ཤམྦྷ་ལར་སྐྱེ་བའི་སྨོན་ལམ་བོད་རྒྱ་ཤན་སྦྱོར།( 往生香巴拉愿文藏汉对照)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-28 21:47:17     རྩོམ་པ་པོ།   ཐོགས་མེད་ཀྱིས་བསྒྱུར།    ཀློག་ཐེངས།  

398.JPG

 

པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས་ཤམྦྷ་ལར་སྐྱེ་བའི་སྨོན་ལམ་མཛད་པ་བཞུགས་སོ།།

《往生香巴拉愿文》

 

པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་བརྩམས།

六世班禅一切智洛桑贝丹耶协著

ཐོགས་མེད་རྒྱ་མཚོས་བསྒྱུར།

 

༄ ན་མོ་གུ་རུ་ཝེ།                     

敬礼上师!

དཔལ་ལྡན་དང་པོའི་སངས་རྒྱས་རིང་ལུགས་ཆེ།། 

ཤམྦྷ་ལ་ཡི་གྲོང་དུ་རྒྱས་མཛད་པ།།

རྗེ་བཙུན་བླ་མ་ཁྱེད་ལ་གསོལ་འདེབས་ཀྱིས།།    

བདག་གི་བདེན་པའི་ཚིག་འདི་འགྲུབ་པར་མཛོད།།

吉祥初佛大教法,

香巴拉城广宣扬,

至尊上师前祈祷,

令我谛实语成就。

བྱང་སེམས་དུས་འཁོར་སོགས་ཀྱིས་རྟག་བསྟེན་ཅིང་།།

དམ་པའི་ཆོས་རྣམས་མཆོག་ཏུ་རྒྱས་པའི་ས།།

བྱང་ཕྱོགས་ཀ་ལྰ་པ་ཞེས་བྱ་བའི་གྲོང་།།

བརྒྱ་བྱིན་ཁང་བཟང་ལས་ཀྱང་ཆེས་ལྷག་པ།།

菩萨时轮等恒依,

弘扬殊胜正法刹,

北方城名噶拉巴,

较帝师宫尤殊胜。

ཕོ་བྲང་མཆོག་ནི་དཔག་ཚད་བཅུ་གཉིས་ཚད།།

གྲུ་བཞི་ལྷམ་ཞིང་རིན་ཆེན་དུ་མས་བརྒྱན།།

བྱེ་བ་ཕྲག་ནི་དགུ་བཅུའི་གྲོང་གིས་བསྐོར།།

སྐྱེད་མོའི་ཚལ་མཆོག་ལྷ་ཡུལ་ལས་ལྷག་པར།།

妙宫十二由旬量,

正四方形众宝严,

九百俱胝城围绕,

殊妙花苑胜天界。

དང་པོའི་སངས་རྒྱས་དཀྱིལ་འཁོར་ཆེ་ཆུང་གཉིས།།

མཐོང་བའི་མོད་ལ་དངོས་གྲུབ་མཆོག་སྩོལ་ཀྱིས།།

རྒྱུ་ནི་རིན་ཆེན་རིན་ཐང་བྲལ་ལས་གྲུབ།། 

དེ་ཡི་གཡས་གཡོན་ཡིད་འོང་མཚོ་ཆེན་ནི།།

初佛坛城大小二,

无价珍宝所制成,

睹见得赐胜悉地,

彼之左右悦意海。

ནོར་བུས་གང་ཞིང་དཔག་ཚད་བཅུ་གཉིས་པ།།

མི་རྣམས་ནོར་ཕྱུག་ཆོས་ཀྱིས་དུས་འདའི་དབུས།།

བླ་མ་མཆོག་ཁྱེད་དེང་དུས་ནས་བཟུང་སྟེ།།

ལོ་ནི་བདུན་བརྒྱ་ཙམ་ཞིག་རྫོགས་པ་ན།།

十二由旬摩尼盈,

民皆富裕勤修法,

居中上师从今始,

逾七百年将圆成,

རིགས་ལྡན་དྲག་པོར་གྱུར་ནས་ཀླ་ཀློའི་དཔུང་།།

བཅོམ་ནས་རྫོགས་ལྡན་བཞིན་དུ་མཛད་པའི་དུས།།

སྔོན་གྱི་ཞལ་བཞེས་དམ་བཅའ་མ་བསྙེལ་བར།།

བདག་ཀྱང་འཁོར་གྱི་ཐོག་མར་རྗེས་འཛིན་མཛོད།།

威武勇悍具种王,

尽破蛮军如是时,

不弃往昔承诺誓,

摄受我为眷属首。

རྗེ་བཙུན་བླ་མ་དམ་པ་མཆོག་ཁྱེད་ཉིད།།

རླུང་གི་ཤུགས་ཅན་རྡོ་ཡི་རྟར་ཆིབས་ནས།།

ཕྱག་གིས་མདུང་ཐུང་བྱིས་པའི་བློར་བསྣུན་ནས།།

ངེས་པར་འཇོམས་ཚེ་བདག་ཀྱང་རྗེས་སུ་ཟུངས།།

吉祥最胜上师尊,

驾驭石马具风力,

手持短矛刺愚慧,

定摧坏时摄受我。

དམག་དཔུང་བྱེ་བ་ཁ་དོག་སྣ་ཚོགས་པ།།

གླང་ཆེན་རིག་བྱེད་ཆང་དྲེགས་བཞི་འབུམ་དང་།།

གསེར་གྱི་ཤིང་རྟ་མཚོན་ལྡན་དཔུང་བུ་ཆུང་།།

འཇིགས་རུང་དམག་ཚོགས་དབུས་སུ་རབ་ཞུགས་ནས།།

俱胝军旅色各异,

狂醉聪象四十万,

金车持械步卒众,

可畏军中善安住,

རང་གིས་བྱིས་པའི་བློ་ལ་བསྣུན་མཛད་ཅིང་།།

རྟར་གནས་ཟླ་བ་ཆེན་པོའི་བུ་ལ་ན།།

ཧ་ནུ་མྰནྡས་རྣོན་པོའི་མཚོན་གྱིས་བསྣུན།།

དྲག་པོ་ལ་སོགས་ལྷ་ཆེན་བཅུ་གཉིས་ཀྱིས།།

以自兵刃刺愚慧,

哈努曼塔持利器,

刺击骑马大月子。

大自在等十二神,

ལྷ་མིན་ལ་སོགས་ཐམས་ཅད་རྩད་གཅོད་ཅིང་།།

གླང་པོ་ཆེ་ཡིས་གླང་པོ་རྣམ་པར་འཇོམས།།

རྡོ་ཡི་རྟ་ཡིས་རྟ་རྣམས་གསོད་བྱེད་ཅིང་།།

གསེར་གྱི་ཤིང་རྟས་ཤིང་རྟ་ཕྱེ་མར་བྱེད།།

消灭一切非天众,

象军摧坏彼象军,

石马诛杀彼战马,

金车粉碎彼战车,

ས་སྐྱོང་རྣམས་ཀྱིས་ས་སྐྱོང་འདུལ་བར་མཛད།།

ཀླ་ཀློའི་རྒྱུན་ནི་རབ་ཏུ་བཅད་བྱས་ནས།།

དང་པོའི་སངས་རྒྱས་ཀྱིས་མཚོན་ཆོས་ཚུལ་ཀུན།།

རྒྱས་པར་མཛད་ཚེ་བདག་ཀྱང་རྗེས་སུ་ཟུངས།།

诸王调伏彼国王,

歼灭蛮夷悉无余,

初佛所表诸教法,

广弘扬时摄受我。

དེ་ལྟར་ལོ་ནི་མང་པོར་ཆོས་བསྟན་ནས།།

རྟ་ཡི་ལོ་ཡི་ཧོར་ཟླ་གཉིས་པ་ཡི།།

ཉི་ཤུ་གཉིས་ཉིན་དཔའ་བོ་དཔའ་མོ་ཡི།།

རོལ་མོའི་སྒྲ་བཅས་འཁོར་ནི་འབུམ་ཕྲག་བཅས།།

如是弘法经多年,

马年霍尔二月时,

廿二降临勇士女,

伴诸伎乐十万眷,

བདེ་དུས་ལམ་ནས་འོག་མིན་གནས་སུ་ནི།།

ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད་པའི་ཚེ།།

བདག་ཀྱང་སངས་རྒྱས་གོ་འཕང་ཐོབ་པར་མཛོད།།

乐时道住色究竟,

现证圆满报身时,

我亦获得佛陀位!

རྗེ་བཙུན་བླ་མ་མཆོག་ཁྱེད་མ་འོངས་དུས།།

ཀ་ལྰ་པ་ཡི་གྲོང་དུ་འཁོར་ལོ་ཆེ།།

དྲག་པོར་གྱུར་ནས་ཀླ་ཀློའི་རྒྱུན་གཅོད་ཚེ།།

བདག་ཀྱང་འཁོར་གྱི་ཐོག་མར་རྗེས་འཛིན་མཛོད།།

殊尊上师于后世,

噶拉巴城为大轮,

勇悍王灭蛮军时,

愿摄我为眷属首。

ཅེས་པ་འདི་ནི་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ།།

此造者班禅洛桑贝丹耶协。

文愿于2016/8/28在拉卜楞寺在阿克喜饶丹代尔指导下翻译完成。

 

                                               རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།