ཆོས་དང་སློབ་གཉེར་སྐོར་གྱི་གཏམ་དཔེ།
དམ་པའི་ཆོས་སྐོར་གྱི་གཏམ་དཔེ།
ཀ
ཀུན་མཁྱེན་བླ་མ་བརྒྱ་ཡོད་ཀྱང་།རང་ལ་དད་ས་གཅིག་གིས་ཆོག།
སྐུའི་ངོ་བོ་ཡིན། གསུང་གི་པད་གདན་ཡིན།
དཀར་བོ་ཆོས་ལ་དད་པ་བྱས་ན། སེང་གེའི་དཀར་མོའི་འོ་མ་འདྲ།
ཁ
ག
གལ་བོ་ཆེ་ལ་ནན་ཏན༎དམ་པའི་ཆོས་ལ་བརྒྱ་ཚར།
དགའ་ལྡན་ཚོགས་ལ་རང་འདུ་བྱས། དད་པའི་ཕྱག་ལ་རང་ལང་བྱས།
དགའ་ལྡན་གཅོད་པའི་ལག་ལ། གཅོད་གྲི་ཐད་དུ་བཞག་ཡོད།
དགེ་བསྐོས་ལྕུག་འོག་ན་མེད་ན།དཀོན་མཆོག་གི་སྐྱབས་འོག་ན་མེད།
རྒྱ་སྐད་ཀྱི་མགོ་ནས་བཟུང་སྟེ།ཤ་ར་ར་ཞིག་བཏོན།
རྒྱུ་མེད་ལུང་པར་ཤོམ་ར་ཆེ། ཡུལ་ལ་ཡོང་ན་ནུབ་འཚལ་མེད།
ང
སྔགས་ཟབ་ནོ་མདོ་ཡི་དྲིན་ཡིན།ཐུལ་སྣུམ་ནོ་མར་གྱི་དྲིན་ཡིན།
སྔས་མགོའི་བླ་མ་ཡག་དགོས། འདྲེ་འདུལ་བོན་པོ་འཇིགས་དགོས།
ཅ
ཆ
ཆོས་ཀྱི་འགོ་དཀའ། འཇིག་རྟེན་མཐའ་དཀའ།
ཆོས་སྐྱབས་འགྲོ་མེད་ན་འདོན་སྲོལ་མེད་ད།ཟས་མཆོད་ཁ་མེད་ན་ཟ་སྲོལ་མེད།
ཆོས་ཕུ་ཐག་བླ་མའི་མདུན་ནས་ཆོད། མར་ཙག་ཐག་ཁོལ་ཁུང་སྒོ་ནས་ཆོད།
ཆོས་ཀྱི་མགོ་མ་སྐྱབས་འགྲོ་ཡིན།ཟས་ཀྱི་མགོ་མ་མཆོད་ཁ་ཡིན།
ཆོས་རྒྱ་གར་སྐད་ཀྱི་མགོ་གླེང་ས། གསུང་ཨ་ར་ཧ་ཏེ་འགྲེལ་བཞག་ས།
ཆོས་དཀར་པོའི་ཕྱོགས་ལ་ཀུན་སློང་གཙོ། བོད་ཁ་བ་ཅན་ལ་རྟེན་འབྲེལ་གཙོ།
ཆོས་མེད་ལུང་པར་ཝུར་སྒྲ་ཆེ། ཡིད་ལ་འཛིན་བགྱི་སྐྱབས་འགྲོ་མེད།
ཇ
རྗེ་བླ་མའི་བཀའ་ཤོག་རླུང་བསྐུར་མི་རུང་གོང་དཔོན་པོའི་ཐམ་ཀ་བྲག་ལ་རྒྱག་མི་རུང་།
རྗེ་བླ་མའི་སྐུ་གཟུགས་དྲང་རུང་། དབུ་ཞྭ་མོའི་དབུ་རྩེ་ཡོན་ཡོད།
ཉ
ཏ
གཏོར་མ་དམར་ནག་གི་རྩེར་སྐྱོན། ། ལིང་ག་ཟུར་གསུམ་གྱི་དཀྱིལ་ལ་འཇོག །
རྟ་ར་རའི་སྲབ་མདའ་དར་ལ་ལྕིབས་ན། དཔོན་ཆེན་པོའི་ཁ་ངོ་ཨེ་ཟིན་བསམ།
སྟོད་དབུས་གཙང་བླ་མའི་ཆོས་གསུང་ན། ཆོས་ཆད་ལྷག་ཤོར་ན་ཁྱོད་ཡིན་ཟེར།
ལྟོ་ཁྱི་མོར་བླུད་ན་སྒོ་སྲུང་རེད། སྐྱབས་བླ་མར་བཅོལ་ན་ཕྱི་མ་རེད།
ཐ
ཕྱོགས་བཅུའི་བླ་མ་རྩྭི་ཏོག་དང་།རང་གི་བླ་མ་མེ་ཏོག་ཡིན།
མཐོ་རིས་འགྲོ་ན་ལ་གང་མཐོ། དམྱལ་བར་འགྲོ་ན་ཐུར་གང་ཟབ།
ད
དུང་དཀར་པོའི་ཁོག་པ་དབུགས་ཀྱིས་བཀང་ནས། རྗེ་བླ་མའི་མཆོད་པར་ཨི་འགྲོ་བསམ།
དམ་པའི་ཆོས་ཀྱི་མགོ་དཀའ། འཇིག་རྟེན་འཁོར་བའི་མཐའ་དཀའ།
དད་པའི་ཨ་ལོང་མེད་ན་འདྲེན་པའི་ལྕགས་ཀྱུ་མེད།སློབ་མར་དད་པ་མེད་ན་བླ་མར་བྱིན་རླབས་མེད།
རྡོ་རྗེ་དྲིལ་བུའི་སྐེད་ནས་བཟུང་སྟེ། སིལ་ལུ་ལུ་ཞིག་གཡུག །
ཐ
པ
ཕྱག་བླ་མར་འཚལ་ན་ཕྱི་མར་ཧྲ། ལྟོ་ཁྱི་མོར་བླུད་ན་རྐུན་མར་ཧྲ།
ཕ
ཕ་ལོའི་ཁ་འདྲེ་བློས་སྟེག་ནི་ཞིག ། འཕང་ལོའི་ཁ་ཕྱིར་ར་འཁོར་ནི་ཞིག །
ཕྱག་བླ་མར་འཚལ་ན་ཕྱི་མར་ཧྲ། ། ལྟོ་ཁྱི་མོར་བླུད་ན་རྐུན་མར་ཧྲ། །
བ
བན་དེ་ཆོས་ཀྱིས་དྲེད་ན་དཀོར་གྱི་ངོ་མི་ཤེས། དོམ་པ་དོམ་གྱིས་དྲེད་ན་བདག་པོར་ངོ་མི་ཚ།
བྱ་བའི་མགོ་དཀའ། ཆོས་ཀྱི་གཞུང་དཀའ།
མ
དམར་ཆེན་གཏོར་མ་དོས་རྩིག་རྩིག ། ཆོས་སྐྱོང་སྲུང་མ་རྟ་གསོ་གསོ། །
རྟ་རྒོད་པོ་ལྕགས་ཀྱིས་བཏུལ།མི་རྒོད་པོ་ཆོས་ཀྱིས་བཏུལ།
སྨད་རྒྱ་ནག་རྒྱ་མོས་དར་བཏགས་ན། གོས་སྤུན་སུལ་ཤོར་ན་ཁྱོད་ཡིན་ཟེར།
ཙ
བཙན་ལ་རྩེ་མོ་ཡོད། །རྩེ་མོར་སྣེ་མོ་ཡོད། །
གཉན་ལ་ཟུར་ཁ་ཡོད། །ཟུར་ཁར་ཟོར་ཁ་ཡོད། །
བཙན་ཐོག་ལ་བབ་ནས་ཁ་འཁོར་དབང་མེད་ནི་ཞིག །
གཉན་ལམ་གི་ཐུག་ནས་ལག་ལེན་དབང་མེད་ནི་ཞིག །
བཙུན་པ་ཉལ་ཤེས་ན་ཆོས་ཡིན།
ཚ
ཛ
འཛིན་གྲྭ་རྒན་པ་རྒན་པ་ཡིན། སེམས་པ་ཁ་དོག་དཀར་དམར་ཡིན།
ཝ
ར
ལ
ལས་བསོད་ནམས་ཟད་ཁར་་བླ་མར་ཆོས་བཤད་བྱེད་ངེས། ཕྱུག་ཐུར་ལ་འགྲོ་ཁར་ར་མ་རྭ་བཞི་སྐྱེ་ངེས།
བླ་མ་ཕར་རི། ཆོས་གོས་ཚུ་རི།
བླ་མ་ཡོད་དུས་དད་པ་མེད། དད་པ་ཡོད་དུས་བླ་མ་མེད།
བླ་མས་ཅི་གསུང་ཆོས་ཡིན། མཛུབ་མོས་གར་བསྟན་ཤར་ཡིན།
བླ་མའི་གསུང་ལ་འཁྲུལ་བ་ཡོད། ཕ་མའི་ངག་ལ་ནོར་བ་མེད།
ཤ
ཤི་དམྱལ་བར་ལྷུང་ན་བར་དོ་མེད་ནི་ཞིག ། གསོན་རུ་ཡུལ་བར་ན་ངོ་ཐུག་མེད་ནི་ཞིག །
ས
སངས་རྒྱས་ལ་ཉེ་རིང་མེད་ཀྱང་། ཀུན་དགའ་བོར་རང་ཕྱོགས།
སེམས་དང་བའི་དད་པ་ཡོད་ན། ཆོས་ཁུར་དུ་མི་འགྲོ་རྒྱན་དུ་འགྲོ།
ཧ
ལྷ་གཅིག་ལ་དད་པ་དང་།ལམ་གཅིག་ལ་རྡོག་པ།
ཨ
ཨ་མའི་བུ་ལ་བློ་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད།
སློབ་གཉེར་སྐོར་གྱི་གཏམ་དཔེ།
གྲི་ཆུང་ཡོད་རུང་མ་བརྡར་ན་མི་ཆོད། རིག་པ་རྣོ་ཡང་མ་སློབ་ན་མི་མཁས།
ཆོས་མགོ་མའི་དབུ་ཁྱུད་འབྲི་དུས། སྐྲ་ལན་བུའི་ལན་མགོ་འཇོག་དུས།
ཉི་མ་ཤར་ན་ས་གཞི་གསལ། དཔེ་ཆ་བཏོན་ན་ཤེས་རྒྱ་ཆེ།
མ་བསླབ་མཁས་པ་གླིང་ན་དཀོན། བསླབ་ན་མཁས་པ་གླང་ངུའང་ཉན།
མི་ཤེས་ཤེས་ཁུལ་བྱས་ན་ཐན་ཡིན། ཤེས་པ་ཁོང་རུལ་ཡིན་ན་ཐན།
བརྩོན་འགྲུས་ཅན་ལ་ཤེས་བྱས་ཕྱུག ལེ་ལོ་ཅན་ལ་གཉིད་ཀྱིས་ཕྱུག།
བློ་གསལ་རུང་མ་བསླབ་ན་མི་ཤེས།མི་ཤེས་ཤེས་ཁུལ་བྱས་ན་མཚང་ཡིན།
བརྩོན་འགྲུས་མེད་པའི་རིག་པ་དེ། ཡུ་བ་མེད་པའི་སྤུ་གྲི་འདྲ།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn