ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསན་ཡིག་ལས་བཀའ་འགྱུར་གྱི་མདོ་ཕྱོགས་སྐོར་གསན་ཚུལ་ཏེ་ཚན་པ་གཉིས་པ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-11-13 21:12:38     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞད་པ།    ཀློག་ཐེངས།  

144830942193100754.jpg 

           ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་བདག་ཉིད། རྗེ་བཙུན་བླ་མ་དམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ།

གང་གི་མཁྱེན་རབ་རབ་འབྱམས་མཁྱེན་པའི་གཏེར་ལས་ལྷག །ལྷག་པའི་ཐུགས་རྗེ་རྗེ་བཙུན་པད་དཀར་འཛིན་པའི་ཟླ། །ཟླ་མེད་ནུས་མཐུ་མཐུ་སྟོབས་བདག་པོའི་རྗེས་སུ་འགྲོ། །འགྲོ་བའི་བླ་མ་མ་ཧཱ་ཐམས་ཅད་མཁྱེན་པར་འདུད། །མཚན་དཔེའི་དཔལ་འབར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཀུན། །བྱེད་པོ་ལྷན་སྐྱེས་བདེ་སྟོང་རོ་ལ་རྟག་རོལ་པ། །ངེས་པ་ལྔ་ལྡན་རིགས་བརྒྱའི་ཁྱབ་བདག་དང་པོའི་མགོན། །དཔལ་ལྡན་རྡོ་རྗེ་འཆང་ལ་གུས་པས་གསོལ་བ་འདེབས། །གྲགས་ཅན་བསྐལ་བཟང་སྟོབས་བཅུ་མངའ་བ་བརྒྱ་ཕྲག་བཅུའི། །ནང་ནས་པུཎྜ་རི་ཀ་ལྟ་བུར་རབ་བསྔགས་པའི། །མཉམ་མེད་བུ་རམ་ཤིང་པའི་ཞབས་ཀྱི་པདྨོ་ལ། །ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །རྒྱལ་ཚབ་བྱམས་པ་འཇམ་དབྱངས་ཕྱག་ན་རྡོ་རྗེ་དང༌། །རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་གངས་ལྗོངས་འདིར། །བསྟན་པ་རྒྱས་མཛད་ཆོས་རྒྱལ་ལོ་པཎ་ཁྱད་པར་དུ། །ཕུལ་བྱུང་ཞབས་དང་འབྲོམ་སྟོན་སྐུ་མཆེད་གསུམ་སོགས་རྒྱལ། །རྣམ་དག་བསླབ་པ་གསུམ་གྱི་རྩ་བ་རབ་བརྟན་ཞིང༌། །འཆད་རྩོད་རྩོམ་པའི་ཡལ་ག་ལོ་འདབ་རྣམ་པར་རྒྱས། །སྤངས་རྟོགས་ཡོན་ཏན་འབྲས་བུས་རབ་བརྗིད་དཔག་བསམ་ལྗོན། །རྣམ་འདྲེན་གཉིས་པ་བློ་བཟང་གྲགས་པ་ཕྱག་གི་གནས། །དེ་ཡི་རིང་ལུགས་འཛིན་པའི་སྐྱེས་ཆེན་ཇི་སྙེད་དང༌། །མཁན་ཆེན་བློ་བཟང་ཆོས་རྒྱན་རྒྱལ་དབང་ཐམས་ཅད་མཁྱེན། །ཐུབ་གསུང་འགྱུར་རོ་ཅོག་གི་ལུང་རྣམས་འབད་པ་ཡིས། །ལེགས་པར་དར་མཛད་ལྷོ་པ་ཀུན་མཁྱེན་བག་སྟོན་པ། །རྡོ་རྗེ་གདན་པ་བློ་མཆོག་རྡོ་རྗེ་ཆོས་ཀྱི་རྗེ། །བསོད་ནམས་མཆོག་ལྡན་རིན་ཆེན་རྒྱ་མཚོ་དཔལ་བཟང་པོ། །འཇམ་དབྱངས་རྣམ་རྒྱལ་ཁྱད་པར་ཐུབ་གསུང་འགྱུར་ཅོག་གི །་་་་་སྦྱིན་པ་རྒྱ་མཚོར་སྙིང་ནས་འདུད། །དངོས་དང་བརྒྱུད་པའི་ཟབ་དང་རྒྱ་ཆེའི་དམ་པའི་ཆོས། །སྩོལ་མཛད་ཡོངས་འཛིན་རྣམས་ལ་བཏུད་ནས་དེ་དག་གི །བཀའ་དྲིན་དྲན་པའི་སླད་དང་རང་གི་བརྗེད་ཐོའི་ཕྱིར། །ཐོབ་ཡིག་་་་་་འདིར་ནི་བྲི་བར་བྱ། །ཞེས་མཆོད་པར་བརྗོད་པའི་ཚིག་གིས་སྔུན་བསུས་ཏེ་བསྙད་པར་བྱ་བ་ནི། རང་ཅག་རྣམས་ཀྱི་འདྲེན་པ་དམ་པ་གྲགས་ཅན་གྱི་བསྐལ་བ་བཟང་པོ་འདི་ཉིད་ལ་སངས་རྒྱས་སྟོང་འབྱོན་པ་རྣམས་ཀྱི་ནང་ནས། རྣམ་འདྲེན་བཞི་པ་སྙིགས་མ་ལྔ་ཆེས་ཆེར་བདོ་བས་གདུལ་དཀའ་ཞིང༌། སྟོབས་བཅུ་མངའ་བ་གཞན་གྱིས་ཐུགས་ལས་ཆུང་ངུར་བཏང་སྙོམས་སུ་བཞག་པའི་གདུལ་བྱ་རྣམས་འདུལ་བར་ཞལ་གྱིས་བཞེས་པས། ཐབས་མཁས་ཐུགས་རྗེ་སྙིང་སྟོབས་ཆེན་པོའི་དབྱར་གྱི་རྒྱལ་མོའི་རྔ་བོ་ཆེ་སྲིད་རྩེའི་བར་དུ་བརྡུང་བའི་མཉམ་མེད་བུ་རམ་ཤིང་པ་དེ་ཉིད་ཀྱིས་ལེགས་པར་གསུངས་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་ལ། དེ་ལྟ་བུའི་གསུང་རབ་ནི་ལྷ་ཀླུ་མི་དང་དྲི་ཟ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་ཁམས་དང༌། བསམ་པ་དང༌། བག་ལ་ཉལ་པ་ལ་བརྟེན་ནས་དབང་པོ་དང་འཚམས་པར་དྲང་ངེས་ཀྱི་ཆོས་སོ་སོའི་སྐད་དང་མཐུན་པར་སྩལ་བའི་ཚད་ནི། ནམ་མཁའི་ཕ་མཐའ་བཞིན་རྟོགས་པར་དཀའ་བས་ཉན་རང་འཕགས་པ། སྲིད་པ་ཐ་མའི་བྱང་སེམས་རྣམས་ཀྱིས་ཀྱང་འདི་ཙམ་མོ་ཞེས་བཟུང་བར་མི་ནུས་ན། ཚུར་མཐོང་རྣམས་ཀྱི་ཡུལ་ལྟ་ག་ལ་ཞིག །འོན་ཏེ་རྒྱ་མཚོ་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག །ཡུལ་དབུས་འགྱུར་འཆང་སོགས་སུ་འཕགས་པ་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པ་གསུམ་དང༌། རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ་སོགས་སྐྱེས་ཆེན་དུ་མས་འཐོར་བ་བསྡུད་པ་དང༌། འཆད་ཉན་གྱིས་གཏན་ལ་ཕབ་སྟེ་ཐོས་བསམ་བསྒོམ་པའི་ཆུ་བོ་གཅིག་ཏུ་འཁྱིལ་བའི་མ་དྲོས་པའི་མཚོ་ཆེན་པོ་ལས། བསིལ་ལྡན་གྱི་ལྗོངས་ཆེན་པོ་འདིར་མདོ་རྒྱུད་ཆུ་ཀླུང་ཉེ་བར་བབས་ཤིང༌། རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཆོས་རྒྱལ་རྣམ་གསུམ་སོགས་རྒྱལ་བློན་བྱང་ཆུབ་སེམས་དཔའ་དང༌། མཁས་གྲུབ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་དར་རྒྱས་སུ་མཛད་པའི་བཀའ་འགྱུར་རིན་པོ་ཆེ་ལས་ལུང་ཇི་སྙེད་གཅིག་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ཐོར་བཀོད་པ་ལ། ཚལ་པ་བཀའ་འགྱུར་དང༌། རྒྱལ་རྩེ་ཐེམ་སྤངས་མ་སོགས་སུ་ཆོས་ཚན་བཞུགས་ཚུལ་གྱི་གོ་རིམ་མི་མཐུན་ནའང༌། ད་ལམ་རྒྱལ་རྩེ་ཐེམ་སྤངས་མའི་སྟེང་ནས་ལུང་ཐོབ་པས། དེའི་གོ་རིམ་ལྟར་བྲི་བར་བྱའོ། །དེ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཙོ་བོར་སྟོན་པའི་མདོའི་སྐོར་དང༌། འབྲས་བུ་རྡོ་རྗེ་ཐེག་པ་གཙོ་བོར་སྟོན་པའི་རྒྱུད་ཀྱི་སྐོར་གཉིས། དང་པོ་ལ། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་ལས་བྱུང་བ་འདུལ་བ་ལུང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེར་ཕྱོགས། མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལས་བྱུང་བ་དཀོན་མཆོག་བརྩེགས་པ་དང་ཕལ་ཆེན། འཁོར་ལོ་གསུམ་པོ་ཅི་རིགས་པར་གཏོགས་པ་སྡེ་ཚན་ཕྱོགས་གཅིག་ཏུ་བསྒྲིགས་པའི་མདོ་མང་དང་བཞི། དང་པོ་ནི། འདུལ་བ་ལུང་སྡེ་བཞི་ལ་པོ་ཏི་བཅུ་བཞི་ཡོད་པའི་པོ་ཏི་༼ཀ༽པར་ལུང་རྣམ་འབྱེད་ལས་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མ་སྟེ་དགུ་པ་རྫོགས་པ་ཡན་ཆད། ༼ཁ༽པར་རྣམ་པར་འབྱེད་ལས་བསླབ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་དེ་བཅུ་པ་རྫོགས་པ་ཡན་ཆད། ༼ག༽པར་ལུང་རྣམ་འབྱེད་ལས་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དེ་དྲུག་ཅུ་རྩ་ལྔ་པ་རྫོགས་པ་ཡན་ཆད། ༼ང༽པར་ལུང་རྣམ་འབྱེད་ལས་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་པ་ཡན་ཆད་ཀྱིས་འདུལ་བ་ལུང་རྣམ་པར་འབྱེད་པ་དགེ་སློང་ཕའི་རྣམ་འབྱེད་ཤླཽ་ཀ་ཉི་ཁྲི་ལྔ་སྟོང་བམ་པོ་བརྒྱད་ཅུ་རྩ་གསུམ་སོ་སོར་ཐར་པ་དང་བཅས་པ་ཡོངས་སུ་རྫོགས་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ༼ཅ༽པར་ལུང་རྣམ་འབྱེད་ལས་དགེ་སློང་མའི་སོ་སོར་ཐར་པའི་མདོ། ཤོ་ལོ་ཀ་བརྒྱད་བརྒྱ། བམ་པོ་གཉིས་པ་དང༌། ལྟུང་བྱེད་བཅུ་བཞི་པའི་གསུམ་པ་རྫོགས་པ་ཡན་ཆད། ༼ཆ༽པར་དགེ་སློང་མའི་རྣམ་འབྱེད་ཀྱི་འཕྲོས་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་རྫོགས་པ་ཡན་ཆད་ཀྱིས་འདུལ་བ་རྣམ་པར་འབྱེད་པ་དགེ་སློང་མའི་རྣམ་འབྱེད་ཤོ་ལོ་ཀ་བརྒྱད་སྟོང་བཞི་བརྒྱ་དང༌། བམ་པོ་ཉེར་བརྒྱད་པ་སོ་སོར་ཐར་པ་དང་བཅས་པ་ཡོངས་སུ་རྫོགས་པ་དཔལ་གྱི་ལྷུན་པོ་དང༌། དཔལ་བརྩེགས་ཀྱི་འགྱུར། དགེ་སློང་ཕའི་སོ་སོར་ཐར་པའི་མདོ་ཤོ་ལོ་ཀ་བདུན་བརྒྱ་བམ་པོ་གཉིས་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཅོག་གྲུ་ཀླུའི་རྒྱལ་མཚན་གྱི་འགྱུར། འདུལ་བ་ལུང་གཞི་ལ་གཞི་བཅུ་བདུན་ཡོད་པ་ལས་རབ་བྱུང་གི་གཞི་དང་གསོ་སྦྱོང་གི་གཞི་རྫོགས་པ་ཡན་ཆད། ༼ཇ༽པར་ལུང་གཞི་ལས། དགག་དབྱེའི་གཞི། དབྱར་གནས་པའི་གཞི། ཀོ་ལྤགས་ཀྱི་གཞི། སྨན་གྱི་གཞི་ལས་རྒྱལ་པོ་མེ་ལོང་གདོང་གི་ལོ་རྒྱུས་ཡན་ཆད། ༼ཉ༽པར་ལུང་གཞི་ལས་སྨན་གཞིའི་འཕྲོས། རྒྱལ་བུ་ནོར་བཟང་གི་ལོ་རྒྱུས་ནས་སྨན་གྱི་གཞི་རྫོགས་པ་དང༌། གསོ་སྦྱོང་གི་གཞི། སྲ་རྐྱང་གི་གཞི། ཀོའུ་ཤམ་བིའི་གཞི། ལས་ཀྱི་གཞི་ལས་དགེ་སློང་འཆར་ཀས་ཁུ་བ་ཕྱུང་པ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་བཅབས་པ་སྤོ་བ་རྩོལ་བར་གསོལ་པ་ཡན་ཆད། ༼ཏ༽པར་ལུང་གཞི་ལས་དགེ་སློང་འཆར་ཀ་སྤོ་བ་བྱེད་བཞིན་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་སྔ་མ་དང༌འདྲ་བ་བཅབས་པའི་སྐབས་ནས་དམར་སེར་ཅན་གྱི་གཞི་རྫོགས་པ་དང༌། གང་ཟག་གི་གཞི། སྤོ་བའི་གཞི། གསོ་སྦྱོང་བཞག་པའི་གཞི། གནས་མལ་གྱི་གཞི། རྩོད་པ་ཞི་བར་བྱེད་པའི་གཞི། དགེ་འདུན་དབྱེན་གྱི་གཞི་ལས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལོ་དྲུག་ཏུ་མའི་མངལ་དུ་མཆིས་པའི་སྔོན་བྱུང་བ་ཡན་ཆད། ༼ཐ༽པར་ལུང་གཞི་ལས། དགེ་སློང་བཟང་ལྡན་གྱི་སྔོན་བྱུང་བ་ནས། དགེ་འདུན་དབྱེན་གྱི་གཞི་རྫོགས་པས་འདུལ་བ་ལུང་གཞི་ཤོ་ལོ་ཀ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ། བམ་པོ་བརྒྱ་དང་དགུ་ཡོངས་སུ་རྫོགས་པ་ཁ་ཆེའི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་ལ་སོགས་པ་ལས། ལོ་ཙཱ་བ་དཔལ་གྱི་ལྷུན་པོ་དང༌། དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ་དང༌། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བམ་པོ་བཅུ་པ་ཡན་ཆད། ༼ད༽པར་ལུང་ཕྲན་ཚེགས་བམ་པོ་བཅུ་གཅིག་པ་ནས། བམ་པོ་སུམ་ཅུ་རྩ་ལྔ་པ་ཡན་ཆད། ༼ན༽པར་ལུང་ཕྲན་ཚེགས་བམ་པོ་སུམ་ཅུ་རྩ་དྲུག་པ་ནས། བམ་པོ་དྲུག་ཅུ་པ་ཡན་ཆད་ཀྱིས་འདུལ་བ་ལུང་ཕྲན་ཚེགས་སྒོ་བརྒྱད་ཡོངས་སུ་རྫོགས་པ་རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང༌། དྷརྨྨ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་བནྡེ་དཔལ་འབྱོར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང༌། འདུལ་བ་གཞུང་བླ་མ་བམ་པོ་བཞི་པ་ཡན་ཆད། ༼པ༽པར་གཞུང་བླ་མ་བམ་པོ་ལྔ་པ་ནས། བམ་པོ་ཉེར་ལྔ་པ་ཡན་ཆད། ༼ཕ༽པར་གཞུང་བླ་མ་བམ་པོ་ཉེར་དྲུག་པ་ནས། བམ་པོ་ལྔ་བཅུ་རྩ་གསུམ་པ་གཞུང་དམ་པ་ཨུ་པ་ལིས་བྲིས་པ་ཡོངས་སུ་རྫོགས་པ། མཁས་པའི་དབང་ཕྱུག་བུ་སྟོན་ཁ་ཆེས་ཞིབ་ཏུ་གཏན་ལ་ཕབ་པ་རྣམས་ཀྱི་ལུང་ལེགས་པར་ཐོབ་པ་ལས། དགེ་སློང་མའི་སོ་ཐར་གྱི་མདོ་མ་གཏོགས་པའི་ལུང་སྡེ་བཞིའི་བརྒྱུད་པ་ནི། སམྱ་ཀྶཾ་བུདྡྷཿ.....ཡང་དག་པར་རྫོགས་པའི་སངས་རྒྱས། མ་ཧཱ་ཀཱ་ཤེ།.....འོད་སྲུང་ཆེན་པོ། ཨཱ་ནནྡཿ.....ཀུན་དགའ་བོ། ཤ་ན་བསྟྲཾ་བཾ།.....ཤ་ནའི་གོས་ཅན། ཨུ་པ་གུཔྟ།.....ཉེར་སྦས། བྷ་ཝནནྡ།.....སྲིད་དགའ། མེ་ཙ་ཀ.....ནག་པོ་བ། པཱུརྞ།.....གང་པོ། འདི་རྣམས་ནི་དགྲ་བཅོམ་པ་བདུན་ནོ། །ཨཱ་ཙརྱ་ཨ་ཤྭ་གྷོ་ཥ།.....སློབ་དཔོན་རྟ་དབྱངས། ཀུ་མ་ར་ལ་ལཱིཏཿ.....གཞོན་ནུ་རོལ་པ། ཤྲཱི་མ་ཏི།.....བློ་གྲོས་དཔལ། ཧ་རི་བྷ་དྲ།.....འཕྲོག་བྱེད་བཟང་པོ། ཤུ་ར་བ།.....དཔའ་བོ། པ་སུ་མི་ཏྲ།.....ནོར་བ་ཤེས། བ་སུ་ལི།.....དབྱིག་ལེན། འདི་རྣམས་ནི་རྒྱ་གར་གྱི་པཎྜི་ཏ་བདུན་ནོ། །སཾ་གྷ་བྷ་དྲཿ.....དགེ་འདུན་བཟང་པོ། ཨི་ཤྭ་རཿ.....དབང་ཕྱུག།།སྐནྡྷ་ལིཿ.....ཕུང་པོ་ལེན། སཾ་གྷ་བ་སུཿ.....དགེ་འདུན་ནོར། པཱུརྞ་མི་ཏྲཿ.....གང་བའི་བཤེས་གཉེན། དྷརྨཱ་དཏྟཿ.....ཆོས་སྦྱིན། བུདྡྷ་དེ་ཝ།.....སངས་རྒྱས་ལྷ། དྷ་ར་དཏྟཿ.....འཛིན་སྦྱིན། འདི་རྣམས་ནི་ཁ་ཆེའི་སློབ་དཔོན་བརྒྱད་དོ། པུཎྱ་སེ་ནཿ.....བསོད་ནམས་སྡེ། སཾ་གྷ་སེ་ནཿ.....དགེ་འདུན་སྡེ། པུནྱ་ནནྟ།.....བསོད་ནམས་དགའ་བ། ཛྙཱ་ན་ཙནྡྲཿ.....ཡེ་ཤེས་ཟླ་བ། ཛྙཱ་ན་སོ་མཿ.....ཟླ་བ་ཡེ་ཤེས། ཨ་ཤོ་རཀྵིཏཿ.....མྱ་ངན་མེད་འཚོ། སརྦ་རཀྵི་ཏཿ.....ཐམས་ཅད་སྲུངས། དྷརྨ་ཀོ་ཥ།.....ཆོས་ཀྱི་མཛོད། འདི་རྣམས་ཁུ་པེན་གྱི་སློབ་དཔོན་བརྒྱད་དོ། །དྷརྨ་རཀྵིཏཿ .....ཆོས་འཚོ། ཀ་ལྱ་ཎ་རཀྵི་ཏ།.....དགེ་བ་འཚོ། བྲཛྙཱ་རཀྵི་ཏཿ.....ཤེས་རབ་འཚོ། ཤྲཱི་མརྒྒོ་པ་དེ་ཤཿ.....ལམ་ཉེ་བར་སྟོན་པའི་དཔལ། མོཀྵ་རཀྵིཏཿ.....ཐར་པ་འཚོ། ཀ་ལྱཱ་ཎ་རཀྵིཏཿ.....དགེ་ལེགས་འཚོ། བི་ཛི་ན་པྲ་བྷ་ཝཿ.....རྣམ་པར་རྒྱལ་བའི་འོད། ཨ་མྲྀ་ཏ་ཝརྨཿ.....འཆི་མེད་གོ་ཆ། བྲ་བྷཱ་ཀ་ར་སེ་ནཿ.....འོད་ཀྱི་འབྱུང་གནས་སྡེ། ཨ་དི་དྱ་སེ་ནཿ.....ཉི་མའི་སྡེ། མརྒྒོཔ་དེ་ཤཿ.....ལམ་ཉེ་བར་སྟོན་པ། སཾགྷ་སེ་ནཿ.....དགེ་འདུན་སྡེ། ཤཱི་ལ་དཱ་སཿ.....ཚུལ་ཁྲིམས་འབངས། ཡ་ཤཱ་དཱ་སཿ.....སྙན་གྲགས་འབངས། བུདྡྷ་དཱ་སཿ.....སངས་རྒྱས་འབངས། ཤིཀྵ་བྷ་དྲཿ.....བསླབ་པ་བཟང་པོ། གུ་ཎ་སོ་མཿ.....ཡོན་ཏན་ཟླ་བ། ཨ་ཤོ་ཀ་མི་ཏྲཿ.....མྱ་ངན་མེད་པའི་བཤེས་གཉེན། ཤུཀླ་མི་ཏྲཿ.....དཀར་པོའི་བཤེས་གཉེན། ཤཱཀྱ་མི་ཏྲཿ.....ཤཱཀྱ་བཤེས་གཉེན། འདི་རྣམས་ཡུ་གུར་གྱི་སློབ་དཔོན་ཉི་ཤུའོ། །དེ་ནས་ཀ་ཡོལ་གྱི་སློབ་དཔོན་ཤཱི་ལ་མི་ཏྲཿ དེ་ལ་བོད་ཀྱི་དགེ་བའི་བཤེས་གཉེན་དབུས་པ་སངས་རྒྱས་འབུམ། དེ་ལ་འཕགས་པ་རིན་པོ་ཆེ་དང༌། དགའ་ལྡན་པ་བཀྲ་ཤིས་དཔལ་གཉིས་ཀྱིས་གསན། དེ་ལས་སྐྱོར་མོ་ལུང་གི་སློབ་དཔོན་མངོན་པ་ཚུལ་ཁྲིམས་བཤེས་གཉེན། སྐྱོར་མོ་ལུང་གི་སློབ་དཔོན་མཁན་པོ་ཐམས་ཅད་མཁྱེན་པ། དེ་གཉིས་ཀ་ལ་དབེན་གྱི་མཁན་པོ་ཐམས་ཅད་མཁྱེན་པ། དེ་ལས་ཐང་པོ་ཆེའི་འདུལ་བ་འཛིན་པ་དཔལ། མཁན་པོ་རིན་ཆེན་བཟང་པོ། ཁུ་སྟོན་བཀྲ་ཤིས་བཟང་པོ། ཆོས་སྒོ་པ་ཤཱི་ལ་བྷ་དྲ། གུ་རུ་སིདྷའི་མཚན་ཅན། སྤྱན་སྔ་གྲགས་པ་དོན་གྲུབ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་ཀུན་དགའ་རྣམ་རྒྱལ། ཆག་ཆོས་རྗེ། ཏེའུ་ར་པ་རིན་ཆེན་ཆོས་རྒྱལ། ཚོགས་མཁན་ཆེན་ཆོས་གྲུབ་སེངྒེ་། ཆོས་རྗེ་རྣམ་པར་རྒྱལ་བ། མཁན་ཆེན་རིན་ཆེན་ཀུན་ལྡན། དགེ་སློང་རྡོ་རྗེ་གྲགས། བླ་མ་དགེ་འདུན་ལེགས་གྲུབ། བྱམས་པ་ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན། དེ་གཉིས་ཀ་ལ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་འདུལ་འཛིན་བཀའ་འགྱུར་པ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ།

    དགེ་སློང་མའི་སོ་ཐར་གྱི་མདོའི་བརྒྱུད་པ་ནི། དབུས་པ་སངས་རྒྱས་འབུམ་ཡན་བཤད་མ་ཐག་པའི་ལུང་སྡེ་བཞི་དང་འདྲ་ཞིང༌། དེ་ནས་སོ་འཕགས་པ། བླ་མ་རིན་ཆེན་འོད་ཟེར། མཁན་ཆེན་བཟོད་པ་བ། དཔལ་དགའ་ཟུང་པ། བསོད་ནམས་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་བློ་གསལ་བ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། མཁན་ཆེན་འགྲོ་བཟང་སྙིང་པོ། འདུལ་འཛིན་དཔལ་ལྡན་རྒྱལ་མཚན། འབུམ་རམ་པ་རིན་ཆེན་ཆོས་དབང༌། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །གཙུག་ལག་འཕྲེང་བ། དཀོན་མཆོག་ཡན་ལག །གྲགས་པ་དོན་གྲུབ། གནས་ནང་པ་ཀརྨ་དཔལ་གྲུབ། མཁས་གྲུབ་བློ་མཆོག་རྡོ་རྗེ། པདྨ་འཕྲིན་ལས། བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ཆོས་མཛད་རྒྱལ་མཚན་བཟང་པོ། དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ

    གཉིས་པ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལས་བྱུང་བ་ཤེར་ཕྱོགས་ལ། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ལས། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ་ལེའུ་བདུན་བཅུ་རྩ་གསུམ། བམ་པོ་སུམ་བརྒྱ། ཚིགས་སུ་བཅད་པ་འབུམ་ཕྲག་གཅིག་ཡོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ཞེས་ཡོངས་སུ་གྲགས་པ་འདི་ལ་པོ་ཏི་བཅུ་དྲུག་བཞུགས་པའི་གླེགས་བམ། ༼ཀ༽པར་བམ་པོ་དང་པོ་ནས་བཅུ་བདུན་པ་ཡན་དང༌། གླེང་གཞིའི་ལེའུ་དང་པོ་ནས་གསུམ་པའི་སྟོད་ཡན། ༼ཁ༽པར་བམ་པོ་བཅོ་བརྒྱད་པ་ནས། སོ་བདུན་པ་ཡན་དང༌། ལེའུ་གསུམ་པའི་མཇུག་ནས་དྲུག་པའི་སྟོད་ཡན། ༼ག༽པར་བམ་པོ་སོ་བརྒྱད་པ་ནས་ང་དྲུག་པ་ཡན་དང༌། ལེའུ་དྲུག་པའི་མཇུག་ནས་བརྒྱད་པའི་སྟོད་ཡན། ༼ང༽པར་བམ་པོ་ང་བདུན་པ་ནས་དོན་ལྔ་པ་ཡན་དང༌། ལེའུ་བརྒྱད་པའི་སྨད་ནས་བཅུ་གསུམ་པའི་སྟོད་ཡན། ༼ཅ༽པར་བམ་པོ་དོན་དྲུག་པ་ནས་གོ་བཞི་པ་ཡན་དང༌། ལེའུ་བཅུ་གསུམ་པའི་མཇུག་ནས་བཅུ་བཞི་པའི་སྟོད་ཡན། ༼ཆ༽པར་བམ་པོ་དགུ་བཅུ་རྩ་ལྔ་པ་ནས་བརྒྱ་བཅུ་བཞི་པ་ཡན་དང༌། རབ་འབྱོར་གྱི་ལེའུ་བཅུ་བཞི་པའི་མཇུག་ནས་བཅུ་བདུན་པའི་སྟོད་ཡན། ༼ཇ༽པར་བམ་པོ་བརྒྱ་བཅོ་ལྔ་པ་ནས། བརྒྱ་སོ་ལྔ་པ་ཡན་དང༌། ལེའུ་བཅུ་བདུན་པའི་མཇུག་ནས་བརྒྱ་བྱིན་གྱི་ལེའུ་ཉེར་བཞི་པའི་སྟོད་ཡན། ༼ཉ༽པར་བམ་པོ་བརྒྱ་སོ་དྲུག་པ་ནས་བརྒྱ་ང་གསུམ་པ་ཡན་དང༌། ལེའུ་ཉེར་བཞི་པའི་མཇུག་ནས་ཉེར་བདུན་པའི་སྟོད་ཡན། ༼ཏ༽པར་བམ་པོ་བརྒྱ་ང་བཞི་པ་ནས་བརྒྱ་རེ་དགུ་པ་ཡན་དང༌ལེའུ་ཉེར་བདུན་པའི་བར་བཞུགས། ༼ཐ༽པར་བམ་པོ་བརྒྱ་བདུན་ཅུ་པ་ནས་བརྒྱ་གྱ་བརྒྱད་པ་ཡན་དང༌། ལེའུ་ཉེར་བདུན་པའི་མཇུག་དང་ཉེར་བརྒྱད་པའི་སྟོད་ཡན། ༼ད༽པར་བམ་པོ་བརྒྱ་གྱ་དགུ་པ་ནས་ཉིས་བརྒྱ་བདུན་པ་ཡན་དང༌། ལེའུ་ཉེར་བརྒྱད་པའི་སྨད་ནས་སོ་གསུམ་པའི་སྟོད་ཡན། ༼ན༽པར་བམ་པོ་ཉིས་བརྒྱ་བརྒྱད་པ་ནས་ཉིས་བརྒྱ་ཉེར་བདུན་པ་ཡན་དང༌། ལེའུ་སོ་གསུམ་པའི་འཇུག་ནས་སོ་དགུ་པའི་སྟོད་ཡན། ༼པ༽པར་བམ་པོ་ཉིས་བརྒྱ་ཉེར་བརྒྱད་པ་ནས། ཉིས་བརྒྱ་ཞེ་དྲུག་པ་ཡན་དང༌། ལེའུ་སོ་དགུ་པའི་མཇུག་ནས་ཞེ་བརྒྱད་པའི་སྟོད་ཡན། ༼ཕ༽པར་བམ་པོ་ཉིས་བརྒྱ་ཞེ་བདུན་པ་ནས་ཉིས་བརྒྱ་རེ་བཞི་པ་ཡན་དང༌། ལེའུ་ཞེ་བརྒྱད་པའི་མཇུག་ནས། ང་ལྔ་པའི་སྟོད་ཡན། ༼བ༽པར་བམ་པོ་ཉིས་བརྒྱ་རེ་ལྔ་པ་ནས་ཉིས་བརྒྱ་གྱ་གཉིས་པ་ཡན་དང༌། ལེའུ་ང་ལྔ་པའི་མཇུག་ནས་དྲུག་ཅུ་རྩ་ལྔ་པའི་སྟོད་ཡན། ༼མ༽པར་བམ་པོ་ཉིས་བརྒྱ་གྱ་གསུམ་པ་ནས་སུམ་བརྒྱ་ཡན་དང༌། ལེའུ་རེ་ལྔ་པའི་མཇུག་ནས། ཆོས་ཉིད་མི་འགྱུར་བའི་ལེའུ་བདུན་ཅུ་རྩ་གསུམ་པ་ཡན་བཞུགས་པ་ཡོངས་སུ་རྫོགས་པ། འདིའི་འགྱུར་བྱང་ལ། ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་གྱི་སྐུ་རིང་ལ་ལོ་ཙཱ་བ་གླངས་ཁམས་པ་གོ་ཆས་རྒྱ་གར་དུ་བྱོན་ནས་འབུམ་ཐུགས་ལ་བཟུང་སྟེ་བསྒྱུར་བས་ཐུགས་འགྱུར་དུ་གྲགས། དེ་ནས་དབས་མཉྫུ་ཤྲཱི་དང༌། མྱང་ཨིནྡྲ་ཨ་རོ་གཉིས་ཀྱིས་རྒྱ་དཔེ་བླང་ནས་བསྒྱུར་བས་དཔྱད་འབུམ་དུ་གྲགས། ཡང་སླད་ཀྱི་བཻ་རོ་ཙ་ན་རཀྵི་ཏས་རྒྱ་དཔེ་དང་བསྟུན་ནས་ཞུས་ཆེན་མཛད་ནས་བསྒྱུར་བས་པར་ཀབ་མར་གྲགས། ཕྱིས་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་པཎྜི་ཏ་སུ་རེནྟྲ་བོ་དྷི་དང༌། ཤཱཀྱ་བྷ་དྲ་དང༌། ཀ་ཅོག་ཞང་གསུམ་གྱིས་གཏན་ལ་ཕབ་པ། ཕྱིས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་བཅོས་མཛད་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། མཁས་པ་བློ་གྲོས་བརྟན་པ། པཎ་ཆེན་རིག་པའི་ཁུ་བྱུག །འགྲེལ་མཛད་མཆེ་བའི་སྡེ། ཁ་ཆེ་བཟང་པོའི་ཞབས། མར་མེ་མཛད་བཟང་པོ། ཁ་ཆེ་གཾ་གཱ་དྷ་ར། པཎྜི་ཏ་ཀ་ན་ཀ་ཤྲཱི། པཎྜི་ཏ་པུཎྱ་ཤྲཱི་མི་ཏྲ། ཁ་ཆེ་དགོན་པ་བ་སྤྱན་གཅིག །ཁ་ཆེ་དྷརྨ་ཤྲི། བ་རེག་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན། དེ་སྲས་བ་རེག་སྟོན་སྐྱབས། དགེ་བསྙེན་དགའ་བ་རཱ་ཛ། བླ་མ་བཀྲ་ཤིས་རྡོ་རྗེ། བླ་མ་འོད་ཟེར་ཤེས་རབ། སྟག་སྟོན་སྤྱིལ་པུ་བ། བླ་མ་དར་མ་འོད་ཟེར། ཞང་ཆོས་ཀྱི་བླ་མ། སློབ་དཔོན་ཇོ་བཙུན། སློབ་དཔོན་བསམ་གཏན་གྲུབ། འདུལ་འཛིན་སེའུ་བ་བློ་གྲོས་བཟང་པོ། མཉྫུ་གྷོ་ཥ་རཏྣ། འདུལ་འཛིན་སྟན་གཅིག་པ་བློ་གྲོས་བྱང་ཆུབ། སློབ་དཔོན་ཤྲཱི་ལ་བྷ་དྲ། སློབ་དཔོན་བསོད་ནམས་སེངྒེ་། ཚལ་རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཐུ་བཙུན་ཀུན་དགའ་རྒྱལ་པོ། འབུམ་རམ་པ་རིན་ཆེན་ཆོས་དབང༌། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །མང་ཐོས་ཆོས་རྒྱལ་དོན་འགྲུབ། སྤྱན་མངའ་དཀོན་མཆོག་འབངས། དྲུང་པ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷཱི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །སྨན་ལུང་བ་བློ་མཆོག་རྡོ་རྗེ། ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། དྲིན་ཆེན་བླ་མ་ཆོས་རྒྱ་མཚོ། དེས་བདག་འཇམ་དབྱངས་བཞད་པའི་རྡོ་རྗེ་ལའོ། །

    ཡུམ་འབྲིང་པོ་སྐོར་གསུམ་ལས་འབྲིང་གི་རྒྱས་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་གླེགས་བམ་བཞི་ཡོད་པའི། ༼ཀ༽པར་བམ་པོ་དང་པོ་ནས་ཉི་ཤུ་པ་ཡན་ཆད་དང༌། གླེང་གཞིའི་ལེའུ་དང་པོ་ནས་བཅུ་གཅིག་པའི་སྟོད་ཡན། ༼ཁ༽བར་བམ་པོ་ཉེར་གཅིག་ནས་སོ་བརྒྱད་པ་ཡན་དང༌། ལེའུ་བཅུ་གཅིག་པའི་མཇུག་ནས་ཉེར་དྲུག་པའི་སྟོད་ཡན། ༼ག༽པར་བམ་པོ་སོ་དགུ་པ་ནས་ང་བདུན་པ་ཡན་དང༌། ལེའུ་ཉེར་དྲུག་པའི་མཇུག་ནས་ང་གཉིས་པའི་སྟོད་ཡན། ༼ང༽པར་བམ་པོ་ང་བརྒྱད་པ་ནས་དོན་བདུན་པ་ཡན་དང༌། ལེའུ་ང་གཉིས་པའི་མཇུག་ནས་དོན་དྲུག་པ་ཡན་གྱིས་ཡོངས་སུ་རྫོགས་ཤིང་འགྱུར་བྱང་མ་འཁོད་པ། ལེའུ་བདུན་ཅུ་དོན་ལྔ༷། བམ་པོ་བརྒྱད་ཅུ་རྩ་གསུམ་དང་ཤོ་ལོ་ཀ་བརྒྱ་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་བྱམས་པ། སློབ་དཔོན་ཐོགས་མེད། མཁས་པ་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེངྒེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། གུ་ཎ་མི་ཏྲ། རཏྣ་བརླ་ཐ། སློབ་དཔོན་ཤནྟི་པ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྔོག་ལོ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། ཁུ་ཤེས་རབ་བརྩོན་འགྲུས། སློབ་དཔོན་དཀར་ཆུང་རིང་མོ། ཞང་ཡེ་བ་ཆེན་པོ། གཉལ་ཞིག་འཇམ་རྡོར། རྒྱ་ཤེས་རབ་དབང་ཕྱུག །ཆུ་མིག་པ་སེངྒེ་དཔལ། བཤེས་གཉེན་ལྷོ་བྲག་པ། མཁས་པ་དབེན་དགེ་པ། རྒྱུད་བླ་བ་རྡོ་རྗེ་རིན་ཆེན། མཐར་རྩའི་སློབ་དཔོན། ཆོས་སྒོ་བ་ཚུལ་ཁྲིམས་བཟང༌པོ། རྗེ་བསོད་ནམས་སེངྒེ་། ཚལ་རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྗེ་རིན་ཆེན་ཟླ་བ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་མན་སྟོང་ཕྲག་བརྒྱ་པ་དང་འདྲ།

    འབྲིང་གི་འབྲིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ། ལེའུ་བརྒྱད་ཅུ་གཉིས་པ་ལ་གླེགས་བམ་གསུམ་ཡོད་པའི། ༼ཀ༽པར་བམ་པོ་དང་པོ་ནས་བཅུ་དགུ་པ་ཡན་དང༌། ལེའུ་དང་པོ་ནས་ཉེར་བཞི་པའི་སྟོད་ཡན། ༼ཁ༽པར་བམ་པོ་ཉི་ཤུ་པ་ནས་བཞི་བཅུ་པ་ཡན་དང༌། ལེའུ་ཉེར་བཞི་བའི་སྨད་ནས་ང་ལྔ་པ་ཡན། ༼ག༽པར་བམ་པོ་ཞེ་གཅིག་པ་ནས་ང་དགུ་པ་ཡན་དང༌། ལེའུ་ང་དྲུག་པ་ནས་གྱ་བདུན་པས་ཡོངས་སུ་རྫོགས་པ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། སུ་རེནྟྲ་བོ་དྷི་དང༌། ལོ་ཙཱ་བ་བཎྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཤཱནྟི་པ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཛྙཱ་ན་ཀཱིརྟི། རོང་ཟོམ་ཆོས་བཟང༌། མངའ་རིས་པ་ཚུལ་དབང་ཤེས་རབ། ལ་སྟོད་པ་དབང་རིན། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན་པ་ཆེན་པོ། འཇང་ར་སྔ་བ་ཤེས་རབ་མཚོ། བླ་མ་དར་མ་འོད། བླ་མ་བློ་གྲོས་རྒྱལ་མཚན། མཁས་པ་བྱང་ཆུབ་འབུམ། མཚོ་དཀར་བ་ཁམས་བྱང་རྒྱལ། བླ་མ་ཡར་ཀླུངས་པ་བསོད་ནམས་ཤེས་རབ། མཐར་རྩའི་བླ་མ་གཞོན་ནུ་དར། རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ་ནས་དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ་ཡན་ཡུམ་རྒྱས་པ་དང་འདྲ།

    འབྲིང་གི་བསྡུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་བམ་པོ་སུམ་ཅུ་དང༌། ཤོ་ལོ་ཀ་བརྒྱ། ལེའུ་སུམ་ཅུ་སོ་གསུམ་པ་པཎྜི་ཏ་ཛི་ན་མི་ཏྲ། པྲ་ཛྙཱ་ཝརྨ། ལོ་ཙཱ་བ་ཡེ་ཤེས་སྡེ་གསུམ་གྱིས་བསྒྱུར་བ་ལ་གླེགས་བམ་གཉིས་ཡོད་པའི། ༼ཀ༽པར་བམ་པོ་དང་པོ་ནས་བཅོ་བརྒྱད་པ་ཡན་དང༌། ལེའུ་དང་པོ་ནས་བཅོ་བརྒྱད་པ་ཡན། ༼ཁ༽པར་བམ་པོ་བཅུ་དགུ་པ་ནས་སོ་གསུམ་པ་ཡན་དང༌། ལེའུ་བཅུ་དགུ་པ་ནས། མཇུག་བསྡུས་པའི་ལེའུ་སོ་གསུམ་པས་ཡོངས་སུ་རྫོགས་པ་བཞུགས་པ་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་སེངྒེ་བཟང་པོ་ཡན་ཉི་ཁྲི་ལྟར་ལ། དེ་ནས་ཀུ་ས་ལི་ཆེ་ཆུང༌། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ནམ་མཁའ་གོ་ཆ། ཆག་དབང་ཕྱུག་རྒྱལ་མཚན། ལ་སྟོད་པ་དཀོན་མཆོག་འབར། བླ་མ་བཀྲ་ཤིས་རྡོ་རྗེ། སྤོང་ཁྲོད་འདུལ་འཛིན། རྟ་ནག་པ་སྒོམ་ཤེ།བླ་མ་དར་མ་འོད་ཟེར་མན་ཁྲི་བརྒྱད་སྟོང་པ་དང་གཅིག་གོ །

    ཡུམ་བསྡུས་པ། ༼ཀ༽པར་འཕགས་པ་བརྒྱད་སྟོང་པ་ཕྲེང་བ་ཅན་བམ་པོ་ཉི་ཤུ་རྩ་བཞི་ལེའུ་སུམ་ཅུ་སོ་གཉིས་པཎྜི་ཏ་ཤཱཀྱ་སེ་ན་དང༌། ཛྙཱ་ན་སིདྡྷི། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལས་བསྒྱུར་བ་ལས། སླད་ཀྱི་པཎྜི་ཏ་སུ་བྷ་ཥི་ཏ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར། ཡང་དཔལ་མར་མེ་མཛད་དང༌། ལོ་ཆེན་རིན་བཟང་གིས་ཡུལ་དབུས་ཀྱི་འགྲེལ་བ་ལ་གཏུགས་ནས་བཅོས་ཤིང༌། སྐྱི་ཤོད་སྙེ་ཐང་ན་མོ་ཆེར་ཇོ་འབྲོམ་ཡབ་སྲས་ཀྱིས་བརྒྱད་སྟོང་པ་གསུངས་པའི་ཚེ་ཆེ་ལོང་ཞིག་གཏན་ལ་ཕབ། སླར་ཡང་བྱང་ར་སྒྲེང་དུ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་དཔེ་གསུམ་ལ་གཏུགས་ནས་ལན་གཉིས་སུ་ཞུས་དག་ཅིང༌། དེ་རྗེས་རྔོག་ལོ་ཆེན་པོས་ཁ་ཆེའི་དཔེ་དང༌། ཡུལ་དབུས་ཀྱི་རྒྱ་དཔེ་དུ་མ་བསགས་ནས་ཞུས་ཆེན་དུ་མཛད་པ། སླར་ཡང་ཞ་ལུ་ལོ་ཆེན་གྱིས་ཞུས་དག་པར་མཛད་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྒྱལ་བ་བྱམས་པ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད། སེངྒེ་བཟང་པོ། ཡོན་ཏན་བཤེས་གཉེན། རིན་པོ་ཆེའི་རི་བོ། པཎྜི་ཏ་ཟླ་བ་བཟང་པོ། པཎ་ཆེན་འབུམ་ཕྲག་གསུམ་པ། རྔོག་ལོ། འབྲེ་ཤེས་རབ་འབར། བྱང་ཆུབ་ཡེ་ཤེས། ཤེས་རབ་བརྩོན་འགྲུས། དཀར་ཆུང་རིང་མོ། ཞང་ཡེ་བ། གཉལ་ཞིག །ཤེས་རབ་དབང་ཕྱུག །ཆུ་མིག་པ། ལྷོ་བྲག་པ། དབེན་དགེ་བ། རྡོ་རྗེ་རིན་ཆེན། མཐར་རྩའི་སློབ་དཔོན། ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། བསོད་ནམས་སེངྒེ་། རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། བླ་མ་ཚེ་དབང་ཀུན་མཁྱེན། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། དཔལ་འབྱོར་གླིང་པ། ངག་དབང་རྣམ་རྒྱལ། བསོད་ནམས་མཆོག་ལྡན། བློ་མཆོག་རྡོ་རྗེ། རྗེ་བཙུན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། ཆོས་རྗེ་བྱམས་པ་རིན་ཆེན། སློབ་དཔོན་བློ་བཟང་འཕྲིན་ལས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ཡང་ན་སྤང༷་ཤོད་ཆོས་རྗེ་རིན་ཆེན་རྒྱ་མཚོ། དེ་ཡན་གྱི་བརྒྱུད་པ་མ་བྱུང༌། དེ་ནས་དཀོན་མཆོག་ཆོས་འཕེལ། རྒྱལ་དབང་མཆོག་མན་འདྲ།

    ཤེར་ཕྱིན་སྣ་ཚོགས་པོ་ཏི། ༼ཀ༽པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ར༷བ་ཀྱི་རྣམ་པར་གནོན་པས་ཞུས་པ་བམ་པོ་བདུན་དང་ཤོ་ལོ་ཀ་དྲུག་ཅུ། ཤཱི་ལེནྡྲ་བོ་དྷི་དང༌། ཛི་ན་མི་ཏྲ། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གསར་བཅད་ཀྱིས་བཅོས་པ། ཤེེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བདུན་བརྒྱ་པ་བམ་པོ་གཉིས། སྐད་གསར་བཅད་ཀྱིས་བཅོས་པ་འགྱུར་གོང་འདྲ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་སྐད་གསར་བཅད་ཀྱིས་བཅོས་འགྱུར་གོང་འདྲ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོན་ཏན་རིན་པོ་ཆེ་བསྡུད་པ་བམ་པོ་གཅིག་པ་དཔལ་བརྩེགས་ཀྱི་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པའམ་རྡོ་རྗེ་གཅོད་པ་སྐད་གསར་བཅད་ཀྱིས་བཅོས་པ། ཤྲཱི་ལེནྡྲ་བོ་དྷི་དང་ཡེ་ཤེས་སྡེའི་འགྱུར། ཤེར་ཕྱིན་ཚུལ་བརྒྱ་ལྔ་བཅུ་པ། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ། ཤེར་ཕྱིན་ལྔ་བཅུ་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཤེར་ཕྱིན་ཀཽའུ་ཤི་ཀ། །ཤེར་ཕྱིན་ཡི་གེ་ཉུང་ངུ༌། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྣམས་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། རྣམ་སྣང་མཛད་བཟང་པོ། སེངྒེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས། གུརྞ་མི་ཏྲ། རཏྣ་པརྦ་ཐཱ། སློབ་དཔོན་ཤཱནྟི་པ། ཛྙཱ་ན་ཤྲཱི། སུ་མ་ཏི་ཀིརྟི། སྨྲི་ཏི་ཛྙཱ་ན་ཀིརྟི། ཏིང་འཛིན་བཟང་པོ། ལྷོ་བ་ཐམས་ཅད་མཁྱེན་པ། བླ་མ་གྲགས་པ་ཡེ་ཤེས། སྤྱིལ་བུ་བ་འོད་ཤེ །བླ་མ་དར་མ་འོད་ཟེར། བླ་ཞིག་བྱང་ཆུབ་རྡོ་རྗེ། བླ་མ་ཡེ་ཤེས་མགོན་པོ། བླ་མ་སེངྒེ་རྒྱལ་མཚན། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེདྒེ་། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཆེན་པོ། ཐུགས་སྲས་ཀུན་དགའ་རྒྱལ་པོ། མཁས་དབང་རིན་ཆེན་ཆོས་དབང༌། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་པ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷི་ཚ་སྤྲུལ་སྐུ། སྨན་ལུང་བ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། མདོ་སྡུད་པ་དང༌། ཤེར་སྙིང་གཉིས་བློ་མཆོག་ནས། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ

    གསུམ་པ་མཐའ་མ་ལགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལས་བྱུང་བ་སངས་རྒྱས་ཕལ་པོ་ཆེ་དང༌། འཕགས་པ་དཀོན་མཆོག་བརྩེགས་པ་གཉིས་ལས། དང་པོ་སྙན་གྱི་གོང་རྒྱན་ནམ། རྨག་ཆད་དམ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་འདི་ལ་གླེགས་བམ་དྲུག་བཞུགས་པའི།

༼ཀ༽པར་ལེའུ་དང་པོ་འཇིག་རྟེན་གྱི་དབང་པོ་རབ་ཏུ་བྱུང་བ། གཉིས་པ་དེ་བཞིན་གཤེགས་པའི་ལེའུ། གསུམ་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་རྣམ་འཕྲུལ་རབ་ཏུ་བྱུང་པའི་ལེའུ། བཞི་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་ཏུ་སྟོན་པའི་ཕྱོགས་གསལ་བར་བྱ་བ་ཡང་དག་པར་སྒྲུབ་པའི་ལེའུ། ལྔ་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པར་སྣང་བའི་ལེའུ། དྲུག་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་འཁོར་ཡུག་བསྟན་པའི་ལེའུ། བདུན་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ས་གཞིའི་རྒྱན་ཤིན་ཏུ་བསྟན་པའི་ལེའུ། བརྒྱད་པ་ཞིང་གི་རྒྱུད་ཤིན་ཏུ་བསྟན་པའི་ལེའུ། དགུ་པ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་བཀོད་པ་ཤིན་ཏུ་བསྟན་པའི་ལེའུ། བཅུ་པ་རྣམ་པར་སྣང་མཛད་ཀྱི་ལེའུ། བཅུ་གཅིག་པ་དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུ། བཅུ་གཉིས་པ་སངས་རྒྱས་ཀྱི་མཚན་ཤིན་ཏུ་བསྟན་པའི་ལེའུ། བཅུ་གསུམ་པ་འཕགས་པའི་བདེན་པ་བསྟན་པའི་ལེའུ། བཅུ་བཞི་པ་དེ་བཞིན་གཤེགས་པའི་འོད་ཟེར་ལས་རྣམ་པར་སངས་རྒྱས་པའི་ལེའུ། བཅོ་ལྔ་པ་བྱང་ཆུབ་སེམས་དཔའ་དྲིས་པའི་སྣང་བའི་ལེའུ། བཅུ་དྲུག་པ་སྤྱོད་ཡུལ་ཡོངས་སུ་དག་པའི་ལེའུ། བཅུ་བདུན་པ་བཟང་པོའི་དཔལ་གྱི་ལེའུ། བཅོ་བརྒྱད་པ་དེ་བཞིན་གཤེགས་པ་རི་རབ་ཀྱི་རྩེར་གཤེགས་པའི་ལེའུ། བཅུ་དགུ་པ་རི་རབ་ཀྱི་རྩེར་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་བ་དང༌། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཚིགས་སུ་བཅད་པའི་ལེའུ། ཉི་ཤུ་པ་བྱང་ཆུབ་སེམས་པའི་རྣམ་པར་དཀོད་པ་བཅུ་བསྟན་པའི་ལེའུ་རྣམས། ༼ཁ༽པར་ཉེར་གཅིག་པ་ཚངས་པར་སྤྱོད་པའི་ལེའུ། ཉེར་གཉིས་པ་བྱང་ཆུབ་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོའི་དཔེ་ཡང་དག་པར་བསགས་པ་ཚིགས་སུ་བཅད་པའི་ལེའུ། ཉེར་གསུམ་པ་ཆོས་སྣང་བའི་ལེའུ། ཉེར་བཞི་པ་རབ་མཚེ་མའི་གནས་ན་རྣམ་པར་འཕྲུལ་བའི་ལེའུ། ཉེར་ལྔ་པ་མཚེ་མའི་གནས་སུ་བྱང་ཆུབ་སེམས་དཔའ་འདུས་པས་ཚིགས་སུ་བཅད་པ་བསྟན་པའི་ལེའུ། ཉེར་དྲུག་པ་ཡོན་ཏན་གྱི་མེ་ཏོག་ཤིན་ཏུ་བསགས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ལེའུ། ཉེར་བདུན་པ་གཏེར་མི་ཟད་པ་བཅུ་བསྟན་པའི་ལེའུ། ཉེར་བརྒྱད་པ་དེ་བཞིན་གཤེགས་པ་བཞུད་པ་དང་གཤེགས་པ་དང་བཞུགས་པའི་རྒྱན་ཞེས་བྱ་བའི་ལེའུ། ཉེར་དགུ་པ་དགའ་ལྡན་གནས་སུ་སེམས་དཔའ་འདུལ་བའི་ཚིགས་སུ་བཅད་པ་བསྟན་པའི་ལེའུ། སུམ་ཅུ་པ་རྡོ་རྗེ་རྒྱལ་མཚན་གྱིས་བསྔོ་བའི་ལེའུའི་སྟོད་རྣམས། ༼ག༽པར་རྡོ་རྗེ་རྒྱལ་མཚན་གྱི་ལེའུའི༷་འཕྲོས་དང་། སུམ་ཅུ་རྩ་གཅིག་པ་ས་བཅུའི་ལེའུ། སུམ་ཅུ་རྩ་གཉིས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ། སུམ་ཅུ་རྩ་གསུམ་པ་ཏིང་ངེ་འཛིན་བཅུའི་ལེའུ། སུམ་ཅུ་རྩ་བཞི་པ་མངོར་པར་ཤེས་པའི་ལེའུ། སུམ་ཅུ་རྩ་ལྔ་པ་བཟོད་པའི་ལེའུ། སུམ་ཅུ་རྩ་དྲུག་པ་སེམས་ཀྱི་རྒྱལ་པོས་དྲིས་ནས་གྲངས་ལ་འཇུག་པ་བསྟན་པའི་ལེའུ། སུམ་ཅུ་རྩ་བདུན་པ་ཚེའི་ཚད་ཀྱི་ལེའུ། སུམ་ཅུ་རྩ་བརྒྱད་པ་བྱང་ཆུབ་སེམས་དཔའི་གནས་བསྟན་པའི་ལེའུ་རྣམས། ༼ང༽པར་སུམ་ཅུ་རྩ་དགུ་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ། བཞི་བཅུ་པ་དེ་བཞིན་གཤེགས་པའི་མཚན་རྒྱ་མཚོ་བསྟན་པའི་ལེའུ། ཞེ་གཅིག་པ་དཔེ་བྱད་བཟང་པོའི་འོད་ཟེར་བསྟན་པའི་ལེའུ། ཞེ་གཉིས་པ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ། ཞེ་གསུམ་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བའི་ལེའུ། ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུའི་སྟོད་རྣམས།

   ༼ཅ༽པར་འཇིག་རྟེན་ལས་འདས་པའི་ལེའུའི་འཕྲོས་དང༌། ཞེ་ལྔ་པ་སྡོང་པོས་བརྒྱན་པའི་ལེའུ་ལས་བམ་པོ་བརྒྱད་ཅུ་རྩ་དྲུག་པ་ནས་བམ་པོ་བརྒྱ་ཐམ་པ་ཡན་ཆད། ༼ཆ༽པར་སྡོང་པོས་བརྒྱན་པའི་ལེའུ་ལས་གོང་གི་འཕྲོས་བམ་པོ་བརྒྱ་དང་གཅིག་པ་ནས། བམ་པོ་བརྒྱ་དང་བཅོ་ལྔ་པ། ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་རྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་སྤྱོད་པ་ཕྱོགས་གཅིག་པ་སྟེ་ཇི་སྙེད་པ་བམ་པོ་བརྒྱ་དང་བཅོ་ལྔ། ལེའུ་བཞི་བཅུ་རྩ་ལྔ། ཤོ་ལོ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་བཞུགས་པ་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལེགས་པར་ཐོབ་པའི་རྒྱ་གར་ནས་འགྱུར་བའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། མགོན་པོ་ཀླུ་སྒྲུབ། ཨཱ་རྱ་དེ་ཝ། འཇམ་དཔལ་གྲགས་པ། དྷརྨ་རཀྵི་ཏ། སཽ་རི་པ། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། རྗེ་བཙུན་ས་སྐྱ་བ་ཆེན་པོ། སུམ་པ་ལོ་ཙཱ་བ། ལྷོ་པ་ཁྱུང་སྟོན། གཙང་པ་སྟོན་གྲགས། གཡོར་པོ་སྦུག་སྟོན། ཉང་བསོད་ནམས་དབང་པོ། ཇོ་སྟན་ཟས་གཙང༌། ཤངས་པ་སྒང་གི་སློབ་དཔོན་གྲགས་སེང༌། སྟག་རྨེ་རུའི་ཞད་ཀུན་དགའ་འབུམ། ཕག་ཁུར་བ་དཀོན་མཆོག་བླ་མ། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྦུ་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཐར་རྩའི་མཁན་ཆེན་གྲགས་པ་རྡོ་རྗེ། ཚལ་རིན་པོ་ཆེ་གྲགས་དོན་པ། དགྲ་བཅོམ་པ་རིན་ཆེན་གྲགས་པ། བླ་མ་ཤཱཀྱ་རྒྱལ་མཚན། མཁས་གྲུབ་རྡོ་རྗེ་གདན་པ། ཆེན་པོ་བློ་གྲོས་རྒྱལ་མཚན། མཁས་དབང་རིན་ཆེན་ཆོས་དབང༌། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་བ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག །སྨན་ལུང་པ་བློ་གྲོས་མཆོག་གི་སྡེ། བསོད་ནམས་མཆོག་ལྡན། མཁས་གྲུབ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ།

    རྒྱ་ནག་ནས་འགྱུར་བ་ལུགས་ཀྱི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། དེ་ལ་པཎ་ཆེན་བྱང་ཆུབ་བཟང་པོ་དང༌། དགའ་བ་གཉིས་ཀྱིས་ཞུས། དེ་གཉིས་ཀས་རྒྱ་ནག་ཏུ་འགྱུར་མཛད། དེ་ནས་ཧྭ་ཤང་ཐུ་ཐུ་ཤུན། ཁྱིམ་བཙུན་ཇ། ཏེན་ཞི་དུ་གོ་ཞི། ཚིང་ལང་གོ་ཞི། གྱི་ཧུད། ཧའི་ཧྲི་ཐའི། གྱི་ཇུ། སོ་ཆེན་གྱིན། སིང་གསང༌། གྱིང་ཇུ། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བླ་མ་བསོད་ནམས་སེངྒེ་། གར་ཐིག་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་པ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་རྡོར་བ། ཚལ་རིན་པོ་ཆེ་གྲགས་དོན་པ། དགྲ་བཅོམ་པ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། མཁས་གྲུབ་རྡོ་རྗེ་གདན་པ། ཆེན་པོ་བློ་གྲོས་པ་མན་གོང་དང༌འདྲའོ། །

    བཟང་སྤྱོད་ཀྱི་བརྒྱུད་པ་གཅིག་ནི། སངས་རྒྱས། ཀུན་དགའ་བོ། ཀྲིཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། ཤཱནྟི་པ། རྡོ་རྗེ་གདན་པ་གསུམ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང༌། དཔྱལ་པདྨ་ཅན། གཞོན་ནུ་ཡེ་ཤེས། རོང་པ་ཤེར་སེང༌། བག་སྟོན་པ། བླ་མ་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱལ། ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། ཚལ་གྲགས་དོན་པ། རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། ཀུན་མཁྱེན་རྡོ་རྗེ་གདན་པ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རམ་པ། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །དཔའ་བོ་ཆོས་རྒྱལ་དོན་འགྲུབ། སྤྱན་སྔ་དཀོན་མཆོག་ཡན་ལག །དྲུང་པ་གྲགས་དོན་པ། བླ་མ་ཚོགས་གཉིས་དཔལ་གྲུབ། སྨན་ལུང་པ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། རྗེ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ།

    གཉིས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་རྩ་དགུ་བོད་དུ་འགྱུར་པ་ལ་གླེགས་བམ་དྲུག་བཞུགས་པའི། ༼ཀ༽པར་དུམ་བུ་དང་པོ་སྡོམ་པ་གསུམ་བསྟན་པའི་མདོ་བམ་པོ་གསུམ་པ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་དྷི་དང༌། ཡེ་ཤེས་སྡེའི་འགྱུར། གཉིས་པ་སྒོ་མཐའ་ཡས་པ་རྣམ་པར་སྦྱོང་བའི་མདོ་བམ་པོ་བཞི་པ། དཔལ་བརྩེགས་ཀྱི་འགྱུར། གསུམ་པ་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་བམ་པོ་བཅུ་ཤོ་ལོ་ཀ་ཉིས་བརྒྱ། ལེའུ་ཉི་ཤུ་རྩ་ལྔ་པ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། མུ་ནི་ཝརྨ། ཡེ་ཤེས་སྡེའི་འགྱུར། བཞི་པ་རྨི་ལམ་བསྟན་པའི་མདོ་བམ་པོ་གསུམ་དང༌། ཤོ་ལོ་ཀ་བརྒྱ་པ། ལྔ་པ་འོད་དཔག་མེད་ཀྱི་ཞིང་བཀོད་བསྟན་པའི་མདོ་བམ་པོ་གསུམ་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེའི་འགྱུར། ༼ཁ༽པར་དྲུག་པ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་ཞིང་གི་བཀོད་པའི་མདོ་བམ་པོ་ལྔ་པ། ཛི་ན་མི་ཏྲ། སུ་རེནྡྲ་བོ་དྷི། ཡེ་ཤེས་སྡེའི་འགྱུར། བདུན་པ་གོ་ཆའི་བཀོད་པ་བསྟན་པའི་མདོ་བམ་པོ་ལྔ་འགོས་ཆོས་གྲུབ་ཀྱི་འགྱུར། བརྒྱད་པ་ཆོས་ཀྱི་དབྱིངས་རང་བཞིན་མེད་པར་བསྟན་པའི་མདོ་བམ་པོ་གཉིས་ཡེ་ཤེས་སྡེའི་འགྱུར། དགུ་པ་ཆོས་བཅུ་པའི་མདོ་བམ་པོ་གཉིས་ཡེ་ཤེས་སྡེའི་འགྱུར། བཅུ་པ་ཀུན་ནས་སྒོའི་མདོ་བམ་པོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། བཅུ་གཅིག་པ་འོད་ཟེར་སྒྲུབ་པའམ་འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པའི་མདོ་བམ་པོ་ལྔ་ཡེ་ཤེས་སྡེའི་འགྱུར་རྣམས། ༼ག༽པར་བཅུ་གཉིས་པ་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་བསྟན་པའི་མདོ་བམ་པོ་ཉི་ཤུ། ལེའུ་བཅུ་གཉིས་སྐད་གསར་བཅད་ཀྱིས་བཅོས་པ་ཞུང་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། བཅུ་གསུམ་པ་དགའ་པོ་མངལ་དུ་འཇུག་པ་བསྟན་པའི་མདོ་བམ་པོ་གཅིག་འགོས་ཆོས་གྲུབ་ཀྱི་འགྱུར། བཅུ་བཞི་པ་དགའ་བོ་མངལ་ན་གནས་པ་བསྟན་པའི་མདོ་བམ་པོ་གཉིས་རྣམས། ༼ང༽པར་བཅོ་ལྔ་པ་འཕགས་པ་འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པའི་མདོ་བམ་པོ་བཞི་ཡེ་ཤེས་སྡེའི་འགྱུར། བཅུ་དྲུག་པ་ཡབ་སྲས་མཇལ་བ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་བམ་པོ་བཅོ་ལྔ་ཡེ་ཤེས་སྡེའི་འགྱུར། བཅུ་བདུན་པ་གང་པོས་ཞུས་པའི་མདོ་བམ་པོ་དྲུག་ལེའུ་བརྒྱད། བཅོ་བརྒྱད་པ་ཡུལ་སྐྱོང་གིས་ཞུས་པའི་མདོ་བམ་པོ་གསུམ་དང་ཤོ་ལོ་ཀ་བརྒྱ་ཡེ་ཤེས་སྡེའི་འགྱུར་རྣམས། ༼ཅ༽པར་བཅུ་དགུ་པ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། ཉི་ཤུ་པ་ཀློག་ཐོབ་ཀྱིས་ཞུས་པའི་མདོ་བམ་པོ་གཉིས་པ། ཉེར་གཅིག་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པའི་མདོ་བམ་པོ་གཅིག་དང་ཤོ་ལོ་ཀ་བརྒྱད་ཅུ་རྩ་གསུམ་ཡེ་ཤེས་སྡེའི་འགྱུར། ཉེར་གཉིས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་བམ་པོ་གསུམ། ཉེར་གསུམ་པ་འཕགས་པ་བྱམས་པ་སེངྒེའི་སྒྲ་སྒྲོག་པའི་མདོ་བམ་པོ་བཞི། ཉེར་བཞི་པ་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པའི་མདོ་བམ་པོ་གཉིས། ཉེར་ལྔ་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་བམ་པོ་གཉིས་ཡེ་ཤེས་སྡེའི་འགྱུར། ཉེར་དྲུག་པ་ལག་བཟང་གིས་ཞུས་པའི་མདོ་བམ་པོ་གཉིས་དང༌། ཤོ་ལོ་ཀ་བརྒྱ་ཉེར་བརྒྱད་ཡེ་ཤེས་སྡེའི་འགྱུར། ཉེར་བདུན་པ་འཕགས་པ་དེས་པས་ཞུས་པའི་མདོ་བམ་པོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། ཉེར་བརྒྱད་པ་བྱང་ཆུབ་སེམས་དཔའ་དཔལ་སྦྱིན་གྱིས་ཞུས་པའི་མདོ་བམ་པོ་གཅིག་པ་འགྱུར་གོང་འདྲ། ཉེར་དགུ་པ་པད་སའི་རྒྱལ་པོ་འཆར་བྱེད་ཀྱིས་ཞུས་པའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་བ་འགྱུར་གོང་འདྲ། སུམ་ཅུ་པ་བུ་མོ་བློ་གྲོས་བཟང་མོས་ཞུས་པའི་མདོ་བམ་པོ་ཕྱེད་པ་འགྱུར་བྱང་གོང་འདྲ། སོ་གཅིག་པ་བུ་མོ་གང་གཱའི་མཆོག་གིས་ཞུས་པའི་མདོ་ཤོ་ལོ་ཀ་བརྒྱ་དང་བཅུ་ཐམ་པ་ཡེ་ཤེས་སྡེའི་འགྱུར། སོ་གཉིས་པ་མྱ་ངན་མེད་ཀྱི་སྦྱིན་པ་ལུང་བསྟན་པའི་མདོ་བམ་པོ་གཅིག་ཤོ་ལོ་ཀ་སུམ་བརྒྱ་པ་ཛི་ན་མི་ཏྲ་དང༌། ཡེ་ཤེས་སྡེའི་འགྱུར། སོ་གསུམ་པ་དྲི་མ་མེད་ཀྱི་སྦྱིན་པ་ལུང་བསྟན་པའི་མདོ་བམ་པོ་གཉིས་ཤོ་ལོ་ཀ་བརྒྱ་ལྔ་བཅུ་པ་ཡེ་ཤེས་སྡེའི་འགྱུར། སོ་བཞི་པ་ཡོན་ཏན་རིན་པོ་ཆེ་མེ་ཏོག་ཀུན་ནས་རྒྱས་པའི་མདོ་ཤོ་ལོ་ཀ་བརྒྱ་དང་བཞི་བཅུ་པ་ཡེ་ཤེས་སྡེའི་འགྱུར། སོ་ལྔ་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་བམ་པོ་གཉིས་ཤོ་ལོ་ཀ་དྲུག་བརྒྱ་ཡེ་ཤེས་སྡེའི་འགྱུར་རྣམས། ༼ཆ༽པར་སོ་དྲུག་པ་ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་བམ་པོ་བཞི་པ་ཀླུའི་རྒྱལ་མཚན་གྱི་འགྱུར། སོ་བདུན་པ་སེང་གེས་ཞུས་པའི་མདོ་ཤོ་ལོ་ཀ་དྲུག་ཅུ་པ་ཡེ་ཤེས་སྡེའི་འགྱུར། སོ་བརྒྱད་པ་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པའི་མདོ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་ཞུས་པ་བམ་པོ་བཞི་ཡེ་ཤེས་སྡེའི་འགྱུར། སོ་དགུ་པ་ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་མདོ་བམ་པོ་གཉིས་པ་ཡེ་ཤེས་སྡེའི་འགྱུར། བཞི་བཅུ་པ་བུ་མོ་རྣམ་དག་དང་བས་ཞུས་པའི་མདོ་བམ་པོ་གཅིག་པ། ཞེ་གཅིག་པ་འཕགས་པ་བྱམས་པས་ཞུས་པའི་མདོ་བམ་པོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། ཞེ་གཉིས་པ་བྱམས་པས་ཞུས་པ་ཆོས་བརྒྱད་པའི་མདོ་བམ་པོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། ཞེ་གསུམ་པ་འཕགས་པ་འོད་སྲུང་གིས་ཞུས་པའི་མདོ་བམ་པོ་གསུམ་པ་ཡེ་ཤེས་སྡེའི་འགྱུར། ཞེ་བཞི་པ་རིན་པོ་ཆེའི་ཕུང་པོ་ལུང་བསྟན་པའི་མདོ་བམ་པོ་གཉིས་པ་ཤོ་ལོ་ཀ་དྲུག་བརྒྱ་དང་བདུན་ཅུ་ཐམ་པ་ཡེ་ཤེས་སྡེའི་འགྱུར། ཞེ་ལྔ་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ཤོ་ལོ་ཀ་ཉིས་བརྒྱ། ཞེ་དྲུག་པ་འཕགས་པ་འཇམ་དཔལ་གྱིས་ཞུས་པ་ཤེར་ཕྱིན་བདུན་བརྒྱ་པ་བམ་པོ་གཅི༷ག་དང་ཤོ་ལོ་ཀ་བརྒྱ་ཡེ་ཤེས་སྡེའི་འགྱུར། ཞེ་བདུན་པ་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ཤོ་ལོ་ཀ་དགུ་བརྒྱ་བམ་པོ་གསུམ་པ་ཆོས་ཉིད་ཚུལ་ཁྲིམས་ཀྱི་འགྱུར། ཞེ་བརྒྱད་པ་ལྷ་མོ་དཔལ་ཕྲེང་སེངྒེ་ང་རོའི་མདོ་བམ་པོ་གཉིས་ཤོ་ལོ་ཀ་བདུན་བརྒྱ་པ་ཡེ་ཤེས་སྡེའི་འགྱུར། ཞེ་དགུ་པ་དྲང་སྲོང་རྒྱས་པས་ཞུས་པའི་མདོ་བམ་པོ་གཉིས་པ། ཛི་ན་མི་ཏྲ། དཱ་ན་ཤཱི་ལ། ཡེ་ཤེས་སྡེ་གསུམ་གྱི་འགྱུར་ཏེ་དཀོན་མཆོག་བརྩེགས་པ་ཡོངས་རྫོགས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། བྱམས་པ། ཐོགས་མེད་སྐུ་མཆེད། པཎ་ཆེན་བློ་གྲོས་བརྟན་པ། པཎྜི་ཏ་གང་བ་སྤེལ། རཏྣ་ཨཱ་ཀཱ་ར་ཤཱནྟི། རྡོ་རྗེ་གདན་པ། བཻ་རོ་ཙ་ན་རཀྵི་ཏ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། བླ་ཆེན་ས་སྐྱ་པ། ལྷོ་པ་ཁྱུང་སྟོན། གཙང་པ་སྟོན་གྲགས། གཡུར་པོ་གཟུ་སྟོན། ཉང་སྟོད་བསོད་དབང༌། རྒྱ་སྟོན་དྷརྨཱ་ཤྲཱི། དཀོན་མཆོག་དཔལ། སྤང་ཁང་པ་གྲགས་རྒྱལ། ཤངས་པ་གྲགས་སེང༌། སྤྱིལ་བུ་པ་སྟག་སྟོན། ལོ་མཆོག །བག་སྟོན། ན་ཐཱ་ལཀྵ། སྤུ་སྟོན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། མཁན་ཆེན་གྲགས་རྡོར་བ། ཚལ་རིན་པོ་ཆེ་གྲགས་དོན་པ། དགྲ་བཅོམ་པ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། མཁས་གྲུབ་རྡོ་རྗེ་གདན་པ། ཆེན་པོ་བློ་གྲོས་རྒྱལ་མཚན། རིན་ཆེན་ཆོས་དབང༌། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་བ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། དྷི་ཚ་སྤྲུལ་སྐུ། སྨན་ལུང་བ་བློོ་གྲོས་མཆོག་གི་སྡེ། བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ཡང་ན་རྫོགས་པའི་སངས་རྒྱས། མཉྫུ་ཤྲཱི །སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀཱ་ར་ཤནྟི་པ། སེའུ་རི་པ། ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། མཆིམས་བརྩོན་སེང༌། ས་སྐྱ་པ་ཆེན་པོ། ལྷོ་པ་ཁྱུང་སྟོན་གྲགས། སྤུ་སྟོན་བསོད་དབང༌། ཀོ་ནག་རལ་གྲི། བླ་མ་གྲགས་སེང༌། བླ་མ་ཤངས་ཚུལ། སློབ་དཔོན་ཡོན་ཏན་དཔལ། སྙེ་མདོ་ཀུན་དགའ་དོན་གྲུབ། ཆོས་རྗེ་རང་བྱུང་རྡོ་རྗེ། སློབ་དཔོན་རྒྱལ་བ་དཔལ། སློབ་དཔོན་བརྩོན་འགྲུས་སེངྒེ་། བླ་མ་བློ་གྲོས་སེངྒེ་། འཇམ་དཔལ་ཆོས་ཀྱི་རྡོ་རྗེ། ཚལ་རིན་པོ་ཆེ་གྲགས་དོན་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རམ་པ་རིན་ཆེན་ཆོས་དབང༌། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག དཔའ་བོ་ཆོས་རྒྱལ་དོན་འགྲུབ། སྤྱན་སྔ་དཀོན་མཆོག་འབངས། དྲུང་པ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། མཁས་གྲུབ་བློ་མཆོག་རྡོ་རྗེ་མན་གོང་དང་འདྲ། ཡང་ན་རཏྣ་ཨཱ་ཀཱ་ར་ཤཱནྟི་ནས། རྡོ་རྗེ་གདན་པ། བཻ་རོ་ཙ་ན་རཀྵི་ཏ། ཨ་མོ་གྷ་བཛྲ་མན་འདྲ། ཕུང་པོ་གསུམ་པའི་བརྒྱུད་པ་ལུགས་གཅིག་ནི། ཐུབ་དབང༌། ཀུན་དགའ་བོ། ཀྲིཥྞའི་གོས་ཅན། ཤ་ནའི་གོས་ཅན། ཉི་མ་གུང་པ། ཐམས་ཅད་མཁྱེན་པའི་བཤེས་གཉེན། ན་ག་ཛུ་ན། འཕགས་པ་ལྷ། ཤྲཱི་མཉྫུ་ཀཱིརྟི། ཤཱནྟི་པ། རྡོ་རྗེ་གདན་པ་གསུམ། ཁ་ཆེ་པཎ་ཆེན། དཔྱལ་ཆོས་བཟང༌། དཔྱལ་པདྨ་ཅན། གཞོན་ནུ་ཡེ་ཤེས། ཤེས་རབ་སེངྒེ་། བག་སྟོན་པ། མགོན་པོ་འབུམ། སྤུ་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་ཤེས། སློབ་དཔོན་བསོད་སེང༌། ཚལ་གྲགས་དོན་པ། རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་མན་འདྲ། ཡང་ན། རྗེ་བློ་མཆོག་རྡོ་རྗེ་ནས། བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ།

    བཞི་པ་འཁོར་ལོ་གསུམ་པོ་ཅི་རིགས་པར་གཏོགས་པ་སྡེ་ཚན་ཕྱོགས་གཅིག་ཏུ་བསྒྲིགས་པའི་མདོ་མང་ལ་གླེགས་བམ་སུམ་ཅུ་སོ་བདུན་བཞུགས་པའི་པོ་ཏི།༼ཀ༽པར་འཕགས་པ་༼ཀ༽བསྐལ་པ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་ཉེར་དྲུག་པ། པཎྜི་ཏ་བདྱཱི་ག་ར་སིང་ཧ་དང༌། ལོ་ཙཱ་བ་དཔལ་དབྱངས་ཀྱིས་བསྒྱུར་པ་ལ། དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།༼ཁ༽པར་འཕགས་པ་༼ཀ༽རྒྱ་ཆེ་རོལ་པ་བམ་པོ་བཅོ་བརྒྱད་ལེའུ་ཉེར་བདུན་པ། པཎྜི་ཏ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ། མུ་ནི་ཝརྨ་དང་ཡེ་ཤེས་སྡེའི་འགྱུར། ༼ཅ༽སངས་རྒྱས་ཀྱི་སྡེ་སྣོད་ཚུལ་ཁྲིམས་འཆལ་བ་ཚར་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བདུན་ལེའུ་དགུ་པ། པཎྜི་ཏ་དྷརྨ་ཤྲཱི་བྷ་དྲ་དང༌། དགེ་སློང་དཔལ་གྱི་ལྷུན་པོས་ཕོ་བྲང་ལྡན་དཀར་དུ་བསྒྱུར་བ་རྣམས།༼ག༽པར་བྱམས་པ་འཇུག་པའི་མདོ་བམ་པོ་གཉིས། པྲཛྙཱ་ཝརྨ་དང༌། སུ་རེནྟྲ་བོ་དྷི། ཡེ་ཤེས་སྡེའི་འགྱུར། ༼ཀ༽ས་བཅུ་པའི་མདོ་བམ་པོ་བདུན། ༼ང༽སངས་རྒྱས་ཀྱི་སའི་མདོ་བམ་པོ་གཅིག །༼ཅ༽མདོ་སྡེ་མངོན་འབྱུང་རིན་ཆེན་བཟང་པོའི་འགྱུར་འདི་རྣམས་ཀྱི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་ཀྲིཥྞའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། སངས་རྒྱས་གཉིས་པ་མགོན་པོ་ཀླུ་སྒྲུབ། སློབ་དཔོན་ཨཱརྱ་དེ་ཝ། སློབ་དཔོན་འཇམ་དཔལ་གྲགས་པ། རཏྣ་ཨ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ། དཔྱལ་པདྨ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེས་རབ་སེངྒེ་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། སྤུག་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེངྒེ་། ཚལ་རིན་པོ་ཆེ་གྲགས་དོན་པ། དགྲ་བཅོམ་པ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རམ་པ་རིན་ཆེན་ཆོས་དབང༌། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་བ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། སྨན་ལུང་པ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ། ཁྱབ་བདག་དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ།

    སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པའི་མདོ་བམ་པོ་གཅིག །ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་བརྒྱ་པ། འདི་གཉིས་ཀྱི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། སངས་རྒྱས་བསྐྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨ་ཨཱ་ཀ་ར་ཤཱཎྟི། དེ་ལ་པཎྚི་ཛྙཱ་ན་ཤྲཱི་དང༌། ཇོ་བོ་པུ་ཎྱ་ཤྲཱི་གཉིས་ཀྱིས་གསན། གཉིས་ཀ་ལ་པཎྜི་ཏ་སུ་མ་ཏི་ཀཱིརྟི། དེ་ལ་སྨྲྀ་ཏི་ཛྙཱ་ན་ཀཱིརྟི། དེ་ནས་རོང་ཟོམ་ལོ་ཙཱ་བ་ཆོས་ཀྱི་བཟང་པོ། མངའ་བདག་ཏིང་འཛིན་བཟང་པོ། མངའ་བདག་ཉང་རལ་པ་ཅན། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་རྒྱན། ཤངས་པ་གྲགས་སེང༌། སྤྱིལ་བུ་བ་སྟག་སྟོན་ཤེས་རབ་འོད་ཟེར། ས་སྐྱ་ཡང་དགོན་པ་གློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ཚུལ་མན་བཤད་མ་ཐག་པའི་བསྐལ་བཟང་སོགས་དང་འདྲ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ། འདིའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨརྱ་དེ་ཝ། འཇམ་དཔལ་གྲགས་པ། རཏྣཨཱ་ཀཱ་ར་ཤཱནྟི་པ། སེའུ་རི་པ། ཨ་བྷ་ཡ་ཀཱ་ར་གུཔྟ། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་པུ་ནྱ་ཤྲཱི། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་ཁུར་དཀོན་ཡེ། བག་སྟོན་གཞོན་ཚུལ་མན་བཤད་མ་ཐག་པ་བཞིན་ནོ། །འདིའི་རྗེས་སུ་སངས་རྒྱས་དབང་བསྐུར་བའི་བསྟོད་པ་རིན་ཆེན་བཟང་པོས་བསྒྱུར་བ་ཞིག་འདུག་ཀྱང་ལུང་མ་བྱུང༌།༼ང༽པར་༼ང༽སྙིང་རྗེ་པདྨ་དཀར་པོ་བམ་པོ་བཅོ་ལྔ་པ་ཡེ་ཤེས་སྡེའི་འགྱུར། ༼ང༽སྙིང་རྗེ་ཆེན་པོ་པདྨ་དཀར་པོ་བམ་པོ་དྲུག་དང་ལེའུ་བཅུ་གསུམ་པ་འགྱུར་གོང་འདྲ། འདི་གཉིས་ཀྱི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འཕགས་པ་འདུ་ཤེས་བཅུ་གཅིག་པ་བསྟན་པ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་ཤོ་ལོ་ཀ་བཅུ་གཅིག་པ། འདིའི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཡེ་ཤེས་སྡེའི་འགྱུར། འདིའི་བརྒྱུད་པ་ནི་རྒྱུད་འབུམ་གྱི་ཐོབ་ཡིག་ཁྲོད་ན་ཡོད།༼ཅ༽པར་༼ཀ༽བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐར་ཕྱིན་པའི་མདོ་བམ་པོ་ཉི་ཤུ་རྩ་ལྔ་པ་དཔལ་བརྩེགས་ཀྱི་འགྱུར།༼ཆ༽པར་༼ག༽ཐེག་པ་ཆེན་པོའི་མན་ངག་བམ་པོ་བཞི་ཡེ་ཤེས་སྡེའི་འགྱུར། ༼ཀ༽སངས་རྒྱས་འགྲོ་བའི་མདོ་བམ་པོ་གསུམ་དཔལ་བརྩེགས་ཀྱི་འགྱུར། ༼ཅ༽ཚངས་པའི་དཔལ་ལུང་བསྟན་པ་ཤོ་ལོ་ཀ་བཞི་བཅུ་པ་དགེ་བ་དཔལ་ཀྱི་འགྱུར། ༼ག༽བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཤོ་ལོ་ཀ་དགུ་བཅུ་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་གསེར་གྱི་བྱེ་མ་ལྟ་བུའི་མདོ་དང༌། ༼ཁ༽གསེར་གྱི་མདོ་གཉིས་ལ་ཤོ་ལོ་ཀ་བརྒྱད་ཅུ་ཡེ་ཤེས་སྡེའི་འགྱུར། ༼ག༽འཕགས་པ་འཇམ་དཔལ་གྱིས་དྲིས་པ་བམ་པོ་གཅིག ༼ཁ༽དགའ་བོ་རབ་ཏུ་བྱུང་བའི་མདོ་ཤོ་ལོ་ཀ་ལྔ་བཅུ་པ། ༼ཅ༽བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོ་ཤོ་ལོ་ཀ་དོན་ལྔ་པ། འདི་རྣམས་ཀྱི་བརྒྱུད་པ་ནི་བསྐལ་བཟང་སོགས་དང་འདྲ། ཐབས་ལ་མཁས་པའི་མདོ་བམ་པོ་གཉིས། འདིའི་བརྒྱུད་པ་ནི་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པའི་མདོ་དང་འདྲ། ཕུང་པོ་གསུམ་པ་སྐད་གསར་བཅད་ཀྱིས་བཅོས་པ་ཤོ་ལོ་ཀ་བརྒྱ་སུམ་ཅུ་པ། ༼ཁ༽འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་བསྐལ་བཟང་དང་འདྲ། ཚངས་པའི་དྲ་བ་བམ་པོ་གཉིས་འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོའི་བརྒྱུད་པ་བཞིན་ནོ། །ཟླ་བའི་མདོ་ཤོ་ལོ་ཀ་བཅུ་གསུམ་པ་འདིའི་བརྒྱུད་པ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། སངས་རྒྱས་ཀྱི་དབུ་རྒྱན་ཞེས་པ་ཤོ་ལོ་ཀ་ཉིས་བརྒྱ་པ་པཎྜི་ཏ་ཤཱཀྱ་སིང་ཧ་དང་ལོ་ཙཱ་བ་དེ་ཝནྡྲའི་འགྱུར། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། ༼ཅ༽དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་བམ་པོ་ལྔ་པ་ཡེ་ཤེས་སྡེའི་འགྱུར་རྣམས།༼ཇ༽ པར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་བམ་པོ་ལྔ་ཡེ་ཤེས་སྡེའི་འགྱུར། འཕགས་པ་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོས་འཕྲུལ་གྱི་ཏིང་ངེ་འཛིན་བམ་པོ་གསུམ་སྐད་གསར་བཅད་ཀྱིས་བཅོས་པ། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་བམ་པོ་བཅོ་ལྔ། ལེའུ་སོ་བརྒྱད་པ། དྷརྨ་ཏ་ཤཱི་ལའི་རང་འགྱུར། དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་རྣམས།༼ཉ༽ པར་༼ཅ༽འདུས་པ་ཆེན་པོ་ལས་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་བམ་པོ་བཅུ་ལེའུ་བདུན་པ་རྒྱ་ལས་བསྒྱུར་བ། ༼ཁ༽དེ་བཞིན་གཤེགས་པའི་སྙིང་པོ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཁྱེའུ་བཞིའི་ཏིང་ངེ་འཛིན་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། ༼ང༽ཏིང་ངེ་འཛིན་མཆོག་དམ་པ་བམ་པོ་གཅིག །༼ང༽སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བམ་པོ་ཕྱེད་གཉིས་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཟུང་མདོའི་ཆོས་ཀྱི་རྣམ་གྲངས་བམ་པོ་བཞི་ཡེ་ཤེས་སྡེའི་འགྱུར། ༼ཁ༽རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་ཤོ་ལོ་ཀ་བདུན་ཅུ་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽མར་མེ་འབུལ་བའི་མདོ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། ༼ཅ༽ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་སུམ་ཅུ་པ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་ཀྱི་དབུ་རྒྱན་ནས་འདིའི་བར་གྱི་མདོ་བཅུ་དྲུག་གི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་ཞུས་པ་ཞེས་བྱ་བའི་ལུང་ཐེབ་ཀྱང་བརྒྱུད་པ་མ་རྙེད་པས་སླར་འཚོལ་རྒྱུ། ༼ཅ༽བུད་མེད་འགྱུར་བ་ལུང་བསྟན་པ་བམ་པོ་གཉིས་བརྒྱུད་པ་བསྐལ་བཟང་དང་འདྲ། སངས་རྒྱས་རྗེས་སུ་དྲན་པ་འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོའི་བརྒྱུད་པ་དང་འདྲ།༼ཏ༽པར་སྤྲིན་ཆེན་པོ་བམ་པོ་བཅུ་པ་ཡེ་ཤེས་སྡེའི་འགྱུར། སོར་མོའི་འཕྲེང་བ་ལ་ཕན་པ་བམ་པོ་བདུན། དྷརྨཱ་ཏཱ་ཤཱི་ལ་དང༌། རྒྱའི་ལོ་ཙཱ་བ་ཏོང་ཨཱ་ཙཱ༷རྱའི་འགྱུར། ༼ག༽སུམ་ཅུ་རྩ་གསུམ་པའི་ལེའུ་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། ༼ཁ༽འཕགས་པ་སྒྲ་ཆེན་པོ་ཤོ་ལོ་ཀ་རེ་བཞི། དེ་བ་ཙནྡྲའི་འགྱུར། ༼ཅ༽རྟེན་ཅིང་འབྲེལ་པར་འབྱུང་བའི་མདོ་ཤོ་ལོ་ཀ་སུ༷མ་ཅུ་པ། ༼ཅ༽བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཡེ་ཤེས་སྡེའི་འགྱུར། ༼ཀ༽སྣང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཤོ་ལོ་ཀ་བརྒྱ་བདུན་ཅུ་པ་ཡེ་ཤེས་སྡེའི་འགྱུར། གོང་གསལ་མདོ་བདུན་གྱི་བརྒྱུད་པ་བསྐལ་བཟང་དང་འདྲ། བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཤོ་ལོ་ཀ་དགུ་བཅུ་རྩ་གཉིས་པ་ཡེ་ཤེས་སྡེའི་འགྱུར། འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོ་དང་འདྲ། ༼ཅ༽ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཤོ་ལོ་ཀ་བརྒྱ་པ། ༼ཁ༽འཇམ་དཔལ་རྣམ་པར་འཕྲུལ་བ་ལེའུ་བདུན་བམ་པོ་གཅིག་དང་ཤོ་ལོ་ཀ་གོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། ༼ག༽འཇམ་དཔལ་གནས་པ་ཤོ་ལོ་ཀ་བརྒྱ་བཞི་བཅུ་པ་ཡེ་ཤེས་སྡེའི་འགྱུར། ༼ག༽འཇམ་དཔལ་གྱིས་བསྟན་པ་ཤོ་ལོ་ཀ་ཕྱེད་དང་བཅོ་ལྔ་རྣམས།༼ཐ༽པར་དགེ་བའི་རྩ་བ་ཡོངས་སུ་འཛིན་པ་བམ་པོ་བཅོ་བརྒྱད་ལེའུ་བཅོ་ལྔ་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽རྔ་བོ་ཆེ་ཆེན་པོའི་མདོ་བམ་པོ་ལྔ་དཔལ་བརྩེགས་ཀྱི་འགྱུར་རྣམས།༼ད༽པར་༼ང༽སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ་བམ་པོ་བརྒྱད་ཞྭ་ལུ་ལོ་ཙཱ་བས་དག་པར་བཅོས་པ། ༼ཀ༽ལང་ཀར་གཤེགས་པ་བམ་པོ་དགུ་པ་འགོས་ཆོས་གྲུབ་གྱི་འགྱུར། ༼ང༽སངས་རྒྱས་མི་སྤོང་བ་ཤོ་ལོ་ཀ་བརྒྱ་ཉི་ཤུ་པ་ཡེ་ཤེས་སྡེའི་འགྱུར། ༼ང༽སངས་རྒྱས་བཅུ་པ་ཡེ་ཤེས་སྡེའི་འགྱུར། གོང་གསལ་གྱི་མདོ་བཅུའི་བརྒྱུད་པ་ནི་བསྐལ་བཟང་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་བརྒྱད་པ་ཞེས་བྱ་བའི་ཤོ་ལོ་ཀ་དགུ་བཅུ་པ། འདིའི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ཁ༽འཕགས་པ་བཀྲ་ཤིས་བརྒྱད་པ་ཤོ་ལོ་ཀ་ལྔ་བཅུ་ང་གཅིག་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི་བསྐལ་བཟང་དང་འདྲ། དཀྱིལ་འཁོར་བརྒྱད་པའི་མདོ་ཤོ་ལོ་ཀ་དྲུག་ཅུ་པ་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི་རྗེ་འཇམ་དབྱངས་རྣམ་རྒྱལ་མན་འདྲ་ཞིང༌། དེ་ཡན་གྱི་བརྒྱུད་པ་མ་རྙེད། བྱམས་པ་བདུད་རྩི་བརྗོད་པ་ཤོ་ལོ་ཀ་བརྒྱད་ཅུ་པ་འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། ཆོས་ཀྱི་རྒྱལ་མོ་བྱང་ཆུབ་སེམས་དཔའི་གནས་བཤད་པ་བམ་པོ་ཉིས་བརྒྱ་ལས་འགྱུར་བའི་འཕྲོ་མ་རྫོགས་པ། འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོ་དང་འདྲ། འདིའི་འོག་ཏུ་མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ཞེས་པའི་ལུང་ཐོབ་ཀྱང་བརྒྱུད་པ་སླར་འཚོལ་རྒྱུ། ༼ཅ༽གླང་པོའི་རྩལ་གྱི་མདོ་བམ་པོ་གཅིག་རྣམས།༼ན༽པར་དགོངས་པ་ངེས་འགྲེལ་བམ་པོ་བཞི་དང་ཤོ་ལོ་ཀ་ཉི་ཤུ་སྐད་གསར་བཅད་ཀྱིས་ཀྱང་བཅོས་པ། ༼ཅ༽བསོད་ནམས་སྔུད་པའི་ཏིང་ངེ་འཛིན་བམ་པོ་བཞི་ལེའུ་ལྔ་བཅུ་པ་ཡེ་ཤེས་སྡེའི་འགྱུར། ཤིན་ཏུ་རྒྱས་པ་ཆེན་པོ་མདོ་སྡེ་ཉི་མའི་སྙིང་པོ་བམ་པོ་བཅུ་གསུམ་པ་དཔལ་བརྩེགས་ཀྱི་འགྱུར། ༼ཀ༽བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཆོས་བཞི་བསྒྲུབ་པ་དགེ་བའི་བློ་གྲོས་ཀྱི་འགྱུར། འཕགས་པ་གླང་རུ་ལུང་བསྟན་པ་བམ་པོ་གཅིག་རྣམས། འདིའི་བརྒྱུད་པ་ནི། འོག་ནས་འབྱུང་བའི་མདོ་སྡེ་ལས་བརྒྱ་པའི་བརྒྱུད་པ་དང་འདྲའོ། །༼པ༽པར་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གི་འདུལ་བའི་བཟོད་པ་བམ་པོ་བཅུ་གཅིག་ལེའུ་བཅུ་གཅིག་པ། ༼ང༽ཆོས་ཀྱི་ཚུལ་བམ་པོ་གཅིག །ཡེ་ཤེས་སྡེའི་འགྱུར། ༼ཀ༽ཆོས་ཡང་དག་པར་སྡུད་པ་བམ་པོ་བདུན་ལེའུ་བཅུ་གཉིས་པ་ཡེ་ཤེས་སྡེའི་འགྱུར། ཆོས་ཀྱི་ཕུང་པོའི་མདོ་ཤོ་ལོ་ཀ་བརྒྱ་ལྔ་བཅུ་པ་ཡེ་ཤེས་སྡེའི་འགྱུར། གླང་རུ་ལུང་བསྟན་མ་གཏོགས་གླང་པོའི་རྩལ་གྱི་མདོ་ནས་འདིའི་བར་གྱི་མདོ་དགུའི་བརྒྱུད་པ་བསྐལ་བཟང་དང་འདྲ། ཆོས་ཀྱི་རྒྱ་མཚོའི་མདོ་ཤོ་ལོ་ཀ་བརྒྱད་ཅུ་པ། འདིའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཀླུ་སྒྲུབ། སྐལ་ལྡན་གྲགས་པ། ཟླ་བ་གྲགས་པ། འཇམ་དཔལ་གྲགས་པ། ཆོས་ཀྱི་གྲགས་པ། ཏེ་ལོ་བ། ནཱ་རོ་པ། ཞི་བའི་བཤེས་གཉེན། ཛྙཱ་ན་ཤྲཱི། གཉན་ལོ་ཙཱ་བ། ཁྱུང་པོ་གྲགས་སེང༌། འོར་སྟོན་ལྷ་དབང༌། སེ་སྟོན་ཆོས་ཤེ། ཞང་དར་སེང༌། རོང་པ་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། དཔུང་རྒྱན་མཛེས་པའི་ཏོག །བག་སྟོན་གཞོན་ཚུལ་མན་བསྐལ་བཟང་དང་འདྲ། ༼ཁ༽ཆོས་དང་དོན་རྣམ་པར་འབྱེད་པའི་མདོ་ཤོ་ལོ་ཀ་དགུ་བཅུ་པ། ༼ཅ༽ཆོས་བཞི་པའི་མདོ་ཤོ་ལོ་ཀ་བཅུ་གསུམ་པ། ༼ང༽མདོ་ཆེན་པོ་ལྔ་གསུམ་པ་ཤོ་ལོ་ཀ་ཉིས་བརྒྱ་ཉི་ཤུ་པ། ༼ང༽སྒྱུ་མའི་དྲ་བ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར་རྣམས། གོང་གསལ་མདོ་བཞི་ཀའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲའོ། །༼ཕ༽པར་ནམ་མཁའི་སྙིང་པོའི་མདོ་བམ་པོ་གཅིག་འདིའི་བརྒྱུད་པ་ནི། ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ་ཡན་སླར་འཚོལ་རྒྱུ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ༼ཀ༽རྡོ་རྗེ་སྙིང་པོའི་གཟུངས་ཀྱི་མདོ་བམ་པོ་གཅིག །བརྒྱུད་པ་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་ཡོན་ཏན་རིན་པོ་ཆེ་མེ་ཏོག་ཀུན་ནས་རྒྱས་པས་ཞུས་པའི་ལེའུ་ཞེས་པ་ཞིག་འདུག་པ་གོང་གི་སངས་རྒྱས་བཅུ་པ་དང་འདྲ་འམ་བརྟག་པར་བྱ་ཞིང༌། མི་གཅིག་ཚེ་ལུང་མ་ཐོབ། གཅིག་ཚེ་བརྒྱུད་པ་གོང་གི་དེ་ཁས་འཐུས། ༼ཀ༽རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར། ༼ག༽རྒྱལ་པོ་ལ་གདམས་པ་ཤོ་ལོ་ཀ་བརྒྱ་བཅུ་དྲུག་པ། ༼ཀ༽འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ལ་རྩེ་བ་ལེའུ་སོ་བདུན་དང༌། བམ་པོ་གསུམ་པ་ཡེ་ཤེས་སྡེའི་འགྱུར། ༼པ༽འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་བློ་གྲོས་རྣམ་དག་གིས་ཞུས་པ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། བཤད་མ་ཐག་པའི་མདོ་བཞི་ཀའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། ཤིན་ཏུ་རྒྱས་པ་ཆེན་པོ་སངས་རྒྱས་ཕལ་པོ་ཆེ་ལས་དཀོན་མཆོག་ཏ་ལ་ལ་བམ་པོ་བཞི་པ་ཡེ་ཤེས་སྡེའི་འགྱུར། འདིའི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་འཇམ་དབྱངས་རྣམ་རྒྱལ་མན་གོང་བཞིན་ལ། དེ་ཡན་གྱི་བརྒྱུད་པ་སླར་འཚོལ་རྒྱུ། རིན་ཆེན་ཟླ་བས་ཞུས་པ་དགེ་དཔལ་གྱི་འགྱུར། བརྒྱུད་པ་རྒྱལ་དབང་མཆོག་ཡན་དེ་ཉིད་ཀྱི་གསན་ཡིག་བཞིན་དང༌། དེ་ནས་དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། འདིའི་འོག་ཏུ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་གྱི་རྒྱ་མཚོ་བམ་པོ་བདུན་པ་རྒྱ་ལས་བསྒྱུར་འཕྲོས་ལུས་པ་ཞིག་འདུག་ཀྱང་ལུང་མ་ཐོབ། དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ཤོ་ལོ་ཀ་ཉིས་བརྒྱ་དང་བརྒྱད་བཅུ་པ་ཡེ་ཤེས་སྡེའི་འགྱུར། ༼ང༽ཆོས་བཞི་བསྟན་པ་ཤོ་ལོ་ཀ་བཅུ་པ་ཡེ་ཤེས་སྡེའི་འགྱུར། ༼ང༽ཆོས་བཞི་པའི་མདོ་རྣམས།༼བ༽པར་༼ག༽འདུས་པ་ཆེན་པོ་ལས་བློ་གྲོས་རྒྱ་མཚོས་ཞུས་པ་བམ་པོ་བཅུ་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་བམ་པོ་བདུན་ལེའུ་བཅུ་ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་མདོ་ཆེ་བ་ལས་བཀོལ་བ་ཤོ་ལོ་ཀ་ཉིས་བརྒྱ་པ་ཡེ་ཤེས་སྡེའི་འགྱུར། གོང་གསལ་མདོ་དྲུག་གི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་བ་ཤོ་ལོ་ཀ་བཅུ་གཉིས་པ་ཡེ་ཤེས་སྡེའི་འགྱུར། འདིའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། །ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། སྨན་ཞབས། རྒྱལ་བས་བྱིན། རཏྣ་ཤྲཱི། ཤཱནྟི་བཛྲ། ཀརྨཱ་བཛྲ། པུ་ནྱཤྲཱི། ཛ་ཡ་ཤྲཱི། བི་ཛ་ཡ་རཀྵི་ཏ། ཐར་ལོ་ཉི་མ་རྒྱལ་མཚན། ཕག་ཁུར་བ་དཀོན་མཆོག་བླ་མ། བག་སྟོན་པ་མན་བསྐལ་བཟང་དང་འདྲའོ། །༼ཅ༽བུ་མོ་ཟླ་མཆོག་ལུང་བསྟན་པ་བམ་པོ་གཉིས་ཡེ་ཤེས་སྡེའི་འགྱུར། ༼ང༽རྣམ་པར་འཕྲུལ་བའི་རྒྱལ་པོས་ཞུས་པ་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར། ༼ག༽ཚངས་པས་བྱིན་གྱིས་ཞུས་པ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར་རྣམས། ༼མ༽པར་༼ང༽དམ་ཆོས་པདྨ་དཀར་པོ་བམ་པོ་བཅུ་གསུམ་དང་ལེའུ་ཉེར་བདུན་པ་པཎྜི་ཏ་སུ་རེནྟྲ་བོ་དྷི་དང༌། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདིའི་འོག་ཏུ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་ཞིག་འདུག་ཀྱང་མ་ཐོབ། ༼ང༽གསེར་མདོག་གི་སྔོན་གྱི་སྦྱོར་བ་ཤོ་ལོ་ཀ་བཅུ་བདུན་པ། སྐྱེས་བུ་དམ་པའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་བ་དཔལ་བརྩེགས་ཀྱི་འགྱུར། འདིའི་འོག་ཏུ་སྦྱིན་པའི་ལེགས་པ་ཞེས་པ་འདུག་ཀྱང་ལུང་མ་ཐོབ། ༼ང༽གཎྜིའི་མདོ་ཤོ་ལོ་ཀ་བཅུ་པ་རིན་ཆེན་བཟང་པོའི་འགྱུར། ༼ཁ༽དགའ་བ་ཅན་གྱི་མདོ་ཤོ་ལོ་ཀ་ཉིས་བརྒྱ་བ།༼ང༽ ལྷའི་མདོ་ཤོ་ལོ་ཀ་སུམ་ཅུ་སོ་བདུན་པ། ༼ང༽མི་རྟག་བ་ཉིད་ཀྱི་མདོ་ཤོ་ལོ་ཀ་བཅོ་ལྔ་པ། ༼ཅ༽ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་བམ་པོ་བདུན་དང་ལེའུ་ཉེར་ལྔ་པ་རཏྣ་རཀྵི་ཏའི་འགྱུར། བཤད་མ་ཐག་པའི་མདོ་བཅུ་དྲུག་གི་བརྒྱུད་པ་ནི་བསྐལ་བཟང་དང་འདྲའོ། མུན་པའི་ནགས་ཚལ་གྱི་སྒོའི་མདོ། འདིའི་བརྒྱུད་པ་ནི། ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ་མན་གོང་དང་འདྲ་ཞིང༌། དེ་ཡན་གྱི་བརྒྱུད་པ་མ་རྙེད།༼ཙ༽ པར་ཕྱོགས་བཅུ་མུན་སེལ། ༸འདི་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་སྐུ་ཕྱོགས་ནས་དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པས་ཐོབ། བརྒྱུད་པ་སྐུ་ཕྱོགས་གསན་ཡིག་ལྟར། ཤོ་ལོ་ཀ་བརྒྱ་ལྔ་བཅུ་པ་གཙང་གི་ཝནྟྲའི་འགྱུར། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ། ༸འདི་རྒྱལ་དབང་གི་སྐུ་ཕྱོགས་ནས་ཐོབ། བརྒྱུད་པ་དེ་ཉིད་ཀྱི་གསན་ཡིག་ལྟར་རོ། །འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པ་བམ་པོ་གཉིས། །བདུས་པ་ཆེན་པོ་ལས དེ་བཞིན་གཤེགས་པའི་དཔལ་གྱི་དམ་ཚིག་བམ་པོ་གསུམ་ལེའུ་བཞི་པ་དཔལ་བརྩེགས་ཀྱི་འགྱུར། འདི་གསུམ་གྱི་བརྒྱུད་པ་ནི། བསྐལ་བཟང་དང་གཅིག་གོ །དེ་བཞིན་གཤེགས་པའི་བྱིན་རླབས་སེ༷མས་ལ་གཟིགས་ཤིང་སངས་རྒྱས་གྱི་ཞིང་གི་བཀོད་པ་བམ་པོ་གཉིས་ཀླུའི་རྒྱལ་མཚན་གྱི་འགྱུར། འདིའི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། འདི་རྒྱུད་འབུམ་ཁྲོད་ནའང་ཡོད། ༼ག༽རྟོག་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་ཕྱག་འཚལ་བ་དང༌། འགྱོད་ཚངས་ཀྱི་ལེའུ་ཉི་ཚེ་གླེགས་བམ་དུ་མ་ལ་གཏུགས་ཏེ་མཚན་རྣམས་ཅི་ནུས་བསབས་པ། འདིའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཌོམ་བྷི་བ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀཱ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། སོ་མ་ཤྲཱི་བྷ་དྲ། བི་མ་ལ་ཤྲཱི བྷཻ་ན་དྷཱུ་ཤྲཱི། པཎ་ཆེན་ཤཱཀྱ། ཁྲོ་ཕུ་ལོ་ཙཱ་བ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་རྒྱལ། ཤཱངས་པ་གྲགས་སེང༌། ཞལ་སྔ་བ་བསོད་རིན། མཁན་ཆེན་གངས་པ། ཤེས་རབ་དཔལ། དགེ་སློང་ཀུན་དགའ་ཉི་མ། བག་སྟོན་གཞོན་ཚུལ་མན་བསྐལ་བཟང་དང་འདྲ། ༼ཀ༽དཀོན་མཆོག་སྤྲིན་བམ་པོ་བདུན་པ་བཻ་རོ་ཙ་ན་རཀྵི་ཏའི་འགྱུར། ༼ཅ༽སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤོ་ལོ་ཀ་བཅོ་ལྔ་པ་དཔལ་བརྩེགས་ཀྱི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། རྒྱལ་པོ་དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་རིན་ཆེན་བཟང་པོའི་འགྱུར། འདིའི་བརྒྱུད་པ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ཚ༽པར་༼ག༽ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་བམ་པོ་བརྒྱད་སྐད་གསར་བཅད་ཀྱིས་བཅོས་པ། ༼ང༽གྲོང་ཁྱེར་གྱི་འཚོ་བའི་མདོ་ཤོ་ལོ་ཀ་བརྒྱད། ༼ང༽ཚངས་པས་ཞུས་པའི་མདོ་ཤོ་ལོ་ཀ་ཉིས་བརྒྱ། ༼ག༽རིན་པོ་ཆེ་མཐའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་དང་བཅུ་པ། ༼ཅ༽ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་བམ་པོ་དྲུག་དྷརྨཿཤཱི་ལའི་འགྱུར། མིའམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་བམ་པོ་ལྔ་དཔལ་གྱི་ལྷུན་པོའི་འགྱུར། ༼ག༽ལྷའི་བུ་རབ་རྩལ་གྱིས་ཞུས་པ་བམ་པོ་གསུམ་ཡེ་ཤེས་སྡེའི་འགྱུར་རྣམས། ༼ཛ༽པར་༼ཅ༽བློ་གྲོས་མི་བཟད་པས་བསྟན་པའི་མདོ་བམ་པོ་ལྔ་དྷརྨཱཿཏཱ་ཤཱི་ལའི་འགྱུར། ༼ང༽དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་བམ་པོ་བདུན་སྐད་གསར་བཅད་ཀྱིས་བཅོས་པ། ༼ག༽འཕགས་པ་བཞི༷་སྒྲུབ་པ་ཤོ་ལོ་ཀ་བརྒྱ་དང་དྲུག་ཅུ་པ། བཤད་མ་ཐག་པའི་མདོ་བཅུའི་བརྒྱུད་པ་བསྐལ་བཟང་ཇི་ལྟ་བ་བཞིན་ནོ། །འཕགས་པ་རྣམ་པར་མི་རྟོག་པ་ཤོ་ལོ་ཀ་བརྒྱ་ཉི་ཤུ་པ། འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོ་དང་འདྲ། ༼ག༽དྲི་མ་མེད་པར་གྲགས་པས་བསྟན་པ་ལེའུ་བཅུ་གཅིག་པ་དྷརྨཱཿཏ་ཤཱི་ལའི་འགྱུར། བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་སའི་མདོ་རིན་ཆེན་བཟང་པོས་བསྒྱུར་བ་ཞིག་འདུག་ཀྱང་ལུང་མ་ཐོབ། མཁར་གསིལ་འཆང་བའི་ཀུན་ཏུ་སྤྱོད་པའི་ཆོ་ག་བརྒྱུད་པ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། དགེ་བའི་བཤེས་གཉེན་བསྟེན་པའི་མདོ། དེ་བཞིན་གཤེགས་པའི་ཞིང་གི་ཡོན་ཏན་བརྗོད་པ། འདི་གཉིས་ཀྱི་བརྒྱུད་པ་ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ་མན་བསྐལ་བཟང་དང་འདྲ་ལ། དེ་ཡན་གྱི་བརྒྱུད་པ་མ་རྙེད། ༼ང༽དོན་རྒྱས་པའི་ཆོས་ཀྱི་རྣམ་གྲངས་རྣམས། ༼ཝ༽པར་འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་བམ་པོ་གསུམ་པ་ཡེ་ཤེས་སྡེའི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་བསྐལ་བཟང་དང་འདྲ། ༼ཀ༽འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལེའུ་ཉི་ཁྲི་ལྔ་སྟོང་ཡོད་པ་ལས་ལྷ་དང་མི་ལ་སོགས་པས་ཞུས་པ་བཅུ། དེ་ཝ་ཙནྟྲའི་འགྱུར། འདིའི་བརྒྱུད་པ་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། སེདྒེ་བཟང་པོ། ཡེ་ཤེས་ཞབས། ཤཱནྟི་བ། པུ་ཎྱ་ཤྲཱིཿསྟེང་ལོ། དྭགས་པོ་བ། ཁྱུང་པོ་གྲགས་ཤེ །ལྷ་རྗེ་གྲགས་སྐྱབས། འོར་སྟོན་པ། སོ་སྟོན་ཆོས། དབུས་པ་སངས་རྒྱས་འབུམ། ལོ་མཆོག །ར་ས་བ་སྟོན་ཤཱཀྱ། བག་སྟོན་གཞོན་ཚུལ། མགོན་པོ་འབུམ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། བུ་ཎྱཡ་སིདྷ། རིན་པོ་ཆེ་གྲགས་དོན་པ་མན་བསྐལ་བཟང་བཞིན་ནོ། །༼ཅ༽ཐབས་ལ་མཁས་པ་ཆེན་པོ་སངས་རྒྱས་ཀྱི་དྲིན་ལན་བསབས་པའི་མདོ་བམ་པོ་བདུན་རྒྱ་ནག་འགྱུར་རྣམས།༼ཞ༽པར་༼ག༽འཇིག་རྟེན་འཛིན་གྱིས་དྲིས་པ། བམ་པོ་བཞི་ལེའུ་བཅུ་གཉིས་པ། ༼ཅ༽དེ་བཞིན་གཤེགས་པ་འགྲོ་བའི་མདོ་བམ་པོ་གསུམ་པ་དཔལ་བརྩེགས་ཀྱི་འགྱུར། ༼ག༽ཀུན་རྫོབ་དང་དོན་དམ་པ་བསྟན་པ་བམ་པོ་གཉིས། ༼ས༽ལྷག་བསམ་བསྟན་པའི་མདོ་བམ་པོ་གཅིག །ལེའུ་གཉིས་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཆོས་ཀྱི་ཕྱག་རྒྱའི་མདོ་ཤོ་ལོ་ཀ་བརྒྱད་ཅུ་པ་ལྷའི་ཟླ་བའི་འགྱུར། ༼ག༽བདེ་བ་ཅན་གྱི་ཞིང་གི་བཀོད་པའི་མདོ་ཤོ་ལོ་ཀ་སུམ་ཅུ་ཡེ་ཤེས་སྡེའི་འགྱུར། ཐབས་ལ་མཁས་པ་ཆེན་པོ་ནས་འདིའི་བར་གྱི་མདོ་བདུན་གྱི་བརྒྱུད་པ་ནི་བསྐལ་བཟང་ལྟར་རོ། །༼ང༽ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ཤོ་ལོ་ཀ་བདུན་ཅུ་རྩ་གསུམ་པ། འདིའི་བརྒྱུད་པ་ཆོས་ཀྱི་རྒྱ་མཚོ་དང་འདྲ། འཇིག་རྟེན་གྱི་རྗེས་སུ་མཐུན་པའི་མདོ་ཤོ་ལོ་ཀ་བརྒྱ་བཅུ་གཅིག་པ། འདིའི་བརྒྱུད་པ་ནི་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས་ཕྱག་འཚལ་བ་དང༌འགྱོད་ཚངས་ཀྱི་ལེའུ་ཉི་ཚེ་དང་འདྲའོ། །༼ཀ༽ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པའི་མདོ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། བཅོམ་ལྡན་འདས་སྨན་གྱི་བླ་བེཌཱུརྱ་འོད་ཀྱི་རྒྱལ་པོའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ། ༼ཅ༽ས་ལུ་ལྗང་པའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་ཉེར་བདུན་ཡེ་ཤེས་སྡེའི་འགྱུར། ༼ཀ༽དཔལ་སྦས་ཀྱི་མདོ་བམ་པོ་གཅིག་པ་ཡེ་ཤེས་སྡེའི་འགྱུར། གོང་གསལ་མདོ་བཞིའི་བརྒྱུད་པ་ནི་བསྐལ་བཟང་བཞིན་ནོ། །ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་བསྟན་པ་ཆོས་གསུམ་པའི་མདོ་དེ་ཝ་ཙནྟྲའི་འགྱུར་ལ་དཔལ་བརྩེགས་ཀྱིས་ཞུས་པ། འདི་གཉིས་ཀྱི་བརྒྱུད་པ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ག༽བདག་མེད་པས་དྲིས་པ། འདིའི་བརྒྱུད་པ་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་བྱམས་པ་དགའ་ལྡན་དུ་སྐྱེ་བ་བླངས་པའི་མདོ་འདུག་ཀྱང་ལུང་མ་ཐོབ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་མདོ་ཤོ་ལོ་ཀ་བཅུ་པ་དཔལ་བརྩེགས་ཀྱི་འགྱུར། འདིའི་བརྒྱུད་པ་ཡང་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ཚིགས་སུ་བཅད་པ་གཅིག་པ། ཚིགས་སུ་བཅད་པ་བཞི་པ། འདི་གཉིས་ཀྱི་བརྒྱུད་པ་རྗེ་འཇམ་དབྱངས་རྣམ་རྒྱལ་ཡན་སླར་འཚོལ་རྒྱུ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ༼ཅ༽བསྒྲེས་མོས་ཞུས་པའི་འདི་རྒྱལ་དབང་མཆོག་གི་སྐུ་ཕྱོགས་ནས་དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པས་ཐོབ། བརྒྱུད་པ་སྐུ་ཕྱོགས་ཡན་དེ་ཉིད་ཀྱི་གསན་ཡིག་ལྟར། མདོ་ཤོ་ལོ་ཀ་བརྒྱ་དང་བཅུ་པ། ཟས་ཀྱི་འཚོ་བ་རྣམ་པར་དག་པ་ཤོ་ལོ་ཀ་སུམ་ཅུ་རྩ་བརྒྱད་པ། འཕགས་པ་མདའ་ཁ་ཡེ་ཤེས་ཤོ་ལོ་ཀ་བཅུ་པ། ༼ཅ༽སྟོང་པ་ཉིད་ཆེན་པོའི་མདོ་བམ་པོ་ཕྱེད། ༼ཁ༽རྒྱལ་མཚན་མཆོག་གི་མདོ་ཤོ་ལོ་ཀ་བཞི་བཅུ་པ། གོང་གསལ་མདོ་ལྔའི་བརྒྱུད་པ་བསྐལ་བཟང་དང་འདྲ། མདའ་ཁ་ཡེ་ཤེས་ཀྱི་རྒྱུད་ལུགས་གཅིག་ནི། བསོད་ནམས་མཆོག་ལྡན་ཡན་བསྐལ་བཟང་བཞིན་ལ། དེ་ནས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ༼ང༽མདོ་རྒྱལ་མཚན་དམ་པ་ཤོ་ལོ་ཀ་བཞི་བཅུ་པ། འདིའི་བརྒྱུད་པ་ནི་ཆོས་ཀྱི་རྒྱ་མཚོའི་མདོ་དང་འདྲ། ༼ཁ༽གཟུགས་ཅན་སྙིང་པོ་བསུ་བའི་མདོ་བམ་པོ་ཕྱེད། ༼ཅ༽གནས་འཇོག་གི་མདོ་ཤོ་ལོ་ཀ་ཉི་ཤུ་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽མེ་ཏོག་གི་ཚོགས་ཞེས་བྱ་བ་བམ་པོ་གསུམ་དྷརྨཿཤི་ལའི་འགྱུར། འདི་གསུམ་གྱི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ།༼ཟ༽པར་ཆོས་ཀྱི་འཁོར་ལོའི་མདོ་ཐར་ལོའི་འགྱུར་དང་ངོ་བོ་གཅིག་པ། འདིའི་བརྒྱུད་པ་ནི་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་བ་དང་གཅིག་ཅིང༌། ཡང་ན་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ང༽ཚུལ་ཁྲིམས་ཡང་དག་པར་བསྟན་པ། འདིའི་བརྒྱུད་པ་བསྐལ་བཟང་དང་འདྲ། རྒྱལ་བའི་བློ་གྲོས་ཀྱིས་ཞུས་པ་ཤོ་ལོ་ཀ་བཅུ་གཅིག་པ། འདིའི་བརྒྱུད་པ་ཐབས་ལ་མཁས་པའི་མདོ་དང་འདྲ། སྤྱན་རས་གཟིགས་ཀྱིས་ཞུས་པའི་ཆོས་བདུན་པ་དགེ་བའི་བློ་གྲོས་ཀྱི་འགྱུར། བརྒྱུད་པ་ཐབས་ལ་མཁས་པའི་མདོ་དང་འདྲ། འདིའི་འོག་ཏུ་ཤེར་ཕྱིན་ཉི་མའི་མདོ་དང༌། ཏིང་ངེ་འཛིན་གྱི་ཡི་གེ་རྒྱ་ལས་བསྒྱུར་བ་གཉིས་འདུག་ཀྱང་ལུང་མ་བྱུང༌། ༼ཅ༽དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་བམ་པོ་གཉིས་པ་ཡེ་ཤེས་སྡེའི་འགྱུར། ༼ཁ༽བྱམས་པས་ཞུས་པ་ཤོ་ལོ་ཀ་བདུན་ཅུ་པ། འདི་ཉིད་ཀྱི་བརྒྱུད་པ་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་བརྫུས་མའི་གྲས་དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག་པ་རྒྱ་ལས་བསྒྱུར་བ་ཞིག་འདུག་པ་མ་ཐོབ། ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་འགོས་ཆོས་གྲུབ་ཀྱི་འགྱུར། འདིའི་བརྒྱུད་པ་ནི་བསོད་ནམས་མཆོག་ལྡན་ཡན་བསྐལ་བཟང་བཞིན་ལ། དེ་ནས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། བསླབ་པ་གསུམ་གྱི་མདོ། སྐུ་གསུམ་པའི་མདོ། འདི་གཉིས་ཀྱི་བརྒྱུད་པ་རྗེ་འཇམ་དབྱངས་རྣམ་རྒྱལ་མན་གོང་ལྟར་ལ། དེ་ཡན་གྱི་བརྒྱུད་པ་མ་རྙེད། ༼ཅ༽ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་བམ་པོ་དྲུག་ལེའུ་ཉེར་བཞི་ཡེ་ཤེས་སྡེའི་འགྱུར། ༼ཅ༽སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མདོ་བམ་པོ་གཉིས་ལེའུ་བཞི་པ་ཡེ་ཤེས་སྡེའི་འགྱུར། ཚལ་བ་བཀའ་འགྱུར་ལྟར་ན།.....འདིའི་འོག་ཏུ་གཟུགས་ཅན་སྙིང་པོ་དང་འཆར་བྱེད་ལ་གདམས་པ་གཉིས་ཡོད་འདུག་རུང་དཔེ་མ་བྱུང་བས་ལུང་མ་ཐོབ། ༼ཅ༽མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བམ་པོ་བཞི་རཏྣ་རཀྵི་ཏའི་འགྱུར་རྣམས། འདི་གསུམ་གྱི་བརྒྱུད་པ་ཡང་བསྐལ་བཟང་དང་འདྲ།༼འ༽པར་དཀྱིལ་འཁོར་བརྒྱ་པའི་མདོ་ཤོ་ལོ་ཀ་བདུན་ཅུ་པ། འདིའི་བརྒྱུད་པ་རྒྱུད་འབུམ་གྱི་ཐོབ་ཡིག་ཁྲོད་ན་ཡོད། ༼ཀ༽འཇམ་དཔལ་རྣམ་པར་རོལ་པ་བམ་པོ་གཉིས། ༼ཅ༽མར་མེ་མཛད་ཀྱི་ལུང་བསྟན་པ་ཤོ་ལོ་ཀ་ཉིས་བརྒྱ་བཅུ་པ་ཀླུའི་རྒྱལ་མཚན་གྱི་འགྱུར། བདེ་ལྡན་མ་ལུང་བསྟན་པ་ཤོ་ལོ་ཀ་བདུན་བཅུ་པ། ༼ཅ༽ཐེག་པ་ཆེན་པོ་ལ་དད་པ་སྒོམ་པ་བམ་པོ་གཉིས་ལེའུ་བཞི་ཡེ་ཤེས་སྡེའི་འགྱུར། ༼ཁ༽ག་ཡ་གོ་རི་ཤོ་ལོ་ཀ་བརྒྱ་བརྒྱད་ཅུ་རྩ་བརྒྱད་པ་ཡེ་ཤེས་སྡེའི་འགྱུར། ༼ང༽དེ་བཞིན་གཤེགས་པའི་གཙུག་ཏོར་ཆེན་པོ་ལེའུ་སྟོང་ཕྲག་བཅུ་པ་ལས་དོན་མངོན་པར་སྤྱོད་པའི་ལེའུ་བམ་པོ་གཉིས་རྒྱ་ལས་བསྒྱུར་བ། ༼ང༽ཁམས་མང་པོའི་མདོ། ༼ཅ༽དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བམ་པོ་གཅིག་དཔལ་བརྩེགས་ཀྱི་འགྱུར། བཤད་མ་ཐག་པའི་མདོ་བརྒྱད་ཀྱི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། སངས་རྒྱས་རྗེས་སུ་དྲན་པ་འདི་སྔ་མ་དང་གཅིག།།༼ཅ༽ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་བམ་པོ་གསུམ་རིན་ཆེན་མཚོའི་འགྱུར། ༼ཀ༽སེངྒེའི་སྒྲ་བསྒྲགས་པ་བམ་པོ་གཅིག་ཡེ་ཤེས་སྙིང་པོའི་འགྱུར། ༼ང༽སྲིད་པ་འཕོ་བའི་མདོ་ཤོ་ལོ་ཀ་བདུན་ཅུ་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽འཕགས་པ་ཟ་མ་ཏོག་བཀོད་པ་བམ་པོ་ཕྱེད་ལྔ་ལེའུ་གཉིས་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཕྱིར་མི་ལྡོག་པའི་འཁོར་ལོ་བམ་པོ་དྲུག་ཡེ་ཤེས་སྡེའི་འགྱུར་རྣམས།༼ཡ༽༼ཀ༽པར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལེའུ་ཉེར་དགུ་པ་ཡེ་ཤེས་སྡེའི་འགྱུར། འདིའི་འོག་ཏུ་གསེར་འོད་མཆོག་ཏུ་རྣམ་རྒྱལ་འགོས་ཆོས་གྲུབ་ཀྱིས་བསྒྱུར་བ་འདུག་ཀྱང་ལུང་མ་ཐོབ། ཆོས་ཐམས་ཅད་འབྱུང་བ་མེད་པ་ནས་འདིའི་བར་གྱི་མདོ་དྲུག་གི་བརྒྱུད་པ་ནི་བསྐལ་བཟང་གི་བརྒྱུད་པ་ཇི་ལྟ་བ་བཞིན་ནོ། །༼ར༽པར་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་བམ་པོ་བརྒྱད་ལེའུ་བཅུ་གསུམ་པ་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི་རྒྱུད་འབུམ་གྱི་ཐོབ་ཡིག་ཁྲོད་ན་ཡོད། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་དཔལ་བརྩེགས་ཀྱི་འགྱུར། འདིའི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། འདིའི་མཚམས་སུ་ལང་ཀར་གཤེགས་པ་བམ་པོ་དགུ་པ་ཞིག་འདུག་པ་གོང་གི་དེ་དང་གཅིག་གམ་སྙམ་བརྟག །༼ལ༽པར་༼ཀ༽བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་བམ་པོ་ལྔ་པ། ༼ག༽དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་བམ་པོ་གསུམ་པ། འདི་གཉིས་ཀྱི་བརྒྱུད་པ་བསྐལ་བཟང་དང་འདྲ། སངས་རྒྱས་སྙན་གྱི་གོང་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་གསུམ་པ། འདི་ཕལ་ཆེན་གྱི་ལེའུ་དགུ་པ་དང༌། བཅུ་པ་འགྱུར་མི་གཅིག་པ་འདྲ་བ་ཞིག་འདུག་རུང་དཔྱད་པར་བྱ་ཞིང་ལུང་ནི་མ་ཐོབ། ༼ཀ༽འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་མདོ་བམ་པོ་བདུན་ཡེ་ཤེས་སྡེའི་འགྱུར། ༼ཀ༽སྟོང་ཕྲག་བཅུ་གཉིས་པའི་རྒྱན་སྟུག་པོ་བཀོད་པ་ལས་ཇི་སྙེད་པ་བམ་པོ་བཞི་ལེའུ་དགུ་པ་ཡེ་ཤེས་སྡེའི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། བདེན་པ་བཞིའི་མདོ། འདིའི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ཤ༽པར་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་དེ་བ་ཙནྡྲའི་འགྱུར། འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ་ཞིང༌། ཡང་ན་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་བའི་བརྒྱུད་པ་དང་གཅིག་གོ །༼ས༽པར་༼ཅ༽བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པ་དེ་ཝ་ཙནྡྲའི་འགྱུར། ༼ང༽ཕག་མོའི་རྟོགས་བརྗོད་ཤོ་ལོ་ཀ་བརྒྱ་པ་ཡེ་ཤེས་སྡེའི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་ནི་བསྐལ་བཟང་དང་གཅིག །ཟླ་འོད་ཀྱི་རྟོགས་བརྗོད་རིན་ཆེན་བཟང་པོའི་འགྱུར། མ་ག་དྷ་བཟང་མོའི་རྟོགས་བརྗོད་རིན་བཟང་གི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་བམ་པོ་བཞི་ལེའུ་བཅུ་གཅིག་པ་རྒྱ་ལས་བསྒྱུར་བ། འདིའི་བརྒྱུད་པ་ནི། ཐབས་ལ་མཁས་པའི་མདོའི་བརྒྱུད་པ་བཞིན་ནོ། །ཁང་བུ་བརྩེགས་པའི་མདོ་ཤོ་ལོ་ཀ་དྲུག་ཅུ་པ་འདིའི་བརྒྱུད་པ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ཅ༽གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ཤོ་ལོ་ཀ་བརྒྱ་པ། ༼ང༽རྣམ་པར་འཐག་པ་ཐམས་ཅད་བསྡུས་པ་བམ་པོ་གཅིག་ཡེ་ཤེས་སྡེའི་འགྱུར། ༼ང༽དཔལ་དབྱིག་གིས་ཞུས་པ་ཤོ་ལོ་ཀ་བརྒྱ་བཅོ་ལྔ་པ་ཡེ་ཤེས་སྡེའི་འགྱུར། གཙུག་ཏོར་བམ་པོ་དགུ་པ་ལས་བདུད་ཀྱི་ལེའུ་ཉི་ཚེ་ཕྱུང་བ་བམ་པོ་གཉིས་པ་རྒྱ་ལས་བསྒྱུར་བ། ༼ང༽དཀོན་མཆོག་ཟ་མ་ཏོག་བམ་པོ་བཞི་རིན་ཆེན་མཚོའི་འགྱུར། གོང་གསལ་མདོ་ལྔའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་ཚུལ་ཁྲིམས་ཉམས་པའི་རྣམ་པར་སྨིན་པ་ལྕི་ཡང་བསྟན་པ། སའི་སྙིང་པོས་ཞུས་པའི་མདོ་ལས་དུས་གང་དང་གང་དག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ནས་བརྗོད་པའི་ཕན་ཡོན་པཎ་ཆེན་ཤཱཀྱ་ཤྲཱིས་བསྡུས་པ། ཡོངས་སུ་སྐྱོབ་པའི་སྡེ་སྣོད་འགོས་ཆོས་གྲུབ་ཀྱི་འགྱུར་གསུམ་འདུག་པ་མ་ཐོབ། ༼ཅ༽རྒྱལ་བུ་དོན་འགྲུབ་ཀྱི་རྟོགས་བརྗོད་བམ་པོ་གཅིག་རྒྱ་ལས་བསྒྱུར་བ། འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འདི་འོག་ཏུ་རྒྱལ་བུ་ཀུན་ཏུ་དགེ་བའི་རྟོགས་བརྗོད། གནས་བརྟན་སྤྱན་དྲངས་པ་ཡེ་ཤེས་སྡེས་བསྒྱུར་བ་གཉིས་འདུག་ཀྱང་ལུང་མ་ཐོབ། མིག་བཅུ་གཉིས་པ་ཞེས་བྱ་བ་ལྟས་ཀྱི་གཙུག་ལག །འདིའི་བརྒྱུད་པ་བསོད་ནམས་མཆོག་ལྡན་ཡན་བསྐལ་བཟང་དང་འདྲ་ཞིང༌། དེ་ནས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། འདིའི་འོག་ཏུ་ཐུབ་པ་ཆེན་པོ་དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པ་གཙུག་ལག་ལེའུ་ཉེར་ལྔ་པ། ཨརྱ་ག་རུ་ཌ་བྱཱ་ཀ་ར་ཎའི་ནང་ནས་བྱུང་བ། ཟླ་ཁྱིམ་དང་རྒྱུ་སྐར་རྩི་བའི་མདོ་སྡེ་ལས་འབྱུང་བ་འཇིག་རྟེན་སྟོན་པའི་ལེའུ་ལས་ས་གཡོ་བ་ལ་སོགས་པའི་ལྟས་ཀྱི་ལེའུ་ཉི་ཚེ་འབྱུང་བ་ལ་སོགས་པའི་སྐར་འགྲེལ་ལས་མདོར་བསྡུས་པ། རིན་པོ་ཆེ་བརྟག་པ། ཕྲ་མེན་བརྟག་པ་རྣམས་འདུག་ཀྱང་ལུང་མ་ཐོབ།༼ཧ༽པར་མདོ་སྡེ་ལས་བརྒྱ་པ་བམ་པོ་ཉི་ཤུ་རྩ་གསུམ་ཡན། ༼ཨ༽པར་ལས་བརྒྱ་པ་བམ་པོ་ཉེར་བཞི་ནས་སོ་བདུན་པས་ཡོངས་རྫོགས། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས་བསྟན་པའི་གནས་འཇིག་ལུང་བསྟན་པ་བམ་པོ་གཅིག་པ། འདི་གཉིས་ཀྱི་བརྒྱུད་པ་ནི། བསོད་ནམས་མཆོག་ལྡན་ཡན་བསྐལ་བཟང་དང་འདྲ་ལ། དེ་ནས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ༼ང༽ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་བམ་པོ་དྲུག་པ། འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འདུ་ཤེས་བཅུ་བསྟན་པ་ཤོ་ལོ་ཀ་བརྒྱད་པ། འདིའི་བརྒྱུད་༝ དེ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། འཕགས་པ་སྟག་སྣའི་རྟོགས་པ་བརྗོད་པའི་མདོ་བམ་པོ་གཉིས་པ་ཤཱཀྱ་འོད་ཀྱི་འགྱུར། འདིའི་བརྒྱུད་པ་ནི། རྗེ་རིན་ཆེན་རྒྱ་མཚོ་ཡན་སླར་འཚོལ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། རིགས་ལྔའི་བཀྲ་ཤིས་འདིའི་བརྒྱུད་པ་ནི་རྒྱུད་འབུམ་གྱི་མཇུག་ན་ཡོད་པའི་དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་བརྒྱུད་པ་དང་འདྲ། ༼ཀི༽པར་༼ཁ༽དྲན་པ་ཉེར་བཞག་ལས་ལུས་དྲན་པ་ཉེར་བཞག །༼ཁི༽པར༼ཁ༽དྲན་པ་ཉེར་བཞག་ལས་ཚོར་བ་དྲན་པ་ཉེར་བཞག །༼གི༽པར༼ཁ༽དྲན་པ་ཉེར་བཞག་ལས་སེམས་དྲན་པ་ཉེར་བཞག །༼ངི༽པར་༼ཁ༽དྲན་པ་ཉེར་བཞག་ལས་ཆོས་དྲན་པ་ཉེར་བཞག་མ་ལུས་པ་ཤོ་ལོ་ཀ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ལོ་ཙཱ་བ་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར། འདིའི་བརྒྱུད་པ་ནི་བསྐལ་བཟང་གི་བརྒྱུད་པ་དང་འདྲ།༼ཅི༽པར་མཛངས་བླུན་ལེའུ་ལྔ་བཅུ་ང་གཅིག་བམ་པོ་བཅུ་གསུམ་རྒྱ་ལས་བསྒྱུར་བ། འདིའི་བརྒྱུད་པ་ནི། བསོད་ནམས་མཆོག་ལྡན་ཡན་བསྐལ་བཟང་བཞིན་ལ། དེ་ནས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། གཎྜིའི་དུས་ཀྱི་མདོ་དགེ་བའི་བློ་གྲོས་ཀྱི་འགྱུར། འཆི་འཕོ་བ་ཇི་ལྟར་བསྟན་པའི་མདོ། སྐད་གསར་བཅད་ཀྱིས་ཀྱང་བཅོས་པ་འདི་གཉིས་ཀྱི་བརྒྱུད་པ་ནི་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། འདིའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་རིན་བཟང་གིས་བསྒྱུར་བ་འདུག་པ་མ་ཐོབ། ལས་གདགས་པ་བཤད་པ་ཚིགས་བཅུ་གཅིག་པ་སྟེ་ལས་གདགས་གསུམ་པ་རྫོགས་པ་འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོ་དང་འདྲ། ༼ཅ༽ལས་རྣམ་པར་འབྱེད་པ་བམ་པོ་གཉིས་པ། ཡེ་ཤེས་སྡེའི་འགྱུར། འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་གསེར་འོད་ཆུང་བ་ལེའུ་ཉེར་གཅིག་པ་འདུག་ཀྱང་ལུང་མ་ཐོབ།༼ཆི༽པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ། སྐྱེས་རབས་ཀྱི་གླེང་གཞི། ལྕང་ལོ་ཅན་གྱི་ཕོ་བྲང་གི་མདོ། འདུས་པ་ཆེན་པོའི་མདོ། བྱམས་པའི་མདོ། བྱམས་པ་བསྒོམ་པའི་མདོ། བསླབ་པ་ལྔའི་ཕན་ཡོན་བསྟན་པའི་མདོ། རིའི་ཀུན་དགའ་བོའི་མདོ་རྣམས་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར། གོང་གསལ་མདོ་བརྒྱད་ཀྱི་བརྒྱད་པ་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང༌བ་དང་འདྲ། ཕ་མའི་མདོ་འདིའི་བརྒྱུད་པ་ནི། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ལས་ཀྱི་རྣམ་པར་འགྱུར་བ་བམ་པོ་གཅིག་པ། འདིའི་བརྒྱུད་པ་ནི། རྗེ་འཇམ་དབྱངས་རྣམ་རྒྱལ་ཡན་སླར་འཚོལ་རྒྱུ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ༼ཁ༽ཚེའི་མཐའི་མདོ་ཤོ་ལོ་ཀ་ཉིས་བརྒྱ་དང་ལྔ་པ་དཔལ་བརྩེགས་ཀྱི་འགྱུར། འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ། རྡོ་འཕངས་པའི་མདོ་བམ་པོ་གཉིས་པ་དཔལ་བརྩེགས་ཀྱི་འགྱུར། འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོ་དང་འདྲ། ལྟུང་བ་སྡེ་ལྔའི་དགེ་བ་དང་མི་དགེ་བའི་འབྲས་བུ་བརྟག་པའི་མདོ་ཤཱཀྱ་བློ་གྲོས་ཀྱི་འགྱུར། འདིའི་བརྒྱུད་པ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། ༼ང༽གཞོན་ནུ་དཔེའི་མདོ་ཤོ་ལོ་ཀ་ཉི་ཤུ་པ། བརྒྱུད་པ་བསྐལ་བཟང་དང་འདྲ། ཀླུའི་རྒྱལ་པོ་དགའ་པོ་དང་ཉེ་དགའ་འདུལ་བའི་མདོ། འོད་སྲུང་ཆེན་པོའི་མདོ། ཉི་མའི་མདོ། ཟླ་བའི་མདོ། བཀྲ་ཤིས་ཆེན་པོའི་མདོ་རྣམས་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར། འདི་རྣམས་ཀྱི་བརྒྱུད་པ་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆུང་བ་དང་འདྲ། བདེ་བྱེད་ཀྱིས་ཞུས་པ་ཡེ་ཤེས་སྡེའི་འགྱུར། ༼ཅ༽ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་བམ་པོ་བཞི་པ་ཡེ་ཤེས་སྡེའི་འགྱུར། འདི་གཉིས་ཀྱི་བརྒྱུད་པ་ཡང་བསྐལ་བཟང་དང་འདྲ། འདིའི་འོག་ཏུ་གསེར་མདོག་གི་རྟོགས་བརྗོད་རིན་བཟང་གི་འགྱུར། ཀུ་ན་ལའི་རྟོགས་བརྗོད། དཔེ་ཕྲེང་བ་ལས་སངས་རྒྱས་མཆོག་གི་དཔེ་སྟེ་དང་པོ་རིན་ཆེན་བཟང་པོའི་འགྱུར་རྣམས་དང༌། ༼ཇི༽པར་འཇིག་རྟེན་བཞག་པ་ཇི་ཙམ་དུ་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པ་ལས། ཚེ་དང་ལྡན་པ་མཽའུ་འགལ་གྱི་བུ་ཆེན་པོས་དགེ་སློང་རྣམས་ལ་སྨྲས་པ་ཚིག་བཅུ་བཞི་པ་བམ་པོ་བརྒྱད་པ་རྣམས་འདུག་ཀྱང་ལུང་མ་ཐོབ། ༼ཅ༽ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བསྡུས་པ། མི་རྟག་པའི་ཚོམས་ནས་བྲམ་ཟེའི་ཚོམས་ཀྱི་བར་སུམ་ཅུ་རྩ་གསུམ་ག༷སུ༷ངས་པའི་ཡོངས་སུ་རྫོགས་པ་བམ་པོ་བཞི་དཔལ་བརྩེགས་ཀྱི་འགྱུར། འདིའི་བརྒྱུད་པ་ནི་བསྐལ་བཟང་དང་འདྲ་ཞིང༌། ཡང་ན་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་ཡན་བསྐལ་བཟང་བཞིན་ལ། དེ་ནས་མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། མཁན་ཆེན་རཏྣ་ཨཱ་ཀཱ་ར། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། ལོ་པ་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། རིན་པོ་ཆེ་བོད་མཁར་བ། མཻ་ཏྲི་དོན་འགྲུབ་རྒྱལ་མཚན། ཤར་པ་ནམ་མཁའ་རྒྱལ་མཚན། དྲུང་ཆེན་དཔལ་འབྱོར་བསོད་ནམས་ལྷུན་འགྲུབ། རྡོ་རྗེ་འཆང་ཕ་བོང་ཁ། ཟུར་ཆོས་དབྱིངས་རང་གྲོལ། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ཡང་ན་རྗེ་བློ་བཟང་བསྟན་པ་དར་རྒྱས་ཡན་གྱི་བརྒྱུད་པ་མ་རྙེད། དེ་ནས་སྐུ་སྐྱེ་བློ་བཟང་འཕྲིན་ལས། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། འདིའི་འོག་ཏུ་འཇིག་རྟེན་བརྗོད་པའི་མདོ་བམ་པོ་གཅིག་འགྱུར་རྙིང༌། རྒྱུ་གདགས་པ། སངས་རྒྱས། རང་རྒྱལ་ཉན་ཐོས་ཀྱི་བརྟག་པ། ཆོས་མངོན་པའི་གདགས་པའི་བསྟན་བཅོས་བམ་པོ་བདུན་པ་ཡེ་ཤེས་སྡེའི་འགྱུར། དགྲ་བཅོམ་པ་དགེ་འདུན་འཕེལ་ལུང་བསྟན་པ། འདི་སྐད་བདག་གིས་སློབ་དཔོན་གྱི་བཤད་པ་ཐོས་པ་ན། ཞེས་པ་འགྱུར་བྱང་མ་འཁོད་པ། ལི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དང༌། གཙུག་ལག་ཁང་དང༌། ཆོས་ཀྱི་རྒྱལ་པོ་དག་འབྱུང་བའི་ཚུལ་འགྱུར་བྱང་མ་འཁོད་པ། འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ཤཱཀྱ་འོད་ཀྱི་འགྱུར་རྣམས་འདུག་པ་མ་ཐོབ། རྒྱལ་པོ་གསེར་གྱི་ལག་པའི་མར་མེའི་ལོ་རྒྱུས་དང་སྨོན་ལམ་གྱི་མདོ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་བྱམས་པའི་སྨོན་ལམ། འདིའི་རྗེས་སུ་བྱང་ཆུབ་སེམས་དཔའི་རྗེས་སུ་མོས་པའི་སྨོན་ལམ་ཞེས་བྱ་བ་འདུག་ཀྱང་ལུང་མ་ཐོབ། མཆོག་གི་སྤྱོད་པའི་སྨོན་ལམ་ཡེ་ཤེས་སྡེའི་འགྱུར། གོང་གསལ་སྨོན་ལམ་བཞི་ཀའི་བརྒྱུད་པ་ལ་བཟང་སྤྱོད་ཀྱི་བརྒྱུད་པ་ནི་བསོད་ནམས་མཆོག་ལྡན་ཡན་རྟོགས་པ་ཆེན་པོ་ལས་ཕྱག་འཚལ་བ་སོགས་ཀྱི་བརྒྱུད་པ་དང་འདྲ་ལ། དེ་ནས་ཆོས་རྗེ་རིན་ཆེན་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ཡང་ན་བསོད་ནམས་མཆོག་ལྡན་ནས། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། རྒྱལ་པོ་གསེར་ལག་གི་མར་མེའི་ལོ་རྒྱུས་དང་སྨོན་ལམ་གྱི་མདོ། བྱམས་པའི་སྨོན་ལམ་རྣམས་ཀྱི་བརྒྱུད་པ་ཆོས་རྗེ་རིན་ཆེན་རྒྱ་མཚོ་ཡན་སླར་འཚོལ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། མཆོག་གི་སྤྱོད་པའི་སྨོན་ལམ་གྱི་བརྒྱུད་པ་ནི་ཆོས་ཀྱི་རྒྱ་མཚོའི་མདོ་དང་འདྲ། ༼ག༽བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་བསྔོ་བ་ཤོ་ལོ་ཀ་ལྔ་བཅུ་པ། འདིའི་བརྒྱུད་པ་ནི་བསོད་ནམས་མཆོག་ལྡན་ཡན་བཟང་སྤྱོད་ཀྱི་བརྒྱུད་པ་སྔ་མ་དང་འདྲ་ཞིང༌། དེ་ནས་རྗེ་འཇམ་དབྱངས་རྣམ་རྒྱལ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབ་པའི་བསྔོ་བ་ཤོ་ལོ་ཀ་བཞི་བཅུ་པ་དཔལ་བརྩེགས་ཀྱི་འགྱུར། བརྒྱུད་པ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་འདྲ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། འདིའི་བརྒྱུད་པ་ནི་ཐབས་ལ་མཁས་པའི་མདོ་དང་འདྲ། བདེ་ལེགས་སུ་གྱུར་པའི་ཚིགས་སུ་བཅད་པ་ཡེ་ཤེས་སྡེའི་འགྱུར། བརྒྱུད་པ་ནི་ཆོས་རྗེ་རིན་ཆེན་རྒྱ་མཚོ་ཡན་སླར་འཚོལ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། ༼ཁ༽བདེ་ལེགས་ཀྱི་ཚིགས་སུ་བཅད་པ་འདིའི་བརྒྱུད་པ་བསྐལ་བཟང་དང་འདྲ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་བཅད། དཀོན་མཆོག་གསུམ་གྱི་བདེ་ལེགས་ཀྱི་ཚིགས་བཅད་རྣམས་བཞུགས། འདི་གཉིས་ཀྱི་བརྒྱུད་པ་ནི། ཆོས་རྗེ་རིན་ཆེན་རྒྱ་མཚོ་ཡན་སླར་འཚོལ། དེ་ནས་དྲིན་ཆེན་རྩ་བའི་བླ་མ་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་པོ་ཏི་གསུམ་ཡོད་པའི་གླེགས་བམ། ༼ཀ༽པར་ལེའུ་དྲུག་དང་བམ་པོ་བཅུ་གཅིག་པ་ཡན། ༼ཁ༽པར་དེ་ནས་ལེའུ་བཅུ་གཅིག་པ་བམ་པོ་ཉེར་བརྒྱད་པ་ཡན། ༼ག༽ པར་དེ་ནས་ལེའུ་བཅུ་གཅིག་པའི་སྨད་ནས་བསྟན་པ་བཞག་པའི་ལེའུ་ལོ་རྒྱུས་འཕྲོས་དང་བཅས་པ་བམ་པོ་ཞེ་གསུམ་པ་ཡན་གྱི་ཡོངས་སུ་རྫོགས་པར་བཞུགས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་ཀྲིཥྞའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། སངས་རྒྱས་གཉིས་པ་ཀླུ་སྒྲུབ། སློབ་དཔོན་ཨརྱ་དེ་ཝ། སློབ་དཔོན་འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ། དཔྱལ་པདྨ་ཅན། མཁན་པོ་གཞོན་ཡེ། རོང་པ་ཤེར་སེང༌། བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་དཔལ་ཤེས་རབ། བསོད་ནམས་སེངྒེ་། རིན་པོ་ཆེ་གྲགས་དོན་པ། རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། འབུམ་རམ་པ་རིན་ཆེན་ཆོས་དབང༌། ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་བ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། སྨན་ལུང་པ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་སྦྱིན་པ་རྒྱ་མཚོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ། མྱང་འདས་ཆེན་པོ་འདིས་མཚོན་བསྐལ་བཟང་དང་བརྒྱུད་པ་འདྲ་ལ། སྒོས་བརྒྱུད་མེད་པའི་གོང་གི་མདོ་ཀུན་ལ་ཧོར་ཁོང་ཡོད་ཚུལ་ལ་བརྟེན། པཎ་ཆེན་ནས་བརྒྱུད་པའི་ལུང་དག་པོ་ཡོད་པ་བག་སྟོན་པས། ཞང་ཀུན་དགའ་འོད་ཟེར་ལ་གསན་པའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི་ནས་ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཇོ་གདན་ཟས་གཙང༌། ཤངས་པ་གྲགས་སེང༌། ཞལ་སྔ་པ་བསོད་ནམས་རིན་ཆེན། མཁན་པོ་གཞོན་ནུ་ཡེ་ཤེས། སེ་སྟོན་འབྱུང་ལྡན་འོད། མང་མཁར་བ་བྱང་ཆུབ་སེངྒེ་། ཞང་ཀུན་དགའ་འོད་ཟེར། བག་སྟོན་གཞོན་ཚུལ་མན་བཤད་མ་ཐག་པ་དང་འདྲ། ཡང་དཔྱལ་ཆོས་བཟང་གིས་ཁྲ་ཕུར་པཎ་ཆེན་ལ་གསན་པའི་དུས་ལྷོ་པས་ཀྱང་གསན་པ་ཡིན་ཟེར་བ་ལས། གསན་ཡིག་ངེས་ཏིག་མ་བྱུང་བར་བརྟེན། བག་སྟོན་རིན་པོ་ཆེ་ནས། ས་སྐྱ་ཡང་དགོན་གློ་ཆེན་པར་གོང་དུ་སྨོས་པའི་མདོ་རྣམས་ལས་སྒོས་བརྒྱུད་མེད་པའི་བསྐལ་བཟང་དང་བརྒྱུད་པ་གཅིག་པ་རྣམས་སྐྱར་ནས་གསན་པའི་བརྒྱུད་པ་ནི། ཐུབ་དབང༌། མ་ཕམ་པ། ཐོགས་མེད། དབྱིག་གཉེན། སངས་རྒྱས་བསྐྱངས། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དྲི་མེད་སྦས་པ། རིན་ཆེན་རྡོ་རྗེ། དྷརྨ་ཨཱ་ཀཱ་ར་ཤཱནྟི་བ། དེ་ལ་པཎྜི་ཏ་ཛྙཱ་ན་ཤྲི་དང༌། ཇོ་བོ་པུ་ཎྱཤྲི་གཉིས་ཀྱིས་གསན། གཉིས་ཀ་ལ་པཎྜི་ཏ་སུ་མ་ཏི་ཀཱིརྟི། དེ་ལ་སྨྲི་ཏི་ཛྙཱ་ན་ཀཱིརྟི། དེ་ལ་རོང་ཟོམ་ལོ་ཙཱ་བ་ཆོས་བཟང༌། མངའ་བདག་ཏིང་འཛིན་བཟང་པོ། མངའ་བདག་ཉང་ཉི་མ་འོད་ཟེར། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་བ་གྲགས་རྒྱན། ཤངས་པ་གྲགས་སེང༌། སྤྱིལ་བུ་བ་སྟག་སྟོན་ཤེས་རབ་འོད་ཟེར། ས་སྐྱ་ཡང་དགོན་པ་གློ་ཆེན་སངས་རྒྱས་སྲས། བག་སྟོན་གཞོན་ཚུལ་མན་གོང་དང་འདྲ། ཡང་སྒོས་བརྒྱུད་མེད་པ་བསྐལ་བཟང་དང་བརྒྱུད་པ་འདྲ་བ་རྣམས་སྟེང་ལོ་ནས་བརྒྱུད་པ་སྲང་ཕག་ཁུར་བ་ལ་བག་སྟོན་པས་བསྐྱར་ནས་གསན་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། ཨཱརྱ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨཱ་ཀ་ར་ཤཱཎྟི་བ། སེའུ་རི་བ། ཨ་བྷ་ཡ་ཀཱ་ར། དགེ་བའི་འབྱུང་གནས་སྦས་པ། རྡོ་རྗེ་གདན་པ་གསུམ། པུ་ཎྱ་ཤྲཱི། སྟེང་པ་ལོ་ཙཱ་བ། སོ་ཐམས་ཅད་མཁྱེན་པ། སོ་འཛམ་གླིང་རྒྱན། ལྷོ་པ་ཐམས་ཅད་མཁྱེན་པ། ཀོ་ནག་རལ་གྲི། ཤངས་པ་གྲགས་སེང༌། ཞང་ཀུན་དགའ་འབུམ། ཕག་ཁུར་དཀོན་ཡེ། བག་སྟོན་གཞོན་ཚུལ་མན་གོང་དང་འདྲ། གཞི་གཙོ་བོར་སྟོན་པ་དེ་བཞིན་གཤེགས་པའི་སྙིང་པོ། ལམ་ལ་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་ས་བཅུ་པ་དང་དཀོན་བརྩེགས་ནས་གསང་ཆེན་ཐབས་ལ་མཁས་པ། ལམ་ལ་ཤེས་རབ་ཀྱི་ཆ་གཅོ་བོར་སྟོན་པ་ཏིང་ངེ་འཛིན་རྒྱལ་པོ། འབྲས་བུ་གཙོ་བོར་སྟོན་པ་སངས་རྒྱས་ཀྱི་ས་སྟེ་ཟབ་མོའི་མདོ་ལྔའི་བརྒྱུད་པ་ལུགས་གཅིག་ནི། ཐུབ་དབང༌། འཇམ་དབྱངས། རཏྣ་ཨཱ་ཀཱ་ར་ཤཱནྟི། བལ་པོའི་པཎྜི་ཏ་ཞི་བ་བཟང་པོ། འབྲོ་ལོ་ཙཱ་བ། སེང་དཀར་ཤཱཀྱ་འོད། ཁྱུང་པོ་གྲགས་སེང༌། ཤེའུ་དགོན་པ་བ། བྱང་ཆད་པ། དཀོན་ཤེ །མང་མཁར་ཚ་ལུང་གི་ཏོག་སྟོན་ཆེན་པོ་དཀོན་མཆོག །གླང་ངར་བརྡ་སྟོན་བསོད་ནམས་ཡོན་ཏན། གྲུབ་ཐོབ་ཡོན་ཏན་དཔལ་འགྲོ་མགོན་ཆོས་རྒྱལ་འཕགས་པ། སྣུར་ཡེ་ཤེས་རྒྱལ་མཚན། བག་སྟོན་གཞོན་ཚུལ། སློབ་དཔོན་མགོན་པོ་འབུམ། ཀུན་མཁྱེན་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གོང་བཞིན། ཡང་ན་འཕགས་པ་རིན་པོ་ཆེ་ནས། མཁས་པ་ཚད་མའི་སྐྱེས་བུ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། མཁན་ཆེན་ཤེས་རབ་རྡོ་རྗེ་མན་གོང་དང་འདྲ། རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་གཅིག་ནི། སངས་རྒྱས། བྱམས་པ། ཐོགས་མེད། དབྱིག་གཉེན། རྣམ་གྲོལ་སྡེ། སེང་བཟང༌། སངས་རྒྱས་ཡེ་ཤེས་ཞབས། ཤཱནྟི་པ། པུ་ཎྱེ་ཤྲཱི། སྟེང༌ལོ། དྭགས་པོ་བ། ཁྱུང་པོ་གྲགས་ཤེ །ལྷ་རྗེ་གྲགས་སྐྱབས། འོར་སྟོན་པ་ལྷ་དབང༌། སོ་སྟོན་ཆོས་ཤེ །དབུས་པ་སངས་རྒྱས་འབུམ། ལོ་མཆོག་པ། ར་ས་བ་སྟོན་ཤཱཀ །བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་མན་འདྲ། རྟགས་ཅན་རྣམས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྫོགས་པའི་སངས་རྒྱས། སྤྱན་རས་གཟིགས། བྱམས་པ། གསེར་གླིང་པ། ཇོ་བོ་རྗེ། ནག་ཚོ་ལོ་ཙཱ་བ། པོ་ཏོ་བ། ཤ་ར་བ། བྱ་ཡུལ་བ། མུས་སྨན་པ། དཔལ་ལྡན་གྲོ་མོ་ཆེ་བ། བྱང་ཆེན་པ། བག་སྟོན། མགོན་པོ་འབུམ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་མན་འདྲའོ། །

