བློ་སྦྱོང་ཚིག་བརྒྱད་མ་བོད་རྒྱ་ཤན་སྦྱོར།(修心八颂藏汉对照)

བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།修心八颂
གླང་རི་ཐང་པ་རྡོ་རྗེ་སེང་གེས་བརྩམས། 朗日唐瓦多杰桑盖大师 著
དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུར།华锐·罗桑嘉措 译
བདག་ནི་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་པའི། །
དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །
རྟག་ཏུ་གཅེས་པར་འཛིན་པར་ཤོག །
我对一切有情众,
为修胜过如意宝,
由此殊胜之心愿,
恒常爱重愿受持。
གང་དུ་སུ་དང་འགྲོགས་པའི་ཚེ། །
བདག་ཉིད་ཀུན་ལས་དམན་ལྟ་ཞིང༌། །
གཞན་ལ་བསམ་པ་ཐག་པ་ཡིས། །
མཆོག་ཏུ་གཅེས་པར་འཛིན་པར་ཤོག །
何地与谁相处时,
比所有人视己劣,
要从内心之深处,
爱重他人愿受持。
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །
བདག་གཞན་མ་རུངས་བྱེད་པས་ན། །
བཙན་ཐབས་གདོང་ནས་བཟློག་པར་ཤོག །
诸威仪中观自心,
烦恼苗头初露时,
就会摧毁自他众,
故要迎头愿铲除。
རང་བཞིན་ངན་པའི་སེམས་ཅན་ནི། །
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །
རིན་ཆེན་གཏེར་དང་འཕྲད་པ་བཞིན། །
རྙེད་པར་དཀའ་བས་གཅེས་འཛིན་ཤོག །
看到秉性恶有情,
当被罪苦迫害时,
犹如遇到珍宝藏,
由甚喜心愿爱重。
བདག་ལ་གཞན་གྱིས་ཕྲག་དོག་གིས། །
གཤེ་སྐུར་ལ་སོགས་མི་རིགས་པའི། །
གྱོང་ཁ་རང་གིས་ལེན་པ་དང༌། །
རྒྱལ་ཁ་གཞན་ལ་འབུལ་བར་ཤོག །
有人对我生嫉妒,
责骂诽谤等非理,
吃亏之事自承担,
胜利愿献给别人。
གང་ལ་བདག་གིས་ཕན་བཏགས་པའི། །
རེ་བ་ཆེ་བ་གང་ཞིག་གིས། །
ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །
བཤེས་གཉེན་དམ་པར་བལྟ་བར་ཤོག །
我对何人曾饶益,
以及指望之对方,
即使极做非理事,
愿其视为善知识。
མདོར་ན་དངོས་དང་བརྒྱུད་པ་ཡིས། །
ཕན་བདེ་མ་རྣམས་ཀུན་ལ་འབུལ། །
མ་ཡི་གནོད་དང་སྡུག་བསྔལ་ཀུན། །
གསང་བས་བདག་ལ་ལེན་པར་ཤོག །
总之直接或间接,
利乐献给慈母众,
诸母所有害痛苦,
默默自己愿受取。
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །
རྟོག་པའི་དྲི་མས་མ་སྦགས་པར། །
ཆོས་རྣམས་སྒྱུ་མར་ཤེས་པ་ཡིས། །
ཞེན་པའི་འཆིང་བ་ལས་གྲོལ་ཤོག །
上述一切由八法,
分别污垢所不染,
并知诸法如幻术,
贪缚之中愿解脱。
2007年译于华锐嘉荣大寺
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
