རིག་བྱེད་མའི་བསྟོད་པ་བྱིན་རླབས་ཀྱི་ལྷུན་པོ། 《作明佛母赞—须弥楼山》

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-10-08 15:45:38     རྩོམ་པ་པོ།   泽喜饶嘉措 译    ཀློག་ཐེངས།  

༄༅། །རིག་བྱེད་མའི་བསྟོད་པ་བྱིན་རླབས་ཀྱི་ལྷུན་པོ། 《作明佛母赞—须弥楼山》


赤罗桑坚参僧盖 作     泽喜饶嘉措   译


རྒྱལ་བའི་ཡེ་ཤེས་གཅིག་བསྡུས་བཅོམ་ལྡན་མ། །

总摄诸佛智慧世尊母,

ཡིད་འཕྲོག་པདྨ་རཱ་གའི་མདངས་ཅན་མ། །

具有迷人红宝石色泽,

སྲིད་གསུམ་དབང་དུ་སྡུད་པའི་མྱོས་མཛད་མ། །

威摄三界醉迷圣仙女,

རྗེ་བཙུན་མ་ཁྱོད་སྙིང་ནས་དང་བས་བསྟོད། །

至尊佛母我向您诚赞。

ཆུ་སྐྱེས་ལྟེ་བར་དབུགས་བྲལ་སྙིང་གི་རྩེར། །

莲花正中气绝心之尖,

ཉིན་བྱེད་དཀྱིལ་འཁོར་བཞད་པའི་གདན་སྟེང་ན། །

艳照作昼圆轮座位上,

བྱི་རུའི་སྨིན་ལེགས་ཉམས་བརྒྱའི་རོལ་རྩེད་མཁན། །

红珊俊丽百姿游戏者,

ཡིད་འོང་མིག་གི་བདུད་རྩི་ཨེ་མ་མཚར། །

如此希奇合意美妙容。

ཟུང་གཉིས་ཕྱག་གི་འཁྲི་ཤིང་མྱུ་གུ་ནི། །

两双白藤妙手新幼苗,

ཁམས་གསུམ་སྙིང་འབིགས་ཨུཏྤལ་མདའ་གཞུ་དང་། །

三界穿心青莲与弓箭,

ལྕགས་ཀྱུ་ཞགས་པའི་སྣང་བརྙན་མེ་ཏོག་འཕྲེང་། །

铁钩羂索形象鲜花鬘,

སྐལ་བཟང་བུང་བ་བསྡུ་བའི་དྲི་བསུང་གཡོ། །

招收有缘蜜蜂溢芳香。

རབ་འབར་དབུ་རྒྱན་ཐོད་སྐམ་ནོར་བུས་མཚན། །

熊熊顶饰骷髅珍宝饰,

ཁྲག་གིས་སྦགས་པའི་མགོ་འཕྲེང་སྟག་ཤམ་དང་། །

沾染血色首鬘虎皮裙,

དུང་ཆེན་ཕྲེང་བས་སྤྲིས་པའི་སྒེག་མཛེས་སྐུ། །

以用大螺所揉媚色身,

ཉི་གཞོན་འབར་བའི་འོད་ཀྱི་གུར་ཁང་བཞུགས། །

安坐辉煌日光宝帐中。

སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བདུད་ཆེན་བརྫིས། །

以半跏趺坐舞压大魔,

སྤྱན་ཟུར་གཡོ་བས་འགྲོ་ཀུན་དབང་དུ་མཛད། །

稍飘媚眼顿制诸众生,

འོ་འཛིན་ཆ་འཛིན་བཞད་པས་སྐལ་ལྡན་གྱི། །

双持花房斗艳有缘之,

སྙིང་གི་པདྨོ་གཡོ་བའི་རྗེ་བཙུན་མ། །

怒放心莲之主至尊母。

ཁྱོད་ལ་དད་པས་བསྟོད་པའི་བྱིན་རླབས་ཀྱིས། །

以诚赞您而得加持力,

ཀུན་རྫོབ་ཅིར་ཡང་སྣང་བའི་ཟློས་གར་འདི། །

任随显现世俗此戏舞,

རང་སེམས་དག་པའི་དབྱིངས་སུ་དབང་བྱས་ཏེ། །

摄入自心清净法界中,

བདེ་ཆེན་ཡེ་ཤེས་རང་ཞལ་མཐོང་བར་ཤོག།

愿得大乐智慧之本面!

གནས་སྐབས་འདིར་ཡང་ཚེ་དང་བསོད་ནམས་དང་། །

暂且此生长寿及福德,

དཔལ་འབྱོར་ལེགས་ཚོགས་དབྱར་མཚོ་ལྟར་རྒྱས་ཤིང་། །

财富圆满盈如夏之溟,

མི་དང་མི་མིན་འགྲོ་བ་མ་ལུས་པ། །

人及非人一切诸众生,

དབང་དུ་འདུས་ནས་བདེ་ལ་འགོད་པར་ཤོག།

夙愿制服并置恒乐果!

                                    ༢༠༢༣-༡༠-༧ 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།