡོ་རྗེས་སུག་བྲིས་སུ་བགྱིས་པའོ། ། ། །ཚུལ་འདི་ཨ་ལག་ཤའི་ཤར་དགོན་དགའ་ལྡན་བསྟན་རྒྱས་གླིང་དུ་དཔར་དུ་བསྒྲུབས་པའོ། ། ། །
(དཔའ་དོན་གྱིས་གཏག་སྟེ་མཚམས་སྦྱོར་བྱས།)
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།