ཕྱག་འཚལ་བའི་ཚིགས་བཅད་སྣ་ཚོགས།
བཅོམ་ལྡན་འདིར་ནི་བྱོ ན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །བསོད་ནམས་རི་བོ་མི་འགྱུར་བརྟན་པའི་སྐུ། །གསུང་དབྱངས་ཐོས་པས་མི་ངོམས་ཚངས་པའི་དབྱངས། །ཡེ་ཤེས་རྒྱ་མཚོ་མི་གཡོ་ཟབ་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་ལྟར། །བདེ་གསལ་མི་རྟོག་སྟོང་པའི་ངང༌། །རྣམ་ཐར་གསུམ་ལ་རབ་འགོད་པའི། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་ས་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པ་རིགས་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོང་འཕགས་པ་ཡབ་སྲས་སོགས། །ཟབ་མོ་ལྟ་བའི་བརྒྱུད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང༌། །མཆོག་གཟིགས་ཏཻ་ལོ་པ་དང་ནཱ་རོ་པ། །དཔལ་མཆོག་ཌོམ་བི་པ་དང་ཨ་ཏི་ཤ། །ཉམས་ལེན་བྱིན་རླབས་བརྒྱུད་ལ་ཕྱག་འཚལ་ལོ། །རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ། །མཁས་གྲུབ་དུ་མའི་ལེགས་བཤད་བདུད་རྩིའི་རྒྱུན། །རྣམ་དཔྱོད་བློ་ཡི་བུམ་པར་ལེགས་ བསྡུས་ནས། །བོད་ཡུལ་རྨོངས་པའི་དྲི་མ་སེལ་མཛད་པའི། །བློ་ལྡན་ཤེས་རབ་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་རབ་འཇམ་པའི་དབྱངས་དང་གཉིས་སུ་མེད། །རབ་འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ཆུད། །འཛམ་གླིང་མཁས་པ་ཡོངས་ཀྱི་རྒྱན་གཅིག་པུ། །ས་སྐྱ་པཎ་ཆེན་ཞབས་ལ་ཕྱག་འཚལ་ལོ། །མདོ་རྒྱུད་ཚིག་དོན་མཐའ་དག་ཐུགས་སུ་ཆུད། །བདེ་གཤེགས་བསྟན་ པ་མི་ནུབ་རྒྱལ་མཚན་འཛིན། །སྙིགས་དུས་རྒྱལ་བ་གཉིས་པ་རིན་ཆེན་གྲུབ། །བུ་སྟོན་ཆོས་རྗེའི་ཞབས་ལ་ཕྱག་འཚལ་ལོ། །རིག་གནས་ཀུན་ལ་ཀུན་མཁྱེན་ལོ་ཙ་པ། །བློ་གྲོས་མཁའ་ལྟར་ཡངས་པའི་རེ་མདའ་པ། །ཡོངས་རྫོ གས་བསྟན་པའི་མངའ་བདག་ཙོང་ཁ་པ། ། མཚུངས་མེད་བླ་མ་གསུམ་ལ་ཕྱག་འཚལ་ལོ། །
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn