རྗེས་དྲན་ཆེད་བསྒྲིགས། རབ་རྒན་ཀྱི་བསྟོད་པ་བཀྲ་ཤིས་དགེ་མཚན་གཡང་ཆགས།
ལྷོ་བྲག་དམར་གཤིན་རྗེའི་འཕྲང་གཏོར་ནས། །
རྨ་ཀླུང་ཆེན་བྱང་དུ་ལྷུང་ལྷུང་རྒྱུག །
ཤར་བཙན་མགོན་རྡོ་རྗེའི་ཕུགས་རྒྱུད་ནས། །
མང་ཆུ་དང་རྨ་ཆུ་མ་བུ་འདྲེས། །
ཤིང་སྣ་ཚོགས་ལྗོན་པའི་འཁྲི་ཤིང་རྩེར། །
བྱ་མགྲིན་སྔོན་ཟླ་བས་གཅོང་སྐད་སྒྲོག །
འབྲུ་སྣ་ཚོགས་སྨིན་པའི་ཞིང་ས་དང་། །
ཟེགས་བྱེ་མས་མིག་མངས་རིས་སུ་བྲེས། །
དགུང་སྦྲང་མས་གླུ་དབྱངས་དར་དིར་སྒྲོག །
དཔྱིད་སིལ་སྡོང་མེ་ཏོག་དྲི་ཞིམ་ཁྱབ། །
དབྱར་ཚ་བ་རྒྱ་གར་ཆོས་ཀྱི་ཞིང་། །
སྟོན་འབྲུ་དྲུག་རྒྱས་པས་བང་མཛོད་གང་། །
ཡུལ་མང་རའི་གསེར་ལྗོངས་རིང་མོའི་མདོ། །
སྒོ་རབ་རྒན་གསེར་མོ་ལྗོངས་འདིས་བཀག །
འདིར་བཀྲ་ཤིས་དགེ་མཚན་གཡང་ཆགས་ན། །
ཆོས་སྲིད་ཀྱི་ལེགས་ཚོགས་འཕེལ་ངེས་གདའ། །
འདི་ནི་ཁོང་གི་ལོ་རབས་དྲུག་ཅུ་བའི་ནང་དུ་སྡེ་འདིར་བཞུགས་དུས་མཚོ་སྔོན་པོའི་སྨན་པ་གཡང་རིས་ལ་སྤྲིངས་པའི་འཕྲིན་ཡིག་ལས་བཤུས་པ་ཡིན་ལ་ཁ་ཡིག་བཤུས་པ་བོས་བཀོད།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn