བཀའ་བསྒོ་བྱ་ཚུལ་བཞུགས་སོ། །
༄༅། །སངས་རྒྱས་ཆོས་དང་སོགས་ལན་གསུམ། རང་ཉིད་བཅོམ་ལྡན་དོ་རྗེ་འཇིགས་བྱེད་དུ། །གསལ་བའི་ཐུགས་ཀའི་འོད་ཀྱིས་མཆོག་གསུམ་དང་། །དཔའ་བོ་གཅིག་པའི་ལྷ་ཚོགས་སྤྱན་དྲངས་ཏེ། །རྡོ་རྗེ་སློབ་མའི་སྤྱི་བོར་བཞུགས་པར་གྱུར། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་X། དགེ་འདུན་X། ཁྱད་པར་དུ་ཡང་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་རྡོ་རྗེ་སློབ་མ་འདི་རྣམས་ལ་ལུས་ཀྱི་ནད་ཚ། སེམས་ཀྱི་སྡུག་བསྔལ། བར་ཆད་ཆག་སྒོ་ཉམ་ང་ཁ་སྨྲས་གླེང་གཞི་འཐབ་རྩོད་འཁྲུག་ལོང་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག བར་གདོན་བཙན་དང་རྒྱལ་འགོང་སོགས་ཕྱི་ནང་གི་གནོད་པ་གང་གིས་ཀྱང་མི་ཚུགས་པར་རྣམ་པ་ཀུན་ཏུ་བསྲུང་བར་མཛད་དུ་གསོལ། ཡ་མ་རཱ་ཛ་སོགས་སྔགས་གསུམ། ཛ྄ཿ ཧཱུཾ་བཾ་ཧོཿ མདུན་གྱི་ཚོགས་ཞིང་རྣམས་ཞུ་ནས་སྤྱི་བོ་ནས་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། རྒྱལ་བ་སྲས་བཅས་X། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་མཐུ་སྟོབས་ཀྱིས། །སློབ་མ་འདི་རྣམས་བདག་གིས་བསྲུངས་ཟིན་པས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག། བཛྲ་རཀྵ་རཀྵ་ཡེ་སཱ་ཧྭ། ཞེས་པ་འདི་ཡང་སྤྲུལ་བའི་སྐུ་འགའ་ཞིག་གི་ཆེད་དུ་རྡོ་རམས་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་དམ་པའི་མན་ངག་བཞིན་སྦྱར་བའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn