ཕ་མའི་དྲིན་ལན་བཟོ་བའི་སྨོན་ལམ་བཞུགས་སོ།།
འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས།།
བདག་ལ་དྲིན་གྱིས་བསྐྱངས་བའི་ཕ་མ་རྣམས།།
སེམས་བསྐྱེད་ཞུ་བའི་བླ་མ་སློབ་དཔོན་དང་།།
དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་དང་།།
རྒྱུ་ཟས་འབྲེལ་བ་ཡོད་པའི་མི་རྣམས་དང་།།
བཞོན་ཁལ་སྲོག་གཅོད་འོ་ཞོ་འཐུང་བ་དང་།།
ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པ།།
མྱུར་དུ་སངས་རྒྱས་གོ་འཕང་ཐོབ་པར་ཤོག།
ཅེས་པ་འདི་ནི་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn