ལོ་ཙྰ་བ་བྱ་མདོ་རབ་རྒྱས་ཀྱིས་བསྒྱུར་པའི་སྙན་ངག་ཆེད་བཀོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-02 08:06:38     རྩོམ་པ་པོ།   ལོ་ཙྰ་བ་བྱ་མདོ་རབ་རྒྱས    ཀློག་ཐེངས།  

༡.རི་ཁྲོད་ཀྱི་སྐྱེལ་མ།

              (ཐང་གུར)ཝང་ཝེ།

            

དབེན་པའི་རི་ནས་གྱེས་ཕྱག་བཏང་བའི་རྗེས།།

ཉི་མ་ནུབ་ལྷུང་ལྕུག་མའི་སྒོ་གླེགས་གཏན།།

དཔྱིད་རྩྭ་སང་ལོ་སླར་ཡང་ལྗང་ངེས་ཀྱང་།།

རྒྱལ་རིགས་མགྲོན་པོ་ཡང་བསྐྱར་ལྡོག་སྲིད་དམ།། 


            山中送别

                      王維

          山中相送罢,

          日暮掩柴扉。

          春草明年绿,

          王孙归不归?


 ༢.ལྱིན་ཨན་(༡)ཕོ་བྲང་ལ་ཕུལ་པ།

       (སུང)ལྱིན་ཧྲིན།

      

ཁང་བརྩེགས་ཕྲེང་བསྒྲིགས་རི་རྒྱབ་རི་ཡིས་མནན།།

ཞི་ཧུའུ་མཚེའུའི་གླུ་གར་ནམ་དུས་འཇགས།།

དྲོད་འཇམ་རླུང་གིས་མགྲོན་པོ་བཟི་བས་སམ།།

ཧང་ཀྲིག་ཐད་ཀར་པེན་ཀྲིག་(༢)ཉིད་དུ་བརྟགས།།


《题临安邸》

                                 【宋】林升

山外青山楼外楼,西湖歌舞几时休?

暖风熏得游人醉,直把杭州作汴州。

མཆན.

(༡)ལྱིན་ཨན་ནི་ཧང་ཀྲིག་སྟེ་སུང་ལྷོ་མའི་རྒྱལ་ས་ཡིན།༡༡༢༧ལོར་སུང་བྱང་མའི་རྒྱལ་ས་ཅིན་ལ་ཤོར་རྗེས།ལོ་དེར་སུང་རྒྱལ་རབས་ཀྱི་རྒྱལ་ས་འབྲི་ཆུའི་ལྷོ་ཕྱོགས་སུ་སྤར་ཞིང་། ལྱིན་ཨན་ཏེ་ཧང་ཀྲིག་ལ་རྒྱལ་ས་གསར་བ་མཛད་ཅིང་་སུང་ལྷོ་མའི་རྒྱལ་སྲིད་བཙུགས།

(༢)པེན་ཀྲིག་ནི་སུང་བྱང་མའི་རྒྱལ་ས་སྟེ།ཧུའུ་ནན་གྱི་པེན་ལིང་ཡིན་ལ།༡༡༢༧ལོར་ཅིན་རྒྱལ་ཁབ་ལ་ཤོར།

༣ཅན་ཏི་གཙང་པོར་ཞག་གིས་བསྡད་པ།

                    

སྨུག་ལྡན་གླིང་ཕྲན་ལ་བཏུད་གྲུ་ཆུང་བསྡད།།

ཉི་ནུབ་འགྲོན་པོར་སྐྱོ་སྨྲེང་གསར་བ་བསྣན།།

དབེན་སྟོང་ནམ་མཁའ་ལྗོན་པ་ལས་ཀྱང་དམའ།།

གཙང་ཆུ་དྭངས་པས་ཟླ་བ་མི་དང་ཉེ།།


 宿建德江

              唐  孟浩然

移舟泊烟渚,日暮客愁新。

野旷天低树,江清月近人。

   

༤ཝེ་གྲོང་དབྱངས་རྟ།

                      

ཝེ་གྲོང་ཞོགས་པའི་ཆར་བས་ས་རྡུལ་བརླན།།

མགྲོན་ཁང་ཉེ་འཁོར་ལྕང་མའི་ལྗང་མདོག་གསར།།

གྲོགས་ཁྱོད་ད་དུང་ཨ་རག་ཕོར་གང་བཞེས།།

ཡང་ཀོན་ནུབ་བརྒལ་ད་ནི་གྲོགས་རྙིང་མེད།།


《渭城曲》

年代:唐 作者: 王维

渭城朝雨浥轻尘,客舍青青柳色新。

劝君更尽一杯酒,西出阳关无故人。

      

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།