སྤྲུལ་བའི་ཆོས་རྒྱལ་མ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-02 08:38:21     རྩོམ་པ་པོ།   ཐུབ་བསྟན་འཇིགས་མེད་རྒྱ་མཚོ།    ཀློག་ཐེངས།  

༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ།  སྤྲུལ་བའི་ཆོས་རྒྱལ་རིགས་ལྡན་རྣམས་ཀྱི་ཞིང་།།བྱེ་བ་དགུ་བཅུ་རྩ་དྲུག་གྲོང་ཁྱེར་གནས། །རྨད་བྱུང་གྲུབ་པའི་ཞིང་མཆོག་ཤམྦྷ་ལར། །སྐྱེས་ཏེ་རིགས་ལྡན་ཞལ་བཟང་མངོན་གྱུར་ཤོག   །སྐྱེ་བའི་སྲིད་པ་གཞན་གྱིས་མ་ཆོད་པར། །ངོ་མཚར་སྒྱུ་འཕྲུལ་བཀོད་པ་མཐའ་ཡས་པའི། །ཡུལ་དེར་སྐྱེས་ནས་རྒྱལ་བའི་བསྟན་པའི་གནད། །རང་གིས་རྟོགས་ནས་གཞན་ལ་འདོམས་པར་ཤོག   །གཉིས་མེད་རྒྱུད་རྣམས་ཀུན་གྱི་གཙོ་བོ་མཆོག   །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དོན་བཞིན། །ཚུལ་བཞིན་ཉམས་སུ་བླངས་པའི་མོད་ཉིད་ལ། །ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ་པར་ཤོག  ། ཅེས་བྱང་ཤམྦྷ་ལར་སྐྱེ་བའི་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས་པཱ་རོན་སུ་ཉིད་ཤོག་གི་དད་པ་དང་ལྡན་པ་དགེ་བསྙེན་འཇིགས་མེད་ཀྱིས་བསྐུལ་ངོར་   ༧    ཤཱཀྱའི་བཙུན་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་སྦྱར་བའོ།། ཞེས་པ་འདི་ནི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ཤིས་འཁྱིལ་དུ་སྦྱར་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།