    རྟགས་ཅན་རྣམས་ཀྱི་བརྒྱུད་པ་ལུགས་གཅིག་ནི། སངས་རྒྱས། འཇམ་དཔལ། ཀླུ་སྒྲུབ། ཀླུའི་བྱང་ཆུབ། ཌོམ་བྷི་བ། འཇམ་དཔལ་གྲགས་པ། རཏྣཨཱ་ཀཱ་ར་ཤཱནྟི། རྡོ་རྗེ་གདན་པ་ཆེ་འབྲིང་ཆུང་གསུམ། སོ་མ་ཤྲཱི་བྷ་དྲ། བི་མ་ལ་ཤྲཱི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོ་ཙཱ་བ། ལྷོ་པ་ཐམས་ཅད་མཁྱེན་པ། སྤང་ཁང་པ་གྲགས་པ་རྒྱལ་མཚན། ཤངས་པ་གྲགས་སེང༌། ཞལ་སྔ་པ་བསོད་རིན། མཁན་ཆེན་གངས་པ། ཤེས་རབ་དཔལ། དགེ་སློང་ཀུན་དགའ་ཉི་མ། བག་སྟོན་གཞོན་ཚུལ། སློབ་དཔོན་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། རིན་པོ་ཆེ་གྲགས་དོན་པ། བླ་མ་རིན་ཆེན་གྲགས་པ་མན་སྔར་དང་འདྲ། རྟགས་ཅན་རྣམས་ཀྱི་བརྒྱུད་པ་ལུགས་གཅིག་ནི། སངས་རྒྱས། བྱམས་པ། ཀླུ་སྒྲུབ། སྐལ་ལྡན་གྲགས་པ། ཟླ་གྲགས། འཇམ་དཔལ་གྲགས་པ། ཆོས་ཀྱི་གྲགས་པ། ཏཻ་ལོ་པ། ནཱ་རོ་པ། ཞི་བའི་བཤེས་གཉེན། ཛྙཱ་ན་ཤྲཱི། གཉན་ལོ་དར་མ་གྲགས། ཁྱུང་པོ་གྲགས་སེང༌། འོར་སྟོན་པ། སོ་སྟོན་པ། ཞང་ངར་སེང༌། རོང་པ་ཆོས་མགོན། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དཔུང་རྒྱན་མཛེས་པའི་ཏོག །བག་སྟོན་གཞོན་ཚུལ། བླ་མ་མགོན་པོ་འབུམ། སྤུ་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ་མན་གོང་བཞིན་ནོ། །རྟགས་ཅན་རྣམས་ཀྱི་བརྒྱུད་པ་ལུགས་གཅིག་ནི། རྣམ་འདྲེན་ཟས་གཙང་སྲས་པོ། འཕགས་པ་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས། མར་མེ་མཛད་བཟང་པོ། སྨན་པའི་ཞབས། རྒྱལ་བས་སྦྱིན། རཏྣ་ཤྲཱི། ཤནྟི་བཛྲ། ཀརྨ་བཛྲ། པུ་ཎྱ་ཤྲི། བི་ཛ་ཡ་རཀྵི་ཏ། ཐར་ལོ་ཉི་མ་རྒྱལ་མཚན། ཕག་ཁུར་བ་དཀོན་མཆོག་བླ་མ། བག་སྟོན། མགོན་པོ་འབུམ། སྤུ་སྟོན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་སེང༌། རིན་པོ་ཆེ་གྲགས་དོན་པ། རིན་ཆེན་གྲགས་པ། ཆོས་རྗེ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཆེན་པོ་བློ་གྲོས་རྒྱལ་མཚན། མཁས་དབང་རིན་ཆེན་ཆོས་དབང༌། ཚུལ་ཁྲིམས་དབང་ཕྱུག །རྗེ་གཙུག་ལག་ཕྲེང་བ། རྒྱལ་བ་དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་འགྲུབ། བླ་མ་ཚོགས་གཉིས་དཔལ་གྲུབ། སྨན་ལུང་བ་བློ་མཆོག་རྡོ་རྗེ། བསོད་ནམས་མཆོག་ལྡན། ཆོས་རྗེ་འཇམ་དབྱངས་རྣམ་རྒྱལ། དྲིན་ཆེན་རྩ་བའི་བླ་མ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་སྦྱིན་པ་རྒྱ་མཚོ་དཔལ་བཟང་པོ། དྲིན་ཆེན་བླ་མ་འཇམ་དབྱངས་གྲགས་པ

                                                                                                                                རྩོམ་སྒྲིག་པ། མང་ར་བ།

      གསལ་འདེབས། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                   དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།