ཚེ་ཐར་སྐོར་གྱི་གླུ་དང་གཏམ་དཔེ།
འདི་ནི་དམངས་ཁྲོད་ཀྱི་ཚེ་སྲོག་གི་ལྟ་བའི་རྒྱུ་ཆ་གལ་ཏེ་ཞིག་ཡིན་པས་ཀུན་གྱིས་འདིའི་སྐོར་གྱི་གཏམ་དཔེ་དང་གླུ་ཤེས་པ་དག་འདིའི་མཆན་དུ་འགོད་རོགས།
གཏམ་དཔེ།
བཙོང་ནས་རིན་མི་ལེན།
བཤས་ནས་ཤ་མི་ཟ།
ཉ་མོ་ཁྲི་སྡིག
སྦལ་བ་འབུམ་སྡིག
བཙོང་ནས་རིན་མི་ལེན།
བཤས་ནས་ཤ་མི་ཟ།
རྐུན་མར་དཔའ་དར།
སྤྱང་ཀིར་རྣ་ཚར།།
འབྲི་རྒྱ་ཐོ་ཚེ་ཐར་བྱས་ན།
ཞོ་འོ་མའི་རྒྱ་མཚོ་ཡོད།
ཁ་ཤ་དགའ་ལ་དགའ་ན།
རྒྱབ་གྱང་༼གྲང༽ལ་བརླན།
རྡུང་མ་ཤེས་ཨ་བའི་མགོ་རུས་བཅག།
རྐུ་མ་ཤེས་ཚེ་ཐར་རི་ནས་བཤས།།
བལ་འཇམ་པོར་རྩི་མགོར་དཀྲིས་པ་འདི།།
ཐུག་མི་ཉན་ལྷ་ཀླུའི་གནས་མལ་ཡིན།།
ཉ་མོ་སྟོང་སྡིག །
ངང་བ་ཚེ་སྡུག
གཡང་སྒོ་ཟོག་བཤས་ན་ཁྱིམ་ལ་གནོད།
རྟ་མདོ་བ་བཙོང་ན་ཇག་ལ་ངན།
འབྲི་མོ་ཁྲ་རིལ་གཡང་གི་སྒོ།
ཁྱི་གུ་རྒྱ་ལི་ཟས་ཀྱི་སྒོ།
གཡག་རྒྱ་རྒྱ་ལྷའི་སྲུང་བཏགས་ཡིན།
གཡང་རུ་མ་མི་ཉམས་རྟེན་འབྲེལ་ཡོད།
ར་རྒྱ་རྒྱ་རང་གི་ཚེ་ཐར་ཡིན།
སྲོག་བར་ཆད་མེད་པའི་རྟེན་འབྲེལ་ཡོད།
་དྲིན་ཆེན་དྲིན་ལོག།
གཡང་ལར་རྡོ་ཁ།
སྲོག་ཅན་གྱི་ཤ་ལ་མ་ཐུག
དུག་ཅན་གྱི་ཁྲག་ལ་མ་ཐུག
རྟ་དུང་རི་ནོར་གྱི་བང་མཛོད་ཡིན།
མཛོ་ཁྱུང་དཀར་དགོན་པའི་ལྷ་གཡག་ཡིན།
ལུའུ་སྡིག་གསེར་གྱིས་མི་བཤོགས།
རྟ་རྒས་འཁོགས་ཇག་ལ་མི་བཙོང་།
ཁྱི་ཧོན་ལོག་འཚེར་ནས་མི་བསྐྱུར།
བུ་གཅིག་གོ་བན་ཏེ་མ་བྱེད།
རྟ་ཁེར་མོ་སྲུང་བཏགས་མ་འདོགས།
ཉ་མོ་ཁྲི་སྡིག
ཕོ་རོག་སྟོང་སྡིག།
སྲོག་ཅན་གྱི་ཤ་ལ་མ་ཐུག
དུག་ཅན་གྱི་ཁྲག་ལ་མ་ཐུག
གླུ།
ལུག་གཡང་དཀར་སྤང་གི་རྒྱན་ཆ་ཡིན།
ར་ཚེ་ཐར་བྲག་གི་ནང་བཅུད་ཡིན།
འབྲི་འཐུ་མ་གཡང་གི་སྒོ་ཟོག་ཡིན།
བཙོང་མི་ཉན་རང་ལ་གནོད་པ་ཆེ།།
བཤའ་མི་ཉན་རང་ལ་སྡིག་པ་ལྕི།།
མགོ་ནག་མི་ཡི་སྲོག་ལ་འཐེན།
བྱོལ་སོང་ཟོག་གི་གཡང་ལ་འཐེན།
གླུ་སྙིང་རྗེ་ལེན་ན་སྙིང་རྗེ་ལེན།།
ལུག་སོ་དྲུག་ཅིག་ལ་སྙིང་རྗེ་ལེན།།
གྲི་བཟུང་ཤན་པ་སྔོན་ནས་བུད།།
ཕྱུགས་རྫི་རྒན་པོས་རྗེས་ནས་དེད།།
ཞེ་ཕྱིར་ལ་ལུག་ཁྱུའི་ནང་ལ་ཤོར།།
མགོ་ཕྱིང་དཀར་ཅན་གྱི་རྒྱུ་བདག་ཚོ།།
ལུག་རྒྱ་ལ་མ་བཙོང་སྙིང་རེ་རྗེ།།
མགོ་དུམ་སེ་མ་གཅོད་མདང་རེ་རྒྱོབས།།
ལུས་ཚེ་སྲོག་ལྡན་པ་འདྲ་འདྲ་ཡིན།།
སྨྲར་ཤེས་འདུག་ཅིག་གིས་ཁྱད་པར་རེད།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn