ན་གཞོན་ལོ་ཙཱ་བ་སངས་རྒྱས་ངོ་སྤྲོད་མདོར་བསྡུས།

ན་གཞོན་ལོ་ཙཱ་བ་སངས་རྒྱས་ནི། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་རྔ་བ་རྫོང་གཅའ་རུ་བ་ཞེས་པའི་འབྲོག་སྡེ་དཀྱུས་མ་ཞིག་ཏུ་སྐྱེས། འབྲོག་སངས་དང་ལྡོམ་བུ་བ་སངས་རྒྱས་སོགས་སུའང་འབོད།
ཟོག་རྫི་བྱེད་ཞོར་《མི་ལའི་མགུར་འབུམ》དང་《གེ་སར་སྒྲུང་གླུ》སོགས་བཀླགས་ཏེ་བོད་ཡིག་སྦྱངས། དེ་ནས་རྔ་ཡུལ་ཀིརྟིའི་དགོན་པ་དང་དཔལ་ལྡན་འབྲས་སྤུངས། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་སོགས་ནས་ནང་བསྟན་དང་ཐ་སྙད་རིག་གནས་ཕྱོགས་ལ་ཅི་ལྕོགས་ཀྱིས་སློབ་སྦྱོང་བྱས།
ཅང་ཞི་དང་ཅང་སུའུ་ནང་བསྟན་སློབ་གྲྭ་སོགས་ནས་རྒྱ་བརྒྱུད་ནང་བསྟན་ལའང་སློབ་གཉེར་བྱས།
ད་ལྟ་སྒྲོལ་མགོན་དམངས་ཕན་ཡིག་སྒྱུར་ལྟེ་གནས་སུ་བོད་རྒྱ་ལོ་ཙཱའི་ཞུས་དག་པ་དང་། རྒྱ་བོད་ལོ་ཙཱ་བའི་འགན་ཁུར་དང་འཁུར་མུས་སུ་མཆིས།
སྔ་ཕྱིར《སྦྲང་ཆར》དང་《གངས་རྒྱན་མེ་ཏོག》《རྒྱ་བོད་ལོ་ཙཱ》སོགས་སུ་བརྩམས་ཆོས་ཉི་ཤུ་ལྷག་སྤེལ། ༢༠༡༠ལོར་སྙན་དེབ་ཐོག་མ《སེམས་ཀྱི་འཇིངས》པར་དུ་བསྐྲུན།
སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི《ཐེག་པ་ཆེན་པོ་ལ་མངོན་པར་མོས་པ་བསྐྱེད་པ་ཞེས་བྱའི་བསྟན་བཅོས》དང་། ཐེ་ལན་དིའི་གནས་བརྟན་ཐིག་ནཏ་ཧཱན་གྱིས་མཛད་པའི《ང་ཚོའི་འཇིག་རྟེན》དང་། ཉི་ཧོང་དགེ་བཤེས་ཐ་རྡ་ཐཱོ་ཀྭང་གིས་བརྩམས་པའི《ཡུལ་གངས་ཅན་དུ་བགྲོད་པའི་ལམ་ཡིག》 ཨུ་རུ་སུའམ་ཕྱི་སོག་གི་འགྲུལ་བཞུད་པ་ཚེ་བྷེ་ཀོ་བྷིས(མགོན་པོ་སྐྱབས་ཚེ་དཔག)བརྩམས་པའི《ལྷ་ལྡན་བོད་ཡུལ་གྱི་གནས་སྐོར་བ》སོགས་བོད་ཡིག་ཏུ་བསྒྱུར་ཅིང་། སློབ་དཔོན་ཛྙཱ་ན་མི་ཏྲས་མཛདཔའི་《འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་རྣམ་པར་བཤད་པ》རྒྱ་ཡིག་ཏུ་བསྒྱུར།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
