རེབ་གོང་སྟོད་ཀྱི་ཇག་པ།
རེབ་གོང་སྟོད་ཀྱི་ཇག་པ། །འདི་ཕྱི་བློ་ཡིས་དོར་ཏེ། །ཁྲེལ་མེད་བྱ་བ་རྐྱང་གིས། །རང་གི་ལྟོ་གོས་སྒྲུབ་བོ། །རེབ་གོང་སྨད་ཀྱི་སྐལ་ལྡན། །རི་ཁྲོད་བློ་ཡིས་དོར་ནས། །ཚུལ་འཆོས་གཡོ་སྒྱུ་རྐྱང་གིས། །དད་ཟས་གཤིན་ཟས་སྡུད་དོ། །རེབ་གོང་སྟོད་ཀྱི་ཇག་པ། །བསམ་བློ་ཅུང་ཟད་ཐོངས་ལ། །གཏན་དུ་བཟང་ངན་སོམས་དང་། །རང་ལ་ངེས་པར་དགའོ། །རེབ་གོང་སྨད་ཀྱི་སྐལ་ལྡན། །རི་ཁྲོད་ངེས་པར་འགྲིམས་ལ། །དམ་ཆོས་གང་ནུས་གྱིས་དང་། །རང་ལ་ངེས་པར་དགའོ། །རེབ་གོང་སྟོད་ཀྱི་ཇག་པ། །རེབ་གོང་སྨད་ཀྱི་སྐལ་ལྡན། །ཕྱི་ཡི་རྣམ་འགྱུར་མ་གཏོགས། །ནང་གི་བསམ་ཚུལ་མཐུན་ནོ། །ཞེས་པ་འདི་ཡང་སྐལ་ལྡན་རྒྱ་མཚོས་བྲིས་པའོ། །
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn