སློབ་དཔོན་མཐིང་མིག་གི་རྩ་ཤེས་འགྲེལ་བ། རབ་བྱེད་བཅུ་བདུན་པ། 中观论释第十七品
སློབ་དཔོན་མཐིང་མིག་གི་རྩ་ཤེས་འགྲེལ་བ། རབ་བྱེད་བཅུ་བདུན་པ།
中观论释第十七品
青目论师著
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
རབ་བྱེད་བཅུ་བདུན་པ་ལས་བརྟག་པ། ༼རྩ་བར་ཤླཽཀ་སོ་གསུམ་ཡོད།༽
问曰:汝虽种种破诸法,而业决定有,能令一切众生受果报。如经说:“一切众生皆随业而生,恶者入地狱,修福者生天,行道者得涅槃。”是故一切法不应空,所谓业者。
ཇི་སྐད་དུ། ཁྱོད་ཀྱིས་འདི་ལྟར་ཆོས་ཐམས་ཅད་འགོག་ན་ནི། ལས་མངོན་པར་ཡོད་པ་གང་གིས་འཇོག སེམས་ཅན་རྣམས་ཀྱིས་འབྲས་བུ་རྣམ་པར་སྨིན་པ་ཇི་ལྟར་མྱོང་བར་འགྱུར་ཞེ་ན། མདོ་ལས། སེམས་ཅན་ཐམས་ཅད་ལས་ཀྱི་རྗེས་སུ་འབྲང་སྟེ་སྐྱེ་བ་ལེན་པས། མི་དགེ་བས་དམྱལ་བར་སྐྱེ་ཞིང་། བསོད་ནམས་བསགས་པས་མངོན་མཐོ་ལྷ་མིར་སྐྱེ་ལ། ལམ་བསྒོམ་པས་མྱ་ངན་ལས་འདས་པར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་ཆོས་ཐམས་ཅད་སྟོང་བར་མི་འཐད་པས། ལས་ནི་ཡོད་པ་ཞེས་བྱའོ། །
人有三毒,为恼他故生行,善者先自灭恶,是故说降伏其心利益他人。利益他者,行布施、持戒、忍辱等不恼众生,是名利益他,亦名慈善福德,亦名今世后世乐果种子。
སྐྱེ་བོ་རྣམས་ལ་དུག་གསུམ་གྱི་ཉོན་མོངས་ཡོད་པ་དེའི་དབང་གིས་སྐྱེ་བ་ལེན་པའི་ཕྱིར་དང་། བྱམས་པའི་སེམས་ཀྱིས་ཐོག་མར་རང་གི་སེམས་ཀྱི་སྡང་བ་ཞི་བར་བྱས་ཞིང་། སེམས་དེ་ཉིད་འདུལ་བར་བྱས་ཏེ་གཞན་ལ་ཕན་པའི་ཕྱིར་བཤད་ལ། གཞན་ལ་ཕན་པ་ནི། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་སོགས་ལས་སེམས་ཅན་ལ་ཉོན་མོངས་པར་མི་བྱེད་པ་དེར་གཞན་ལ་ཕན་པ་ཞེས་བྱ་བའི་ཐ་ཚིག་གོ །བྱམས་པ་དང་དགེ་བ་ཞེས་ཀྱང་བྱ་ལ། འདི་དང་ཕྱི་མའི་འཇིག་རྟེན་གྱི་བདེ་བའི་འབྲས་བུ་འབྱུང་བའི་ས་བོན་ཞེས་བྱ་བའི་ཡང་ཐ་ཚིག་གོ །
རྩ་བར།
དྲང་སྲོང་མཆོག་གི་ལས་རྣམས་ནི། །
སེམས་པ་དང་ནི་བསམ་པར་གསུངས། །
ལས་དེ་དག་གི་བྱེ་བྲག་ནི། །
རྣམ་པ་དུ་མར་ཡོངས་སུ་བསྒྲགས། །
大圣说二业, 思与从思生,
是业别相中, 种种分别说。
大圣略说业有二种:一者、思,二者、从思生。是二业如阿毗昙中广说。 དྲང་སྲོང་མཆོག་གིས་ལས་ནི་མདོར་བསྡུས་ནས་རྣམ་པ་གཉིས་སུ་གསུངས་ཏེ། གཅིག་ནི་སེམས་པ་དང་། གཉིས་ནི་སེམས་པ་ལས་སྐྱེས་པའོ། །ལས་རྣམ་པ་གཉིས་ནི་ཆོས་མངོན་པར་རྒྱས་པར་གསུངས་པ་ལྟར་རོ། །
རྩ་བར། དེ་ལ་ལས་གང་སེམས་པ་ཞེས། །
གསུངས་པ་དེ་ནི་ཡིད་ཀྱིར་འདོད། །
བསམ་པ་ཞེས་ནི་གང་གསུངས་པ། །
དེ་ནི་ལུས་དང་ངག་གི་ཡིན། །
佛所说思者, 所谓意业是;
所从思生者, 即是身口业。
思是心数法,诸心数法中能发起有所作故名业,因是思故起外身口业。虽因余心心数法有所作,但思为所作本,故说思为业。
སེམས་པ་ཞེས་པ་ནི་ཡིད་ཀྱིས་འདི་བྱའོ་སྙམ་པའི་ཆོས་སོ། ཡིད་ཀྱིས་འདི་བྱའོ་སྙམ་པའི་ཆོས་དེས་བྱ་བ་དང་ལྡན་པའི་ཆོས་གཞན་སྐྱེད་པའི་ནུས་པ་ལ་ལས་ཞེས་བྱ། རྒྱུ་སེམས་པ་དེ་ལས་ཕྱིའི་ལུས་དང་ངག་གི་ལས་རྣམས་འབྱུང་བའི་ཕྱིར་རོ། །དེ་ལས་གཞན་སེམས་དང་སེམས་ཀྱིས་འདི་བྱའོ་སྙམ་པའི་ཆོས་ལ་བྱ་བ་གང་མཆིས་པ་དེ་དག་ལ་འང་སེམས་པ་ནི་བྱ་བའི་གཞིར་གྱུར་བས། དེ་ལ་སེམས་པའི་ལས་ཞེས་བཤད་པའི་ཕྱིར།
རྩ་བར། ངག་དང་བསྐྱོད་དང་མི་སྤོང་བའི། །
རྣམ་རིག་བྱེད་མིན་ཞེས་བྱ་གང་། །
སྤོང་བའི་རྣམ་རིག་བྱེད་མིན་པ། །
གཞན་དག་ཀྱང་ནི་དེ་བཞིན་འདོད། །
ལོངས་སྤྱོད་ལས་བྱུང་བསོད་ནམས་དང་། །
བསོད་ནམས་མ་ཡིན་ཚུལ་དེ་བཞིན། །
སེམས་པ་དང་ནི་ཆོས་དེ་བདུན། །
ལས་སུ་མངོན་པར་འདོད་པ་ཡིན། །
身业及口业, 作与无作业,
如是四事中, 亦善亦不善。
从用生福德, 罪生亦如是,
及思为七法, 能了诸业相。
口业者,四种口业;身业者,三种身业。是七种业有二种差别,有作、有无作:作时名作业,作已常随逐生名无作业。是二种有善不善:不善名不止恶,善名止恶。复有从用生福德,如施主施受者,若受者受用。施主得二种福:一从施生,二从用生。如人以箭射人,若箭杀人有二种罪:一者、从射生,二者、从杀生。若射不杀,射者但得射罪,无杀罪。是故偈中说:罪福从用生。如是名为六种业,第七名思。是七种即是分别业相,是业有今世后世果报。是故决定有业有果报故,诸法不应空。
ལུས་ཀྱི་ལས་ལ་གསུམ་དང་། ངག་གི་བཞིའོ། །དེ་བདུན་པོ་ལ་རིགས་གཉིས། རྣམ་པར་རིག་བྱེད་དང་རིག་མིན་གྱི་ལས་གཉིས། བྱ་བ་བྱེད་པའི་དུས་ཀྱི་ལས་ལ་རིག་བྱེད་དང་། བྱ་བ་བྱས་ཟིན་པའི་འོག་ཏུ་རྟག་ཏུ་རྗེས་སུ་འབྲེལ་བ་ལ་རིག་མིན་གྱི་ལས་ཞེས་བྱའོ། །དེ་ལ་དགེ་མི་དགེའི་ལས་གཉིས། མི་དགེ་བ་ལ་སྡིག་པ་མི་འགོག་པ་ཞེས་བྱ་ལ། དགེ་བ་ལ་སྡིག་པ་འགོག་པ་ཞེས་བྱའོ། །གཞན་ཡང་། བསོད་ནམས་འཕེལ་བར་བྱེད་དེ། སྦྱིན་པའི་བདག་པོ་དང་ལེན་པ་བོས་སྦྱིན་པ་བཏང་བ་དང་ལེན་པའི་ཚེ། སྦྱིན་པ་བོ་ལ་བསོད་ནམས་གཉིས་འབྱུང་སྟེ། སྦྱིན་པ་བཏང་བ་ལས་སྐྱེས་པ་དང་། སྤྱད་པ་ལས་སྐྱེས་པ་གཉིས། དཔེར་ན་མདའ་མཁན་གྱིས་མདའ་འཕངས་ནས་བསད་པའི་ཚེ་ཡང་ཉེས་པ་གཉིས་འབྱུང་སྟེ། མདའ་འཕངས་པ་ལས་འབྱུང་བ་དང་། བསད་པ་ལས་འབྱུང་བ་གཉིས་ལྟ་བུ། གལ་ཏེ་འཕངས་ཀྱང་མ་བསད་ན། མདའ་མཁན་ལ་འཕངས་པའི་ཉེས་པ་འབྱུང་ལ་བསད་པའི་ཉེས་པ་མི་འབྱུང་ངོ་། །ཇི་སྐད་དུ། ཉེས་དང་བསོད་ནམས་སྤྱད་ལས་འབྱུང་། །ཞེས་པ་བཞིན་དུ་དྲུག་ནི་ལས་དང་། བདུན་པ་ལ་སེམས་པའི་ལས་བྱ། དེ་བདུན་ལ་ལས་ཀྱི་མཚན་ཉིད་ཀྱིས་རྣམ་པར་དབྱེ་ཞིང་། ལས་ཡོད་པས་འཇིག་རྟེན་འདི་དང་ཕྱི་མའི་རྣམ་པར་སྨིན་པ་ཡོད་དོ། །ལས་མངོན་པར་ཡོད་པས་འབྲས་བུ་ཡོད་པའི་ཕྱིར་ན་ཆོས་ཐམས་ཅད་སྟོང་བ་མ་ཡིན་ནོ། །༽
རྩ་བར།གལ་ཏེ་སྨིན་པའི་དུས་བར་དུ།།
གནས་ན་ལས་དེ་རྟག་པར་འགྱུར།།
གལ་ཏེ་འགག་ན་འགག་གྱུར་བས།།
ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར།།
答曰:
业住至受报, 是业即为常;
若灭即无业, 云何生果报?
业若住至受果报,即为是常,是事不然。何以故?业是生灭相,一念尚不住,何况至果报?若谓业灭,灭则无,云何能生果报?
གལ་ཏེ་ལས་ནི་འབྲས་བུ་སྨིན་པའི་བར་དུ་གནས་ན། དེ་ཉིད་རྟག་པར་འགྱུར་ལ། དེ་ལྟར་མ་ཡིན་ན། ཅིའི་ཕྱིར། ལས་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཅན་དུ་འགྱུར། རེ་ཞིག་ལས་གནས་པ་མ་ཡིན་སྙམ་ན། ཇི་ལྟར་འབྲས་བུ་སྨིན་པའི་བར་དུ་གནས་པར་འགྱུར། གལ་ཏེ་ལས་འགག་ཀྱང་མེད་པ་ཡིན་ན། ཇི་ལྟར་འབྲས་བུ་སྐྱེད་ནུས་པར་འགྱུར།༽
རྩ་བར།མྱུ་གུ་ལ་སོགས་རྒྱུན་གང་ནི།།
ས་བོན་ལས་ནི་མངོན་པར་འབྱུང་།།
དེ་ལས་འབྲས་བུ་ས་བོན་ནི།།
མེད་ན་དེ་ཡང་འབྱུང་མི་འགྱུར།།
གང་ཕྱིར་ས་བོན་ལས་རྒྱུན་དང་།།
རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་།།
ས་བོན་འབྲས་བུའི་སྔོན་འགྲོ་བ།།
དེ་ཕྱིར་ཆད་མིན་རྟག་མ་ཡིན།།
问曰:
如芽等相续, 皆从种子生,
从是而生果, 离种无相续。
从种有相续, 从相续有果,
先种后有果, 不断亦不常。
如从谷有芽,从芽有茎叶等相续,从是相续而有果生。离种无相续生,是故从谷子有相续,从相续有果,先种后有果,故不断亦不常。
ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་དང་ལོ་མ་སོགས་ཀྱི་རྒྱུན་གང་ཡིན་པ་དེ་འབྱུང་ཞིང་།རྒྱུན་གང་ཡིན་པ་དེ་ལས་འབྲས་བུ་མངོན་པར་འབྱུང་ངོ་།ས་བོན་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་འབྱུང་བར་མི་འགྱུར་རོ།།གང་གི་ཕྱིར་ས་བོན་ལས་རྒྱུན་མངོན་པར་འབྱུང་ལ་རྒྱུན་ལས་འབྲས་བུ་མངོན་པར་འབྱུང་བར་འགྱུར་བས་ས་བོན་ནི་སྔོན་དང་འབྲས་བུ་ནི་དེའི་རྗེས་སུ་འགྲོ་བ་དེའི་ཕྱིར་ཆད་པ་དང་རྟག་པ་མ་ཡིན་ནོ།།
རྩ་བར།དེ་ཇི་ལྟ་བ་དེ་བཞིན་དུ།།
སེམས་ཀྱི་རྒྱུན་ནི་གང་ཡིན་པ།།
སེམས་པ་ལས་ནི་མངོན་པར་འབྱུང་།།
དེ་ལས་འབྲས་བུ་སེམས་པ་ནི།།
མེད་ན་དེ་ཡང་འབྱུང་མི་འགྱུར།།
གང་ཕྱིར་སེམས་པ་ལས་རྒྱུན་དང་།།
རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་།།
ལས་ནི་འབྲས་བུ་སྔོན་འགྲོ་བ།།
དེ་ཕྱིར་ཆད་མིན་རྟག་མ་ཡིན།།
如是从初心, 心法相续生,
从是而有果, 离心无相续。
从心有相续, 从相续有果,
先业后有果, 不断亦不常。
如谷种喻,业果亦如是。初心起罪福,犹如谷种,因是心余心心数法相续生,乃至果报,先业后果故不断亦不常。若离业有果报,则有断常。
ས་བོན་དང་མྱུ་གུ་བཞིན་དུ་ལས་དང་འབྲས་བུ་ཡང་དེ་བཞིན་ཏེ།རྩ་བའི་སེམས་ལས་སྐྱེས་པའི་བསོད་ནམས་དང་ཉེས་པ་ནི།ས་བོན་དང་འདྲ་སྟེ།སེམས་པ་དེ་ཉིད་རྒྱུར་ཡོད་པས་གཞན་འདི་དང་འདི་བྱའོ་སྙམ་པའི་ཆོས་རྣམས་ཀྱི་རྒྱུན་འབྱུང་ལ།ཐ་ན་འབྲས་བུ་འབྱུང་བའི་བར་དུ་ཡང་འབྱུང་བས།ས་བོན་ནི་སྔོན་དང་འབྲས་བུ་ནི་དེའི་རྗེས་སུ་འགྲོ་བ་དེའི་ཕྱིར་ཆད་པ་དང་རྟག་པ་མ་ཡིན་ནོ།།གལ་ཏེ་ལས་དང་བྲལ་བའི་འབྲས་བུ་འབྱུང་བར་འགྱུར་ན་རྟག་པ་དང་ཆད་པར་འགྱུར་རོ།།
རྩ་བར། ཆོས་བསྒྲུབ་པ་ཡི་ཐབས་རྣམས་ནི། །
དཀར་བོའི་ལས་ཀྱི་ལམ་བཅུ་སྟེ། །
ཆོས་ཀྱི་འབྲས་བུ་འདི་གཞན་དུ། །
འདོད་པའི་ཡོན་ཏན་རྣམ་ལྔའོ། །
是善业因缘果报者,所谓:
དགེ་བའི་ལས་འབྲས་བུ་འབྱུང་ཚུལ་ནི།
能成福德者, 是十白业道,
二世五欲乐, 即是白业报。
白名善净,成福德因缘者。从是十白业道,生不杀、不盗、不邪淫、不妄语、不两舌、不恶口、不无益语、不嫉、不恚、不邪见,是名为善。从身口意生是果报者,得今世名利,后世天人中贵处生。布施恭敬等虽有种种福德,略说则摄在十善道中。 བདེ་བ་འགྱུར་བའི་རྒྱུ་ནི་ཡང་དག་པའི་དགེ་བ་ཞེས་བྱའོ། །དཀར་བོའི་ལས་ལམ་བཅུ་ནི། སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ། ལོག་གཡེམ་མི་བྱེད་པ། རྫུན་ཚིག་མི་སྨྲ་བ། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བ། ངག་ཀྱལ་མི་སྨྲ་བ། ཕྲག་དོག་མི་བྱེད་པ། གནོད་སེམས་མི་བསྐྱེད་པ། ལོག་པར་མི་ལྟ་བ་བཅས་འདི་བཅུ་ལ་དགེ་བ་ཞེས་བྱ། ལུས་ངག་ཡིད་གསུམ་ལས་བྱུང་བའི་འབྲས་བུ་ནི་འཇིག་རྟེན་འདིར་ཕན་པ་འབྱུང་ཞིང་། ཕྱི་མར་ལྷ་མིའི་གནས་སུ་སྐྱེ་བར་འགྱུར། རྙེད་པ་དང་བཀུར་བསྟི་སོགས་བདེ་བ་སྣ་ཚོགས་པ་ཐོབ་པར་འགྱུར་བ་ཐམས་ཅད། མདོར་ན་དགེ་བ་བཅུའི་ལམ་གྱིས་བསྡུས་སོ། །
རྩ་བར།གལ་ཏེ་བརྟག་པ་དེར་གྱུར་ན།།
ཉེས་པ་ཆེན་པོ་མང་བོར་འགྱུར།།
དེ་ལྟ་བས་ན་བརྟག་པ་དེ།།
འདིར་ནི་འཐད་པ་མ་ཡིན་ནོ།།
答曰:
若如汝分别, 其过则甚多,
是故汝所说, 于义则不然。
若以业果报相续故,以谷子为喻者,其过甚多,但此中不广说。汝说谷子喻者,是喻不然。何以故?谷子有触有形,可见有相续;我思惟是事,尚未受此言,况心及业,无触无形不可见,生灭不住欲以相续?是事不然。
复次,从谷子有芽等相续者,为灭已相续?为不灭相续?若谷子灭已相续者,则为无因。若谷子不灭而相续者,从是谷子常生诸谷。若如是者,一谷子则生一切世间谷,是事不然。是故业果报相续则不然。
གལ་ཏེ་ལས་ཀྱི་འབྲས་བུའི་རྒྱུན་འབྲེལ་བའི་ཕྱིར། ནས་མྱུག་དཔེར་བྱས་ནས་བཤད་པ་དེ་དག་ནི་ཤིན་ཏུ་མང་ཡང་འདིར་རྒྱས་པར་མི་སྤྲོ། ཁྱོད་ཀྱིས་ནས་མྱུག་དཔེར་བྱས་ནས་བརྟག་པ་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། ནས་མྱུག་ལ་རེག་པ་དང་དབྱིབས་ཡོད་པས། རྒྱུན་འབྱུང་བ་ཡོད་པ་མཐོང་བར་འགྱུར་ལ། བདག་གི་སེམས་ཉིད་ཀྱི་དོན་ནི་མྱོང་བ་དང་བརྡས་ཇི་བཞིན་མི་ནུས་པས་ཇི་ལྟར་སེམས་དང་ལས་ལ་རེག་བྱ་དང་དབྱིབས་མེད་པས་མཐོང་བར་འགྱུར་ཏེ་མི་འགྱུར། སྐྱེ་འགག་མི་གནས་པར་འདོད་པ་ལ་རྒྱུན་ཇི་ལྟར་འབྱུང་། དེ་ནི་འཐད་པ་མ་ཡིན་ནོ། །
གཞན་ཡང་། ས་བོན་ལ་ཡོད་པའི་མྱུ་གུ་སོགས་ཀྱི་རྒྱུན་འབྱུང་བ་ནི། ནས་མྱུག་འགག་པ་ན་རྒྱུན་འབྱུང་བ་ཡོད་དམ། མ་འགག་པ་ལ་རྒྱུན་འབྱུང་བ་ཡོད། གལ་ཏེ་ནས་མྱུག་འགག་པའི་ཚེ་དེའི་རྒྱུན་འབྱུང་བ་ན་རྒྱུན་དེ་རྒྱུ་མེད་དུ་འགྱུར་ལ། ནས་མྱུག་མ་འགག་པར་རྒྱུན་འབྱུང་ན་ནི་ནས་མྱུག་རྣམས་ནས་ཀྱི་ས་བོན་རྟག་པ་ལས་སྐྱེ་བར་འགྱུར། དེ་བཞིན་དུ་དེ་ནི། ནས་མྱུག་གཅིག་སྐྱེས་པ་ན་འཇིག་རྟེན་གྱི་མྱུ་གུ་ཐམས་ཅད་སྐྱེ་བར་འགྱུར་བས་དེ་མི་འཐད་ལ། དེའི་ཕྱིར་ལས་འབྲས་ཀྱི་རྒྱུན་འབྱུང་བ་ཡང་མི་འཐད་དོ། །
རྩ་བར།སང་རྒྱས་རྣམས་དང་རང་རྒྱལ་དང་།།
ཉན་ཐོས་རྣམས་ཀྱིས་གང་གསུངས་པ།།
བརྟག་པ་གང་ཞིག་འདིར་འཐད་པ།།
དེ་ནི་རབ་ཏུ་བརྗོད་པར་བྱ།།
问曰:
今当复更说, 顺业果报义,
诸佛辟支佛, 贤圣所称叹。
རྩ་བར།
དེ་ནི་ཁམས་ལས་རྣམ་པ་བཞི།།
དེ་ཡང་རང་བཞིན་ལུང་མ་བསྟན།།
所谓:
不失法如券, 业如负财物,
此性则无记, 分别有四种。
རྩ་བར།
སྤོང་བས་སྤང་བ་མ་ཡིན་ནོ།།
བསྒོམ་པས་སྤང་བ་ཉིད་ཀྱང་ཡིན།།
见谛所不断, 但思惟所断,
不失法者,当知如券;业者,如取物。是不失法,欲界系,色界系,无色界系亦不系。若分别善、不善、无记,无记中但是无记。
是无记义阿毗昙中广说,见谛所不断,从一果至一果,于中思惟所断。是以诸业,以不失法故果生。
ཇི་ལྟར་བུ་ལོན་དཔང་རྒྱ་ལྟར། །ཆོས་རྣམས་ཆུད་མི་ཟ་བར་ཤེས། །ལས་ནི་དཔེར་ན་བུ་ལོན་གྱི་ནོར་བླངས་པ་ལྟར་རོ། །ཆུད་མི་ཟ་བའི་ཆོས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་གཏོགས་པ་དང་མ་གཏོགས་པ་རྣམས་སོ། །དེ་ཡང་དགེ་བ་དང་མི་དགེ་བ་དང་། ལུང་མ་བསྟན་རྣམ་པར་དབྱེ་ན། ལུང་དུ་མ་བསྟན་པས་ལུང་མ་བསྟན་ནོ། །ལུང་མ་བསྟན་གྱི་དོན་ནི་ཆོས་མངོན་པ་ལས་ཤིན་ཏུ་རྒྱས་པས་དེར་ཤེས་པར་བྱ་ལ། འབྲས་བུ་གཅིག་ནས་གཅིག་བརྒྱུད་དེ་འབྱུང་བས་མཐོང་ལམ་ཀྱིས་ཀྱང་སྤོང་བར་མི་འགྱུར་ལ། སྒོམ་ལམ་ཉིད་ཀྱིས་སྤོང་བ་ཡིན་ནོ། །ལས་རྣམས་ནི་ཆུད་མི་ཟ་བའི་ཆོས་ལ་བརྟེན་ནས་འབྲས་བུ་འབྱུང་བའི་ཕྱིར་རོ། །
རྩ་བར།
དེ་ཕྱིར་ཆུད་མི་ཟ་བ་ཡིས།།
ལས་ཀྱི་འབྲས་བུ་བསྐྱེད་པར་འགྱུར།།
以是不失法, 诸业有果报。
རྩ་བར།
གལ་ཏེ་སྤོང་བས་སྤང་བ་དང་།།
ལས་འཕོ་བ་དང་མཐུན་གྱུར་ན།།
དེ་ལ་ལས་འཇིག་ལ་སོགས་པའི།།
སྐྱོན་རྣམས་སུ་ནི་ཐལ་བར་འགྱུར།།
若见谛所断, 而业至相似,
则得破业等, 如是之过咎。
若见谛所断,而业至相似,则得破业过,是事阿毗昙中广说。
གལ་ཏེ་ཆུད་མི་ཟ་བ་དེ་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་ན་ལས་ཀྱང་དེ་བཞིན་དུ་ལས་འགག་ཅིང་འཕོ་བར་འགྱུར་ལ།དེ་དག་ཀྱང་ཆོས་མངོན་པ་ལས་རྒྱས་པར་བཤད་དོ།།
རྩ་བར།
ཁམས་མཚུངས་ལས་ནི་ཆ་མཚུངས་དང་།།
ཆ་མི་མཚུངས་པ་ཐམས་ཅད་ཀྱི།།
དེ་ནི་ཉིང་མཚམས་སྦྱོར་བའི་ཚེ།།
གཅིག་པུ་ཁོ་ན་སྐྱེ་བར་འགྱུར།།
一切诸行业, 相似不相似,
一界初受身, 尔时报独生。
复次,不失法者,于一界诸业相似不相似,初受身时果报独生,于现在身从业更生业。
གཞན་ཡང་།ཆུད་མི་ཟ་བ་ནི་ཁམས་མཚུངས་པའི་ལས་རྣམས་ལས་ཆ་མཚུངས་པ་དང་མི་མཚུངས་པ་ཐམས་ཅད་ཚེ་འདི་ལ་ལས་རེ་རེ་ལས་སྐྱེ་བ་ཡིན་ལ།ཉིང་མཚམས་སྦྱོར་བའི་ཚེ་ན་གཅིག་བུ་ཁོ་ན་སྐྱེ་བར་འགྱུར་རོ།།༽
ཡང་རྩ་བར།
ཚེ་འདི་ལ་ནི་ལས་དང་ལས།།
རྣམ་པ་གཉིས་པོ་ཐམས་ཅད་ཀྱི།།
དེ་ནི་ཐ་དད་སྐྱེ་འགྱུར་ཞིང་།།
རྣམ་པར་སྨིན་ཀྱང་གནས་པ་ཡིན།།
如是二种业, 现世受果报;
或言受报已, 而业犹故在。
是业有二种,随重而受报。或有言,是业受报已业在,以不念念灭故。
ལས་ལ་ལས་དང་ལས་སོ་སོ་བ་གཉིས་དང་། རྗེས་སུ་འགྲོ་བ་དང་རྣམ་པར་སྨིན་པའོ། །ཡང་ན་འདི་ལྟར་བཤད་དེ། ལས་དེའི་འབྲས་བུ་རྣམ་པར་སྨིན་ཟིན་ཀྱང་གནས་པ་ཡིན་ཏེ། དེ་ཉིད་འགག་པར་སེམས་པ་ལྟར་མ་ཡིན་པའི་ཕྱིར་རོ། །
རྩ་བར།
དེ་ནི་འབྲས་བུ་འཕོས་པ་དང་།།
ཤི་བར་གྱུར་ན་འགག་པར་འགྱུར།།
དེ་ཡི་རྣམ་དབྱེ་ཟག་མེད་དང་།།
ཟག་དང་བཅས་པར་ཤེས་པར་བྱ།།
若度果已灭, 若死已而灭,
于是中分别, 有漏及无漏。
若度果已灭,若死已而灭者,须陀洹等度果已而灭,诸凡夫及阿罗汉死已而灭。于此中分别有漏及无漏者,从须陀洹等诸贤圣,有漏、无漏等应分别。 答曰:是义俱不离断常过,是故亦不应受。
ཆུད་མི་ཟ་བ་དེ་ཉིད་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་འཕོ་བ་ན་འགག་ལ། སོ་སྐྱེ་དང་དགྲ་བཅོམ་པ་རྣམས་ཤི་བ་ན་ཡང་འགག་པས། དེ་ནི་འབྲས་བུ་འཕོ་བ་དང་ཤི་བ་ན་འགག་པའོ། །དེ་ལས་རྣམ་པར་དབྱེ་ན་ཟག་པ་དང་ཟག་པ་མེད་པ་ཡོད་ལ། རྒྱུན་ཞུགས་སོགས་འཕགས་པ་རྣམས་ཀྱང་ཟག་པ་དང་བཅས་མ་བཅས་ཀྱིས་འབྱེད་དོ། ། དེ་ལ་ཐམས་ཅད་རྟག་ཆད་ལས་མ་འདས་པའི་ཕྱིར་འབྲས་བུ་མྱོང་བ་མི་འཐད་དོ། །
རྩ་བར།
སྟོང་པ་ཉིད་དང་ཆད་མིན་དང་།།
འཁོར་བ་དང་ནི་རྟག་པ་མིན།།
ལས་རྣམས་ཆུད་མི་ཟ་བའི་ཆོས།།
སངས་རྒྱས་ཀྱིས་ནི་བསྟན་པ་ཡིན།།
问曰:若尔者,则无业果报。
ཇི་སྐད་དུ། ལས་མེད་པར་འབྲས་བུ་ཡོད་པར་འགྱུར་རོ། །ཞེ་ན།
答曰:
虽空亦不断, 虽有亦不常,
业果报不失, 是名佛所说。
རྩ་བར།གང་ཕྱིར་ལས་ནི་སྐྱེ་མེད་པ།།
复次,གཞན་ཡང་།
诸业本不生,以无定性故;
此论所说义,离于断常。何以故?业毕竟空寂灭相,自性离,有何法可断?何法可失?颠倒因缘故往来生死,亦不常。何以故?若法从颠倒起,则是虚妄无实,无实故非常。
复次,贪著颠倒不知实相故,言业不失,此是佛所说。
འདིར་བསྟན་པའི་དོན་ནི། རྟག་ཆད་སྤང་བའོ། །ཅིའི་ཕྱིར་ཞེ་ན། ལས་ནི་སྟོང་བ་དང་ཞི་བ་འགོག་པའི་མཚན་ཉིད་ཡིན་ན། རང་གི་ངོ་བོ་ཉིད་དང་བྲལ་ན། ཆོས་གང་ཇི་ལྟར་ཆད་པར་འགྱུར། ཇི་ལྟར་ཆུད་ཟ་བར་འགྱུར། སྨྲས་པ། ཕྱིན་ཅི་ལོག་གི་རྐྱེན་གྱིས་སྐྱེ་བ་དང་འཆི་བ་ཡོད་ན། རྟག་པར་ཡང་མི་འགྱུར་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་རྣམས་ཕྱིན་ཅི་ལོག་གི་རྐྱེན་གྱིས་སྐྱེ་བའི་ཕྱིར་ན། བདེན་པར་མ་གྲུབ་པ་དང་། བདེན་པར་མ་གྲུབ་པས་རྟག་པ་མ་ཡིན་པར་སྨྲ་བ་ཡང་མི་འཐད་པའི་ཕྱིར་རོ། ། གཞན་ཡང་། ཉོན་མོངས་པ་རྣམས་ཀྱིས་ཕྱིན་ཅི་ལོག་པར་བལྟས་ནས་མཚན་ཉིད་ཇི་ལྟ་བ་བཞིན་མི་ཤེས་ཀྱང་། ལུས་ངག་གི་ལས་ཆུད་མི་ཟ་བ་འདི་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །
རྩ་བར།གང་ཕྱིར་དེ་ནི་མ་སྐྱེས་པ།།དེ་ནི་ཆུད་ཟར་མི་འགྱུར་རོ།།
诸业亦不灭, 以其不生故。
第一义中诸业不生。何以故?无性故。以不生因缘故则不灭,非以常故不灭。若不尔者,业性应决定有。若业决定有性,则为是常,若常则是不作业。何以故?常法不可作故。
ལས་རྣམས་དོན་དམ་པའི་བདེན་པ་ལས་སྐྱེ་བར་མི་འགྱུར།ཅིའི་ཕྱིར་ཞེ་ན།ངོ་བོ་ཉིད་མེད་པའི་ཕྱིར་རོ།།རྒྱུ་ལས་སྐྱེ་བ་མེད་པའི་ཕྱིར་ན་འགག་པ་ཡང་མེད་པར་འགྱུར་ཡང་།རྟག་པ་མ་ཡིན་པའི་ཕྱིར་འགག་པ་མེད་པ་མིན་ནོ།།ཁྱོད་ཀྱི་དེ་འཐད་མིན་ཏེ།ལས་རང་བཞིན་གྱིས་གྲུབ་པ་ཡིན་ནོ།།གལ་ཏེ་ལས་རང་བཞིན་གྱིས་ཡོད་པས་རྟག་པར་འགྱུར་ལ།རྟག་པ་ལ་ལས་མ་བྱས་པ་ཡོད་པར་འགྱུར་རོ།།ཅིའི་ཕྱིར་ཞེ་ན།རྟག་པའི་ཆོས་ལ་ལས་མི་འཐད་པའི་ཕྱིར་རོ།།༽
རྩ་བར།
གལ་ཏེ་ལས་ལ་དངོས་པོ་ཡོད།།
རྟག་པར་འགྱུར་བར་ཐེ་ཚོམ་མེད།།
ལས་ནི་བྱས་པ་མ་ཡིན་འགྱུར།།
རྟག་ལ་བྱ་བ་མེད་ཕྱིར་རོ།།
ཅི་སྟེ་ལས་ནི་མ་བྱས་ན།།
མ་བྱས་པ་དང་འཕྲད་འཇིགས་འགྱུར།།
若业有性者, 是则名为常;
不作亦名业, 常则不可作。
若有不作业, 不作而有罪,
རྩ་བར།
ཚངས་སྤྱོད་གནས་པ་མ་ཡིན་པའང་།།
དེ་ལ་སྐྱོན་དུ་ཐལ་བར་འགྱུར།།
不断于梵行, 而有不净过。
རྩ་བར།
ཐ་སྙད་ཐམས་ཅད་ཉིད་དང་ཡང་།།
འགལ་བར་འགྱུར་བར་ཐེ་ཚོམ་མེད།།
是则破一切, 世间语言法,
复次,若有不作业者,则他人作罪此人受报,又他人断梵行而此人有罪,则破世俗法。若先有者,冬不应思为春事,春不应思为夏事,有如是等过。
གཞན་ཡང་མ་བྱས་པའི་ལས་ཡོད་ན་ནི། གཞན་གྱིས་བྱས་པའི་མི་དགེ་བའི་ལས་ཀྱི་རྣམ་སྨིན་གཞན་གྱིས་མྱོང་བར་འགྱུར་ལ། གཞན་གྱིས་མི་ཚངས་པར་སྤྱད་པའི་ཉེས་པ་གཞན་ལ་འབྱུང་བར་འགྱུར་ན། ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་བརླག་པར་འགྱུར་རོ། །དེ་ལྟར་ན་དགུན་གྱི་དུས་སུ་དཔྱིད་ཀྱི་ལས་བྱའོ་སྙམ་ན་མི་རུང་བ་དང་། དཔྱིད་ཀྱི་དུས་སུ་དབྱར་གྱི་ལས་བྱའོ་སྙམ་ན་མི་རུང་བ་སོགས་ཀྱིས་ཉེས་པ་དུ་མ་འབྱུང་བར་འགྱུར་རོ། །
རྩ་བར།བསོད་ནམས་དང་ནི་སྡིག་བྱེད་པའི།།རྣམ་པར་དབྱེ་བའང་འཐད་མི་འགྱུར།།
作罪及作福, 亦无有差别。
复次,作福及作罪者,则无有别异。起布施、持戒等业,名为作福;起杀盗等业,名为作罪。若不作而有业,则无分别。
གཞན་ཡང་། དགེ་བ་བྱེད་པ་དང་སྡིག་པ་བྱེད་པའི་རྣམ་དབྱེ་ཡང་མེད་པར་འགྱུར་ལ། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་སོགས་ཀྱི་ལས་ལ་བསོད་ནམས་ཀྱི་ལས་བྱེད་པའི་ཐ་སྙད་འདོགས་པར་བྱེད་ལ། སྲོག་གཅོད་པ་དང་། མ་བྱིན་ལེན་སོགས་ཀྱི་ལས་ལ་སྡིག་པ་བྱེད་པའི་ཐ་སྙད་འདོགས་ལ། མ་བྱས་པའི་ལས་ཡོད་ན་དགེ་བ་དང་སྡིག་པའི་དབྱེ་བ་མེད་པར་འགྱུར་རོ། །
རྩ་བར།
དེ་ཡི་རྣམ་སྨིན་སྨིན་པར་འགྱུར།།
ཡང་དང་ཡང་དུ་རྣམ་སྨིན་འགྱུར།།
གལ་ཏེ་གང་ཕྱིར་ལས་གནས་པ།།
དེ་ཕྱིར་ངོ་བོ་ཉིད་ཡོད་ཕྱིར།།
若言业决定, 而自有性者,
受于果报已, 而应更复受。
复次,是业若决定有性,则一时受果报已,复应更受,是故汝说以不失法故有业报,则有如是等过。
གཞན་ཡང་། གལ་ཏེ་ལས་དེ་ངོ་བོ་ཉིད་ཀྱིས་ཡོད་པ་ཡིན་ན།བརྒྱ་ལ་འབྲས་བུ་སྐྱེས་པར་འགྱུར་བ་ཡང་།དེ་ལྟ་ན་སྨིན་ཟིན་པ་ཡང་དང་ཡང་དུ་རྣམ་པར་སྨིན་པར་འགྱུར་རོ།།ཅིའི་ཕྱིར་ཞེ་ན།ལས་ཆུད་མི་ཟ་བའི་ཆོས་ཡོད་པའི་ཕྱིར་ན་ལས་ཀྱི་འབྲས་བུ་ཡང་ཡོད་པར་བཤད་པ་ལ་ཡང་དེ་བཞིན་དུ་ཉེས་པ་ཡོད་པར་འགྱུར་རོ།།
རྩ་བར།
ལས་ནི་ཉོན་མོངས་བདག་ཉིད་ན།།
ཉོན་མོངས་དེ་དག་ཡང་དག་མིན།།
གལ་ཏེ་ཉོན་མོངས་ཡང་དག་མིན།།
ལས་ནི་དེ་ཡི་ཇི་ལྟར་བྱས།།
若诸世间业, 从于烦恼生,
是烦恼非实, 业当何有实?
复次,若业从烦恼起,是烦恼无有决定,但从忆想分别有。若诸烦恼无实,业云何有实?何以故?因无性故,业亦无性。
གཞན་ཡང་།ལས་ནི་ཉོན་མོངས་པའི་རྒྱུ་ལས་བྱུང་བ་སྟེ།ཉོན་མོངས་པ་འདི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཡང་།ཡིད་ལ་སེམས་པའི་ངོར་རྣམ་པར་དབྱེ་བ་ནི་ཡོད་དོ།།ཉོན་མོངས་པ་རྣམས་ནི་བདེན་པར་མེད་ན་ལས་ནི་ཇི་ལྟར་བདེན་པར་འགྱུར།ཅིའི་ཕྱིར་ཞེ་ན།རྒྱུ་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་ལས་ཀྱང་ངོ་བོ་ཉིད་ཀྱིས་མ་གྲུབ་པོ།།
རྩ་བར།
ལས་དང་ཉོན་མོངས་པ་དག་ནི།།
ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན།།
གལ་ཏེ་ལས་དང་ཉོན་མོངས་པ།།
དེ་སྟོང་ལུས་ལ་ཇི་ལྟར་བརྗོད།།
问曰:若诸烦恼及业无性不实,今果报身现有,应是实。
གལ་ཏེ་ལས་དང་ཉོན་མོངས་ནི་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་བདེན་པར་མ་གྲུབ་། འཇིག་རྟེན་འདིར་ལས་ཀྱི་འབྲས་བུ་ལུས་མངོན་དུ་གྱུར་བས་བདེན་པར་གྲུབ་པ་མ་ཡིན་ནམ་ཞེ་ན།
答曰:
诸烦恼及业, 是说身因缘,
烦恼诸业空, 何况于诸身!
诸贤圣说,烦恼及业是身因缘,是中爱能润生,业能生上中下、好丑贵贱等果报。今诸烦恼及业,种种推求无有决定,何况诸身有决定果?随因缘故。
ཉོན་མོངས་དང་ལས་ཀྱི་རྒྱུར་བརྟེན་ནས་ལུས་ལེན་པ་དེ་ཡང་སྲེད་པའི་དབང་གིས་སྐྱེ་ལ། ལས་ཀྱི་དབང་གིས་སྐྱེ་གནས་མཆོག་དམན་བར་གསུམ་དང་། གཟུགས་བཟང་ངན་དང་མཆོག་དམན་སོགས་འབྱུང་བར་འཕགས་པ་རྣམས་ཀྱིས་གསུངས་པའི་ཕྱིར་རོ། །དེའི་ན་ཚེ་འདིའི་ཉོན་མོངས་དང་ལས་ཀྱི་དབང་གིས་རིགས་སྣ་ཚོགས་སུ་འཕེན་པ་ལས་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས། ཅིའི་ཕྱིར་ལུས་རྣམས་ངེས་པ་ཅན་དུ་འགྱུར་ཏེ། རྒྱུའི་རྗེས་སུ་འགྲོ་བའི་ཕྱིར་རོ། །
རྩ་བར།
མ་རིག་བསྒྲིབས་པའི་སྐྱེ་བོ་གང་།།
སྲེད་ལྡན་དེ་ནི་ཟ་བ་བོ།།
དེ་ཡང་བྱེད་ལས་གཞན་མིན་ཞིག།
དེ་ཉིད་དེ་ཡང་མ་ཡིན་ནོ།།
问曰:汝虽种种因缘破业及果报,而经说有起业者,起业者有故,有业有果报。如说,
ཁྱོད་ཀྱིས་རྒྱུ་སྣ་ཚོགས་ཀྱིས་ལས་དང་འབྲས་བུ་འགོག་ཀྱང་། མདོ་ལས་ལས་ལས་སྐྱེ་བ་ཡོད་པ་ཡོད་པར་གསུངས་ལ། ལས་ལས་སྐྱེ་བ་ཡོད་པའི་ཕྱིར། ལས་དང་འབྲས་བུ་ཡོད་དོ། །དེ་བཞིན་དུ།
无明之所蔽, 爱结之所缚,
而于本作者, 不异亦不一。
无始经中说:众生为无明所覆,爱结所缚,于无始生死中,往来受种种苦乐。今受者于先作者,不即是亦不异。若即是,人作罪受牛形,则人不作牛,牛不作人。若异,则失业果报堕于断灭。是故受者于先作者,不即是亦不异。
བཅོམ་ལྡན་འདས་ཀྱིས་ཐོག་མ་མེད་པའི་མདོ་ལས།མ་རིག་བསྒྲིབས་པའི་སེམས་ཅན་དག།སྲེད་པ་ཀུན་དུ་སྦྱོར་དང་ལྡན།།ཞེས་པ་བཞིན་ཐོག་མ་མེད་པའི་འཁོར་བ་ནས་བདེ་སྡུག་སྣ་ཚོགས་པ་མྱོང་།ཚེ་འདིར་རྣམ་སྨིན་མྱོང་བ་པོ་དེ་ཡང་བྱེད་པ་པོ་ལས་གཞན་མ་ཡིན་ཞིང་།དེ་ཉིད་དེ་ཡང་མ་ཡིན་ཏེ།དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ།།དེ་ནི་སྐྱེ་བོ་གང་ཡང་རུང་བ་ཞིག་གིས་སྡིག་པའི་ལས་བགྱིས་པ་ན་བ་ལང་དུ་སྐྱེས་པ་ལ་བཤད་ཀྱི།མིར་སྐྱེ་བའི་ལས་ཀྱིས་བ་ལང་དུ་སྐྱེས་པ་དང་།བ་ལང་དུ་སྐྱེ་བའི་ལས་ཀྱིས་མིར་སྐྱེས་པ་ནི་མིན་ནོ།།གལ་ཏེ་ལས་དང་འབྲས་བུ་མི་མཐུན་པར་འབྱུང་ན།ལས་ཆུད་ཟ་བར་གྱུར་ཏེ་འབྲས་བུ་མེད་པར་འགྱུར་ཞིང་།ཆད་པ་འགག་པར་འགྱུར་རོ།།དེའི་ཕྱིར་རྣམ་སྨིན་མྱོང་བ་པོ་དེ་ཡང་བྱེད་པ་པོ་ལས་གཞན་མ་ཡིན་ཞིང་།དེ་ཉིད་དེ་ཡང་མ་ཡིན་ཏེ།དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ།།
རྩ་བར།
གང་གི་ཕྱིར་ན་ལས་འདི་ནི།།
རྐྱེན་ལས་བྱུང་བ་མ་ཡིན་ཞིང་།།
རྐྱེན་མིན་ལས་བྱུང་ཡོད་མིན་ན།།
དེ་ཕྱིར་བྱེད་པ་པོ་ཡང་མེད།།
答曰:
业不从缘生, 不从非缘生,
是故则无有, 能起于业者。
རྩ་བར།
གལ་ཏེ་ལས་དང་བྱེད་མེད་ན།།
ལས་སྐྱེས་འབྲས་བུ་ག་ལ་ཡོད།།
ཅི་སྟེ་འབྲས་བུ་ཡོད་མིན་ན།།
ཟ་བ་པོ་ལྟ་ག་ལ་ཡོད།།
无业无作者, 何有业生果?
若其无有果, 何有受果者?
若无业、无作业者,何有从业生果报?若无果报,云何有受果报者?业有三种,五阴中假名人是作者,是业于善恶处生,名为果报。若起业者尚无,何况有业、有果报及受果报者?
གལ་ཏེ་ལས་ཀྱང་མེད། བྱེད་པ་བོ་ཡང་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ག་ལ་ཡོད། གལ་ཏེ་འབྲས་བུ་མེད་ན། འབྲས་བུ་ཟ་བོ་ཇི་ལྟར་ཡོད་པར་བརྗོད། ལས་ལ་རྣམ་པར་དབྱེ་བ་གསུམ་ཏེ། ཕུང་བོ་ལྔ་ལ་གང་ཟག་ཅེས་བཏགས་པ་གང་ཡིན་པ་དེ་ནི་བྱེད་པ་བོ་དང་། ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོའི་གནས་སུ་སྐྱེ་བ་ལ་འབྲས་བུ་ཞེས་བཏགས། གལ་ཏེ་བྱེད་པ་བོ་མེད་ན། དེས་བྱས་པའི་ལས་དང་། དེའི་འབྲས་བུ་དང་དེ་ལ་ལོངས་སྤྱོད་པའི་ཟ་བ་བོ་ཡང་ཇི་ལྟར་ཡོད།
རྩ་བར།
ཇི་ལྟར་སྤྲུལ་པ་སྟོན་བྱེད་པ།།
རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས།།
སྤྲུལ་ཞིང་སྤྲུལ་པའང་གཞན་སྤྲུལ་བྱེད།།
སྤྲུལ་པ་དེས་ཀྱང་གཞན་དག་ལྟར།།
དེ་བཞིན་བྱེད་པོས་ལས་གང་བྱས།།
དེ་ཡང་སྤྲུལ་པའི་རྣམ་པ་བཞིན།།
དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག།
སྤྲུལ་པ་མཛད་པ་དེ་བཞིན་ནོ།།
ཉོན་མོངས་ལས་དང་ལུས་རྣམས་དང་།།
བྱེད་པ་པོ་དང་འབྲས་བུ་དག།
དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་།།
སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན།།
问曰:汝虽种种破业果报及起业者,而今现见众生作业受果报,是事云何?
ཁྱོད་ཀྱིས་ལས་འབྲས་དང་ལས་བྱེད་པ་བོ་སོགས་སྒོ་སྣ་ཚོགས་ནས་བཀག་པས་ན། ད་ལྟར་གྱི་སེམས་ཅན་རྣམས་ཀྱིས་ལས་བྱེད་པ་དང་། འབྲས་བུ་མྱོང་བ་མཐོང་བར་འགྱུར་བས། དེ་ཇི་ལྟར་བཤད་ཅེ་ན།
答曰:
如世尊神通, 所作变化人;
如是变化人, 复变作化人。
如初变化人, 是名为作者;
变化人所作, 是则名为业。
诸烦恼及业, 作者及果报,
皆如幻与梦, 如焰亦如响。
如佛神通力所作化人,是化人复化作化人。如化人无有实事,但可眼见;又化人口业说法、身业布施等,是业虽无实而可眼见;如是生死身、作者及业,亦应如是知。
烦恼者,名为三毒,分别有九十八使、九结、十缠、六垢等无量诸烦恼。业名为身口意业,今世后世分别有善、不善、无记,苦报、乐报、不苦不乐报,现报、业生报、业后报业。如是等无量作者,名为能起诸烦恼业、能受果报者。果报名从善恶业生无记五阴。如是等诸业皆空无性,如幻如梦,如响如焰。
དེ་ཡང་སངས་རྒྱས་ཀྱིས་སྤྲུལ་པ་བྱེད་པ་དང་།སྤྲུལ་བ་དེས་ཀྱང་སྤྲུལ་པ་གཞན་བྱེད་པ་ལྟ་བུ་ཡིན་ལ།སྤྲུལ་བའི་མི་མ་ཡིན་ཀྱང་དེས་བྱ་བ་དངོས་སུ་ཡོད་པ་མིག་གིས་མཐོང་བ་དང་།ཡང་སྤྲུལ་བའི་མི་དེས་ངག་གིས་སྨྲ་བའི་ལས་བྱེད་པ་དང་།ལུས་ཀྱིས་སྦྱིན་པ་གཏོང་བ་སོགས་བྱ་བ་དེ་ཐམས་ཅད་དོན་ལ་མ་གྲུབ་ཀྱང་མིག་གིས་མཐོང་དུ་ཡོད་པ་བཞིན།འཁོར་བའི་ལུས་དང་།ལས་དང་འབྲས་བུ་དག་དེ་ལྟར་དུ་ཤེས་པར་བྱའོ།།
ཉོན་མོངས་ནི།དུག་གསུམ་གྱི་མིང་གིས་བཏགས་ནས་བཤད་དོ།།དེ་ལ་རྣམ་པར་དབྱེ་ན་ཕྲ་རྒྱ་གོ་བརྒྱད་དང་།ཀུན་ནས་མནར་སེམས་པ་དགུ་དང་།ཀུན་བཀྲིས་བཅུ་དང་།དྲི་མ་དྲུག་སོགས་ཉོན་མོངས་མཐའ་ཡས་པ་མཆིས་སོ།།ལས་ལ་ལུས་ངག་ཡིད་གསུམ་གྱི་ལས་ཀྱི་མིང་གིས་བཏགས་ནས་བཤད་པ་ལ།འཇིག་རྟེན་འདི་དང་ཕྱི་མའི་ལས་ལ་རྣམ་པར་དབྱེ་ན།དགེ་བ་དང་།མི་དགེ་བ་དང་།ལུང་མ་བསྟན་གྱི་ལས་དང་།འབྲས་བུ་བདེ་བ་དང་།སྡུག་བསྔལ་དང་།བདེ་སྡུག་འདྲེས་མ་དང་།མཐོང་ཆོས་མྱོང་འགྱུར་དང་།སྐྱེས་ནས་མྱོང་འགྱུར་དང་།ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོ།།དེ་བཞིན་དུ་ལས་བྱེད་པ་བོ་ཡང་བགྲང་ལས་འདས་ལ།དེའི་མིང་ཅན་གྱིས་ཉོན་མོངས་པའི་ལས་བསགས་ཤིང་རྣམ་སྨིན་གྱི་འབྲས་བུ་ཡང་མྱོང་བར་འགྱུར།རྣམ་སྨིན་གྱི་མིང་ཅན་དེར་དགེ་བ་དང་མི་དགེ་བའི་ལས་གང་རུང་ལས་སྐྱེས་པའི་ལུང་མ་བསྟན་ཏེ་ཕུང་བོ་ལྔ་ལྟ་བུ།དེ་བཞིན་དུ་ལས་སོགས་ཆོས་ཐམས་ཅད་ཀྱང་སྟོང་ཞིང་རང་བཞིན་མེད་པ་སྒྱུ་མ་དང་།བྲག་ཆ་དང་།སྨིག་རྒྱུ་ཡིན་ནོ།།
སློབ་དཔོན་མཐིང་མིག་གིས་མཛད་པའི་དབུ་མ་རྩ་ཤེས་ཀྱི་འགྲེལ་བའི་རབ་བྱེད་བདུན་བཅུ་བདུན་པ་འདི་ཉིད་སྒར་བ་འཕྲིན་ལས་རྒྱ་མཚོས་རྒྱའི་སྐད་ལས་བསྒྱུར་བ་འདིའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས་རྗེ་རྒྱལ་བ་གཉིས་པའི་ལུགས་བཟང་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག༢༠༢༢་ཧོར་ཟླ༡༠་༠༨ཉིན།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn