ལམ་རིམ་སྨོན་ལམ་བོད་རྒྱ་ཤན་སྦྱོར།( 菩提道次第祈愿文藏汉对照)
༄༅།།ལམ་རིམ་སྨོན་ལམ་བཞུགས་སོ།། 菩提道次第祈愿文
རྗེ་ཙོང་ཁ་བས་མཛད། 宗喀巴大师著
དཔའ་རིས་བློ་བཟང་རྒྱ་མཚོས་བསྒྱུར། 华锐·罗桑嘉措 译
༄༅། །དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི། །
མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས། །
བློ་མིག་མ་རིག་གིས་ལྡོངས་འགྲོ་བ་ཀུན། །
རྣམ་འདྲེན་རྒྱལ་བའི་དབང་བོར་བདག་གྱུར་ཅིག །
愿在此中恒修二资粮,
犹如广阔虚空凡集资,
由此我成佛陀而引导,
慧眼被无明蔽诸众生。
དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང༌། །
འཇམ་པའི་དབྱངས་ཀྱིས་བརྩེ་བས་རྗེས་བཟུང་སྟེ། །
བསྟན་པའི་རིམ་པ་ཀུན་ཚང་ལམ་གྱི་མཆོག །
རྙེད་ནས་སྒྲུབ་པས་རྒྱལ་རྣམས་མཉེས་བྱེད་ཤོག །
愿在未达佛位诸生世,
文殊师利悲悯随摄受,
圣教次第悉全之妙道,
得已修故令诸佛欢喜。
རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །
ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས། །
འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །
རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །
愿我如实所证道心要,
强烈悲心策发善方便,
由此遣除有情意冥暗,
我能长久住持佛教法。
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
ཕན་བདེའི་གཏེར་ཏེ་གསལ་བར་བྱེད་པར་ཤོག །
圣教殊胜珍宝未普弘,
或曾广弘但已衰微域,
愿有大悲策动自心意,
彰明这种利乐之宝藏。
སྲས་བཅས་རྒྱལ་བའི་རྨད་བྱུང་འཕྲིན་ལས་ལས། །
ལེགས་གྲུབ་བྱང་ཆུབ་ལམ་གྱི་རིམ་པས་ཀྱང༌། །
ཐར་འདོད་རྣམས་ཀྱི་ཡིད་ལ་དཔལ་སྟེར་ཞིང༌། །
རྒྱལ་བའི་མཛད་པ་རིང་དུ་སྐྱོང་གྱུར་ཅིག །
承佛菩萨殊胜事业中,
善于成为菩提道次第,
对求解脱众心施盛德,
能使长久住持佛事业。
མ་བཟང་བསྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །
འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །
ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །
རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །
愿编善道论时办顺缘,
消除违缘所有人非人,
生生世世永远不舍弃,
诸佛所赞清净正确道。
གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །
ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །
མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང༌། །
བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག
愿我经由这些十法行,
如理勤修最胜乘时候,
常能得具大力作助伴,
吉祥德海遍及于各方。
2012年译于拉卜楞
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn