སྨྲ་བ་ཟླ་མེད།
༄༅།། སྨྲ་བ་ཟླ་མེད་འདྲེན་མཆོག་ཤཱཀྱའི་ཏོག །རྒྱལ་བའི་མཁྱེན་རབ་ཀུན་བསྡུས་འཇམ་པའི་དབྱངས། །ཟབ་མོའི་དོན་གཟིགས་འཕགས་མཆོག་ཀླུ་སྒྲུབ་ཞབས། །སྨྲ་བའི་གཙུག་རྒྱན་གསུམ་ལ་གསོལ་བ་འདེབས། །འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །དེ་སྲས་ཐུ་བོ་རིགས་པའི་ཁུ་བྱུག་ཆེ། །རྒྱལ་སྲས་རིགས་པའི་ཁུ་བྱུག་གཉིས་པའི་ཞབས། །རིགས་པའི་དབང་ཕྱུག་གསུམ་ལ་×། རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡིས། །ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །འཛམ་གླིང་རྒྱན་གྱུར་གཉིས་ལ་×། རྒྱལ་བའི་གདུང་འཚོབ་བཤེས་གཉེན་པོ་ཏོ་བ། །རྣམ་དཔྱོད་འགྲན་ཟླ་བྲལ་བའི་ཤ་ར་བ། །བྱང་ཆུབ་ཐུགས་ཀྱི་བཀའ་བབས་འཆད་ཁ་བ། །འགྲོ་བའི་རེ་སྐོང་གསུམ་ལ་×།ལུང་རྟོགས་མངའ་བདག་བྱང་སེམས་སྤྱིལ་ཕུ་བ། །དྲི་མེད་ལུང་གི་དབང་ཕྱུག་མཁས་པ་མཆོག ། ཁམས་གསུམ་འགྲོ་བའི་མགོན་པོ་རིན་པོ་ཆེ། །གནས་བརྟན་ཆེན་པོ་གསུམ་ལ་×། རྣམ་དག་ཚུལ་ཁྲིམས་ངད་ལྡང་ཟངས་ཆེན་པ། །འདུལ་བ་འབུམ་སྡེའི་མངའ་བདག་མཚོ་སྣ་བ། །ཆོས་མངོན་རྒྱ་མཚོའི་མཐར་བྱོན་མོན་གྲ་པ། །འགྲོ་བའི་འདྲེན་པ་གསུམ་ལ་×། ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། །འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་×།བློ་གྲོས་ཁང་བཟང་བསླབ་གསུམ་ནོར་གྱིས་ཕྱུག །བཟང་པོའི་འཕྲིན་ལས་གདུལ་བྱའི་དཔལ་དུ་ཤར། །གྲགས་པའི་འོད་ཟེར་འཛམ་གླིང་ཕྱོགས་བཅུར་འཕྲོ། །བློ་བཟང་གྲགས་པའི་ཞབས་ལ་×། ཐར་འདོད་ཐར་པར་འཇུག་པའི་སྒོ་གཅིག་པུ། དངོས་སྟོབས་རིགས་པས་རིགས་པའི་གཞུང་གི་དོན། །ལེགས་པར་རྟོགས་ནས་གཞན་ལ་ལེགས་འདོམས་པའི། །རྒྱལ་ཚབ་ཆོས་རྗེའི་ཞབས་ལ་×།འདུལ་བ་འཛིན་པ་ཐུབ་པའི་རྒྱལ་ཚབ་ཅེས། །སྙན་པའི་གྲགས་པས་ས་སྟེང་ཀུན་ཁྱབ་ཅིང༌། །ཕྱོགས་དུས་ཀུན་ཏུ་བསྟན་པའི་རྒྱལ་མཚན་འཛིན། །གྲགས་པ་རྒྱལ་མཚན་ཞབས་ལ×། བསླབ་གསུམ་དགེ་ལེགས་རིན་ཆེན་དྲ་བས་མཛེས། །དངོས་སྟོབས་རིགས་པའི་མཆེ་བ་དྲུག་དང་ལྡན། །ལོག་སྨྲ་འདམ་བུ་འཇོམས་པའི་དཔལ་ཡོན་ཅན། །མཁས་གྲུབ་ཆོས་རྗེའི་ཞབས་ལ་×། གཞན་གྱི་དོན་དུ་རྒྱ་ཆེན་ཤེས་བྱའི་ཚོགས། །ཤེས་རབ་ཟབ་མོས་ཇི་བཞིན་ཐུགས་ཆུད་ནས། །སེངྒེའི་སྒྲ་ཡིས་ཡང་ཡང་ལེགས་འདོམས་པའི། །དཔལ་ལྡན་བླ་མའི་ཞབས་ལ་×། གསུང་རབ་ཀུན་ལ་བལྟ་བའི་བློ་མིག་གིས། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ལེགས་པར་གཟིགས་ནས་བརྩེ་བས་འདོམས་མཛད་པའི། ། བཤེས་གཉེན་བཟང་པོའི་ཞབས་ལ་×། དྲི་མེད་ལུང་གི་ཆུ་བོ་འབུམ་ཕྲག་རྒྱས། ། ལེགས་བཤད་རིན་ཆེན་བྱེ་བའི་དཔལ་ཡོན་ཅན། །ཕྱོགས་ལས་རྣམ་རྒྱལ་བློ་བཟང་དགེ་འདུན་གྲུབ། །པཎ་ཆེན་རྒྱ་མཚོ་ཆེ་ལ་×། རྒྱལ་བའི་སྲས་པོ་འདུལ་བ་འཛིན་པའི་མཆོག×། པད་དཀར་འཛིན་པ་དགེ་འདུན་རྒྱ་མཚོའི་དཔལ་×། བློ་བཟང་བསྟན་པའི་ཉི་མ་ཆོས་ཀྱི་རྗེ×། ཕྱག་ན་པདྨོའི་གདུང་འཛིན་འགྲོ་བའི་མགོན།×།གྲུབ་པའི་དབང་ཕྱུག་བསམ་གྲུབ་དཔལ་བཟང་དང༌×། །དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས×། །ཀུན་མཁྱེན་བློ་བཟང་བསྟན་པའི་རྒྱ་མཚོ་ཆེར། །མཚམས་སྤྲིན་ལ་འགྲན་ངུར་སྨྲིག་གསར་པ་ཡི། །སྦྲང་རྩིའི་རྒྱལ་མཚན་འཛིན་པའི་པད་དཀར་ཅན། །སྤྲུལ་པས་འགྲོ་བ་འདྲེན་ལ་×།དགེ་ལེགས་ཤེས་བྱའི་དཀྱིལ་འཁོར་རབ་ཏུ་རྒྱས×། །གང་བློ་སྙིང་རྗེ་བཟང་པོའི་གཞན་དབང་གིས×། །སྙིགས་མའི་དུས་འདིར་ངག་གི་དབང་ཕྱུག་ཆེ།×།བློ་བཟང་རྒྱལ་བའི་རིང་ལུགས་པདྨོའི་ཚལ།×།སྣང་བ་མཐའ་ཡས་བློ་བཟང་ཡེ་ ཤེས་སོགས།×།སྙིགས་དུས་ཚ་གཟེར་བརྒྱ་ཕྲག་གིས་མནར་བའི×། །འཇམ་མགོན་སྒྱུ་འཕྲུལ་བློ་བཟང་གྲགས་པ་ཡི།×། བློ་བཟང་རྒྱལ་བ་ཀུན་གྱི་ཐུགས་རྗེའི་དཔལ།×། བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་མཆོག×། རྗེ་བཙུན་བློ་བཟང་འཇམ་དཔལ་སྙིང་པོ་ཡི།×། བློ་བཟང་རྒྱལ་ཀུན་འདུས་པའི་དཔལ་ལྡན་ཞིང༌།×།བློ་བཟང་རྒྱལ་བའི་ཆོས་ཚུལ་བཤད་སྒྲུབ་ཀྱི།×།བློ་ལྡན་སྐལ་བཟང་པད་ཚལ་བཞད་པའི་གཉེན།×།འཇིགས་མེད་སྟོབས་བཅུའི་དབང་ཕྱུག་ཙོང་ཁ་པའི། །དྲི་མེད་ལུགས་བཟང་བཤད་སྒྲུབ་འཕྲིན་ལས་ཀྱིས། །སྤེལ་བའི་ཐུགས་དགོངས་རྒྱ་མཚོ་ལྟར་ཟབ་པ། །རྗེ་བཙུན་བླ་མའི་ཞབས་ལ×།བློ་བཟང་རྒྱལ་བའི་དབང་པོ་ཙོང་ཁ་པའི། །རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ། །མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །སྐྱབས་མཆོག་དམ་པའི་ཞབས་ལ་×། ། རྣམ་དཔྱོད་ཤེས་རབ་གངས་རི་ལས་འོངས་པའི།། ×།།བློ་བཟང་རྒྱལ་བའི་ལུག་རྟོགས་རྒྱལ་སྲིད་ལ།། ×
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn