དེ་བཞིན་གཤེགས་པས་ཐུར་འཕྱང་གི་སྡུག་བསྔལ་ལས་བསྐྱབས་པའི་མདོ་རྒྱ་བོད་ཤན་སྦྱོར།(佛说盂兰盆经汉藏对照)

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2017-01-08 22:42:44     རྩོམ་པ་པོ།   དཔའ་རིས་བློ་བཟང་གིས་བསྒྱུར།    ཀློག་ཐེངས།  

༄༅།།དེ་བཞིན་གཤེགས་པས་ཐུར་འཕྱང་གི་སྡུག་བསྔལ་ལས་བསྐྱབས་པའི་མདོ་ཞེས་བྱ་བ་བཞུགས་སོ།།

                                                                 西晋三藏法师竺法护译

如是我闻。一时佛在舍卫国祇树给孤独园。大目犍连始得六通,欲度父母,报乳哺之恩。即以道眼观视世间,见其亡母生饿鬼中,不见饮食,皮骨连立。

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།        འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།  བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།   མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ།  མོའུ་འགལ་གྱི་བུ་མངོན་ཤེས་དྲུག་གསར་དུ་ཐོབ་པས།  འོ་གསོའི་དྲིན་དུ་ཕ་མ་འཁོར་བ་ལས་བསྒྲལ་དགོས་པར་དགོངས་ནས་རྫུ་འཕྲུལ་གྱིས་བརྟགས་པ་ན།  རང་གི་མ་ཡུམ་ཡི་དྭགས་སུ་སྐྱེས་ནས་བཟའ་བཏུང་མ་རྙེད་པས་རུས་མགོ་ལྤགས་གཡོགས་ཙམ་དུ་མཐོང་ནས། 

目连悲哀,即以钵盛饭,往饷其母,母得钵饭,即以左手障钵,右手搏食,食未入口,化成火炭,遂不得食。目连大叫,悲号涕泣,驰还白佛,具陈如此。

ཡིད་རབ་ཏུ་སྐྱོ་ཤིང་སྨྲེ་སྔགས་འདོན་པ།  འཕྲལ་དུ་ལྷུང་བཟེད་ནང་དུ་ཟས་གང་ཁྱེར་ནས་མ་ལ་སྟེར་བར།   མས་ལྷུང་བཟེད་ལག་ཏུ་བླངས་ནས་ལག་པ་གཡོན་པས་གཡོགས་ཤིང་ལག་པ་གཡས་པས་ཟས་རིལ་བུར་བསྒྲིལ་ཏེ་བཟའ་བར་བརྩམ་པ་ན།   མའི་ཁར་ཟས་མ་སླེབས་གོང་མེ་འབར་ནས་སོལ་བར་འགྱུར་སྟབས་ཟ་བར་མི་ནུས་པས།  མོའུ་འགལ་གྱི་བུ་འོ་དོད་འབོད་ཅིང་བཤུམ་པ།  དེ་ནས་མྱུར་བར་བཅོམ་ལྡན་འདས་བཞུགས་ས་ག་ལ་བ་དེར་དོང་སྟེ་ལྷགས་ནས།  བཅོམ་ལྡན་འདས་ལ་གནས་ཚུལ་དེ་དེ་བཞིན་དུ་གསོལ་ཏོ།།

佛言:‘汝母罪根深结,非汝一人力所奈何。汝虽孝顺,声动天地、天神地祇、邪魔外道、道士四天王神,亦不能奈何。当须十方众僧威神之力乃得解脱。吾今当说救济之法,令一切难皆离忧苦。’

དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཁྱེད་ཀྱི་མའི་སྡིག་པ་ཤིན་ཏུ་ཆེ་བས་ཁྱེད་གཅིག་པུའི་ནུས་པས་མི་ལྕོགས།  ཁྱེད་ཀྱིས་མ་ལ་བསྙེན་བཀུར་ཆེ་བས་གནམ་འགུལ་ས་གཡོ་བྱེད་མོད།  འོན་ཀྱང་ལྷ་དང་གཞི་བདག   དམ་སྲི།  མུ་སྟེགས་པ།   ལྷག་སྤྱོད།   རྒྱལ་ཆེན་རིགས་བཞི་རྣམས་ཀྱིས་ཀྱང་སྐྱོབ་པར་མི་ནུས།  དེས་ན་ཕྱོགས་བཅུའི་དགེ་འདུན་རྣམས་ཀྱི་ནུས་མཐུས་སྒྲོལ་བར་ནུས་སོ།། དེང་འདིར་ངེད་ཀྱིས་སྐྱོབ་པའི་ཆོས་ཤིག་སྨྲ་བར་བྱ་ན།  ཁྱེད་ཀྱི་མ་དེ་སྡུག་བསྔལ་མཐའ་དག་གི་གདུང་བ་ལས་འགྲོལ་བར་འགྱུར་རོ།།

佛告目连:‘十方众生,七月十五日,僧自恣时,当为七世父母及现在父母厄难中者,具饭、百味五果、汲灌盆器、香油锭烛、床敷卧具、尽世甘美以著盆中,供养十方大德众僧。

མོལ་འགལ་གྱི་བུ་ལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་བཀའ་བསྩལ་ཏོ།།     ཕྱོགས་བཅུའི་དགེ་འདུན་ལ་དམིགས་ཏེ་(ལུགས་རྙིང)ཟླ་བདུན་པའི་བཅྭོ་ལྔའི་དབྱར་གནས་ཀྱི་མཇུག་རྫོགས་པའི་སྐབས་སུ།  སྡུག་བསྔལ་མྱོང་བཞིན་པའི་ཚེ་རབས་བདུན་གྱི་ཕ་མ་དང་ཚེ་འདིའི་ཕ་མའི་སླད་དུ།  རོ་བརྒྱ་ལྡན་པའི་ཞལ་ཟས་དང་སིལ་ཏོག་ལྔ།  ཁྲུས་གསོལ་གྱི་སྣོད།   མར་མེ།  མལ་གདན་ཡོ་བྱད།   འཇིག་རྟེན་ན་ཆེས་མཆོག་ཏུ་གྱུར་པའི་རྫས་རྣམས་ལྷུང་བཟེད་ནང་དུ་བཅུག་ནས་ཕྱོགས་བཅུའི་དགེ་འདུན་ནམ་སྐྱེས་བུ་དམ་པ་རྣམས་ལ་དབུལ་བར་བགྱིའོ།།

当此之日,一切圣众,或在山间禅定、或得四道果、或在树下经行、或六通自在教化声闻缘觉、或十地菩萨大人,权现比丘,在大众中,皆同一心,受钵和罗饭,具清净戒,圣众之道,其德汪洋。

ཉིན་འདིར།  འཕགས་པ་རྣམས་ནི་ཁ་ཅིག་རི་ཁྲོད་དུ་ཏིང་ངེ་འཛིན་སྒོམ་པར་མཛད་པའམ།    འགའ་ཞིག་དགྲ་བཅོམ་པའི་འབྲས་བུ་བརྙེས་པའམ།   ལ་ལ་ལྗོན་ཤིང་གི་རྩར་ལུས་སེམས་འདུལ་བར་བྱེད་པའམ།   ཁ་ཤས་མངོན་ཤེས་དྲུག་ལ་དབང་འབྱོར་བས་ཉན་ཐོས་དང་རང་རྒྱལ་འདུལ་བར་མ་ཟད།      ས་བཅུ་བའི་བྱང་ཆུབ་སེམས་དཔའ་ཆེན་པོའང་དགེ་སློང་གི་གཟུགས་སུ་ཤར་ནས་ཚོགས་སུ་གནས་པ།    མདོར་ན་ཐམས་ཅད་ཀྱིས་བློ་སེམས་རྩེ་གཅིག་གིས་ལྷུང་བཟེད་ཀྱི་འབུལ་ཟས་བཞེས་པ།    ཚུལ་ཁྲིམས་རྣམ་པར་དག་པ།    བསླབ་གསུམ་འཕགས་ཚོགས་ཀྱི་ལམ་ལ་གནས་པའི་སྟབས་ཀྱིས།    ཡོན་ཏན་རྒྱ་ཆེ་སྟེ་རྒྱ་མཚོ་ཆེན་པོ་བཞིན་ནོ།།

其有供养此等自恣僧者,现世父母、六亲眷属,得出三涂之苦应时解脱,衣食自然;若父母现在者,福乐百年;若七世父母生天,自在化生,入天华光。’

ཅི་དགར་རོལ་བའི་དགེ་འདུན་རྣམས་ལ་ཞལ་ཟས་འདི་ལྟར་འབུལ་བར་བརྟེན།   ཚེ་འདིའི་ཚེ་འདས་ཀྱི་ཕ་མ་དང་།   གཉེན་ཉེ་དུ་ལ་སོགས་པ་དེ་མ་ཐག་ཏུ་ངན་སོང་གསུམ་ལས་ཐར་བར་འགྱུར་ཤིང་།   ཟས་གོས་ལྷུན་གྱིས་གྲུབ་པའམ།   ཚེ་དང་ལྡན་པའི་ཕ་མའང་ཚེ་རིང་ལོ་བརྒྱའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ།   གལ་ཏེ་ཚེ་རབས་བདུན་གྱི་ཕ་མའི་ཆེད་དུ་བསྒྲོན་ན་དེ་རྣམས་ལྷར་སྐྱེ་ཙ་ན།   རང་དབང་གིས་རྫས་ཏེ་སྐྱེས་ནས་འོད་དང་ལྷན་ཅིག་ལྷར་གནས་སོ།།

时佛敕十方众僧,皆先为施主家咒愿,愿七世父母行禅定意,然后受食。初受食时,先安在佛前,塔寺中佛前,众僧咒愿竟,便自受食。

སངས་རྒྱས་བཅོམ་སྡན་འདས་ཀྱིས་ཕྱོགས་བཅུའི་དགེ་འདུན་རྣམས་ལ།  སྔོན་དུ་སྦྱིན་པའི་བདག་པོའི་ཁྱིམ་ནི་སྨོན་ཡུལ་དུ་བྱས་ནས་དེ་དག་གི་ཚེ་རབས་བདུན་གྱི་ཕ་མ་སྡུག་བསྔལ་ལས་བྲལ་ནས་བདེ་བར་འགོད་པ་དང་།  ཡིད་ཏིང་ངེ་འཛིན་ལ་བཞག་སྟེ་འབུལ་ཟས་གསོལ་བ།  ལོངས་སུ་སྤྱོད་པའི་སྐབས་སུ།  ཐོག་མར་ལྷ་ཡི་ལྷའི་མདུན་དུའམ།    མཆོད་རྟེན་ནམ།   གཙུག་ལག་ཁང་གི་སྐུ་གཟུགས་ཀྱི་མདུན་དུ་དགེ་འདུན་རྣམས་ཀྱིས་སྨོན་ལམ་བཏབ་པའི་མཇུག་སྒྲིལ་བའི་རྗེས་སུ་རང་རང་གིས་ཟས་ལ་ལོངས་སུ་སྤྱོད་ཅིག་ཅེས་བཀའ་ལུང་བསྩལ་ཏོ།།

时目连比丘及大菩萨众皆大欢喜,目连悲啼泣声释然除灭。

སྐབས་དེར།   མོའུ་འགལ་གྱི་བུ་དང་།   བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཀུན་ཏུ་དགའ་བས།   མོའུ་འགལ་གྱི་བུའི་གཅོང་སྐད་ཀྱང་སྐད་ཅིག་ལ་བསལ་ཏོ།།

时目连母即于是日,得脱一劫饿鬼之苦。

སྐབས་དེར་མོའུ་འགལ་གྱི་བུའི་མ་ཡུམ་ནི་ཉིན་དེར་ཡི་དྭགས་ཀྱི་སྡུག་བསྔལ་བསྐལ་བ་གཅིག་གི་ཡུན་དུ་མྱོང་དགོས་པ་ལས་ཐར་བར་འགྱུར་རོ།།

目连复白佛言:‘弟子所生母,得蒙三宝功德之力,众僧威神力故。若未来世,一切佛弟子,亦应奉盂兰盆,救度现在父母,乃至七世父母,可为尔否?’

   དེ་ནས་མོའུ་འགལ་གྱི་བུས་བཅོམ་ལྡན་འདས་ལ་སླར་ཡང་གསོལ་བ།  དཀོན་མཆོག་གསུམ་གྱི་ཡོན་ཏན་དང་དགེ་འདུན་པའི་ནུས་མཐུ་ལ་བརྟེན་ནས་བདག་གི་མ་སྡུག་བསྔལ་ལས་ཐར་རོ།།གལ་སྲིད་མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་རྗེས་འཇུག་པ་ཐམས་ཅད་ཀྱིས་ཀྱང་ཐུར་འཕྱང་གི་བསྡུག་བསྔལ་ལས་བསྐྱབས་པའི་ཆོས་འདི་ལ་བརྟེན་ནས་ཚེ་འདིའི་ཕ་མ་དང་ཚེ་རབས་བདུན་གྱི་ཕ་མ་སྐྱོབ་བམ།

佛言:‘大善快问!我正欲说,汝今复问。

  བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།   དགེ་ཆེན།   མྱུར་དུ་དྲིས་ཤིག    བདག་གིས་དེ་བཞིན་འཆད་པར་འདོད་པ་ན།   ཁྱེད་ཀྱིས་ཀྱང་དེང་འདིར་སླར་ཡང་དེ་ལྟར་དྲིས་སོ།།

善男子!若比丘比丘尼、国王太子、大臣宰相、三公百官、万民庶人,行慈孝者,皆应先为所生现在父母、过去七世父母,于七月十五日,佛欢喜日,僧自恣日,以百味饭食,安盂兰盆中,施十方自恣僧

རིགས་ཀྱི་བུ།   གལ་ཏེ་དགེ་སློང་དང་དགེ་སློང་མ།   རྒྱལ་བོ།  རྒྱལ་བོའི་སྲས་པོ།   བློན་པོ།   བློན་ཆེན།   དཔོན་རིགས་སོ་སོ།   འབངས་མི་ཀུན་གྱིས་སྲི་ཞུ་བྱས་ན།    ཚང་མས་སྔ་རོལ་ཏུ་ཚེ་འདིའི་ལུས་སྦྱིན་གྱི་ཕ་མ་དང་འདས་པའི་ཚེ་རབས་བདུན་གྱི་ཕ་མའི་སླད་དུ།   ཟླ་བདུན་པའི་ཚེས་བཅྭོ་ལྔ་སྟེ་ལྷ་ཡི་ལྷ་དགྱེས་པའི་ཉིན་་ནམ་རང་དགར་རོལ་བའི་དགེ་འདུན་གྱི་ཉིན་ལ།   ཐུར་འཕྱང་གི་སྡུག་བསྔལ་སེལ་བའི་གཞོང་སྣོད་ནང་དུ་རོ་བརྒྱ་ལྡན་པའི་ཟས་བཞག་ནས་ཕྱོགས་བཅུའི་ཅི་དགར་བའི་དགེ་འདུན་པ་རྣམས་ལ་དབུལ་བར་བྱའོ།།

愿使现在父母,寿命百年无病、无一切苦恼之患,乃至七世父母离恶鬼苦,生人天中,福乐无极。

ད་ལྟ་འཚོ་བཞེས་ཀྱི་ཕ་མ་ཚེ་རིང་ལོ་བརྒྱ་ནད་མེད་ཅིང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་མ་ཟད།   ཚེ་རབས་བདུན་གྱི་ཕ་མའང་ཡི་དྭགས་ཀྱི་སྡུག་བསྔལ་དང་བྲལ་ནས་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་ཞིང་བསོད་བདེ་འབྱམས་ཀླས་སོ།།

是佛弟子修孝顺者,应念念中,常忆父母,乃至七世父母。年年七月十五日,常以孝慈,忆所生父母,为作盂兰盆,施佛及僧,以报父母长养慈爱之恩。

  སངས་རྒྱས་བཅོམ་སྡན་འདས་ཀྱི་རྗེས་འཇུག་ཡོད་དོ་ཅོག་གིས་སྲི་ཞུའམ་བསྙེན་བཀུར་བྱ་རྒྱུར།  རྒྱུན་དུ་ཚེ་འདིའི་ཕ་མ་དང་ཚེ་རབས་བདུན་གྱི་ཕ་མ་རྟག་ཏུ་ཡིད་ལ་དྲན་ཞིང་ལོ་རེའི་ཟླ་བདུན་པའི་བཅྭོ་ལྔར་བཀུར་སྟི་དང་།  ཚེ་འདིའི་ལུས་སྦྱིན་གྱི་ཕ་མ་ཡིད་ལ་དྲན་ནས་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་ཐུར་འཕྱང་གི་སྡུག་བསྔལ་ལས་སྐྱོབ་པའི་རིམ་གྲོ་སྒྲུབ་པ།    ཕ་མའི་གཅེས་སྐྱོང་གི་དྲིན་ལན་བསབ་པའི་ཕྱིར་དུ་སངས་རྒྱས་དང་དགེ་འདུན་ལ་མཆོད་དོ།།

若一切佛弟子,应常奉持是法。’

སངས་རྒྱས་བཅོམ་སྡན་འདས་ཀྱི་རྗེས་འཇུག་པ་མཆིས་སོ་ཅོག་གིས་ངེས་པར་དུ་ཆོས་འདི་ཉམས་ལེན་བྱོས་ཤིག

时目连比丘、四众弟子,欢喜奉行。

དེ་ཚེ་དགེ་སློང་མོའུ་འགལ་གྱི་བུ་དང་འཁོར་རྣམ་བཞི་དང་བཅས་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།

        དེ་བཞིན་གཤེགས་པས་ཐུར་འཕྱང་གི་སྡུག་བསྔལ་ལས་བསྐྱབས་པའི་མདོ་རྫོགས་སོ།།

མདོ་འདི་མ་ཧཱ་ཙི་ནའི་ཅེན་ནུབ་མ་ཞེས་པའི་དུས་རབས་སུ་ལོ་ཙཱ་བ་ཆོས་སྲུང་གིས་ལེགས་པར་སྦྱར་བའི་སྐད་ལས་རྒྱ་ནག་སྐད་དུ་བསྒྱུར་པ་དང་།  ཕྱིས་སུ་བོད་ཀྱི་ལོ་ཙཱ་བ་དཔའ་རིས་བློ་བཟང་རྒྱ་མཚོས་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དུ་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་གཏན་ལ་ཕབ་པའོ།།


       རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།