ན་གཞོན་ལོ་ཙྰ་བ་བློ་བཟང་ལུང་རྟོགས་ངོ་སྤྲོད་མདོར་བསྡུས།
བློ་བཟང་ལུང་རྟོགས་ནི་༡༩༨༤ལོར་མཚོ་ལྷོ་བྱ་མདོ་གུར་ལྷས་སྡེ་བར་སྐྱེས་ཤིང་སློབ་ཆུང་མཐར་ཕྱིན་ལ་ཉེ་དུས་མདོ་སྨད་ཀླུ་ཚང་དགོན་གྱི་བཤེས་གཉེན་ཆོས་རྗེ་རིན་པོ་ཆེ་མཆོག་གི་དྲུང་དུ་རབ་ཏུ་བྱུང་།
དེ་ནས་རྒྱུད་སྡེ་བཞིའི་འདོན་རྟ་དབྱངས་གསུམ་སོགས་ལ་སྦྱངས་ཤིང་༢༠༠༢ལོར་མདོ་སྨད་ཀླུ་ཚང་དགོན་གྱི་ཆོས་གྲྭར་ཞུགས་ལ་༢༠༡༡ལོའི་ཟླ་༩ཚེས་༡ཉིན་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག ཞོར་དུ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལའང་སྦྱངས།
༢༠༡༣ལོ་ནས་རྒྱ་ཡིག་ལ་རང་སྦྱོང་བྱས་ཤིང་རྒྱ་ཡིག་གི་གཏམ་རྒྱུད་འགའ་རེ་དང་དམ་པའི་ཚིག་དུམ་སོགས་བོད་ཡིག་ཏུ་བསྒྱུར་ནས་དུས་དེབ་རེ་འགའི་སྟེང་དུ་བཀོད།
༢༠༡༧ལོར་རྒྱ་བོད་བཀའ་བསྟན་གསབ་བསྒྱུར་ཚོགས་པར་ཞུགས་ནས་མདོ་སྡེ་གསབ་བསྒྱུར་ལས་གཞི་ལས་ལུང་ཕྲན་ཚེགས་བསྒྱུར་བའི་ཚོགས་པར་ཞུགས་ནས་ལུང་ཕྲན་ཚེགས་ཀྱི་བམ་པོ་དྲུག་པ་དང་བདུན་པ་ཉེར་དགུ་བཅས་ཀྱི་ཆོས་ཚན་༡༡༥བསྒྱུར་ཡོད།
གཞན་ཧྲིན་ཀྲིན་དང་ཀྲིག་ཅང་གི་ཚོ་ཆུང་ཚད་མ་རིག་པའི་སྡེ་ཚན་གྱི་དགེ་རྒན་གྱི་འགན་བླངས་ནས་ལོ་ངོ་དྲུག་སོང་ཡོད་ལ། ཁོ་རང་གིས་རྒྱ་ཡིག་གི་བྲིས་པའི་ཚད་མའི་ཕྱོགས་ཀྱི་བསླབ་དེབ་གསུམ་མི་འགྱང་བར་དཔར་སྐྲུན་བྱེད་རྩིས་ཡོད་དོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn