རྒྱའི་སློབ་དཔོན་ཆེན་མོ་ཐེ་ཞུས་ཀྱིས་རྗེ་རིན་པོ་ཆེ་ལ་བསྟོད་པའི་ཚིགས་བཅད་རྒྱ་བོད་ཤན་སྦྱོར།(赞宗喀巴大师汉藏对照)
太虚大师作偈赞宗喀巴大师
རྒྱའི་སློབ་དཔོན་ཆེན་མོ་ཐེ་ཞུས་ཀྱིས་རྗེ་རིན་པོ་ཆེ་ལ་བསྟོད་པའི་ཚིགས་བཅད།
释尊大法,策源月邦,
派分三干,化各一方,
锡兰支那,爰及西藏
ཤཱཀྱའི་རྒྱལ་བོའི་བསྟན་པ་ཆེ།།
འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ།།
ཡན་ལག་གསུམ་དུ་གྱེས་པ་ལས།།
ཡུལ་གྲུ་སོ་སོར་དར་བར་གྱུར།།
སིང་གླིང་དང་ནི་ཙི་ནཱ་དང་།།
ནུབ་ཕྱོགས་བོད་ཀྱི་ཡུལ་དུ་དར།།
莲华生后,密咒当阳,
律像经教,若存若亡,
末流猥杂,染风孔张。
སློབ་དཔོན་པད་འབྱུང་བྱོན་རྗེས་སུ།།
གསང་སྔགས་བསྟན་པ་དར་ཞིང་རྒྱས།།
དེ་ནས་མདོ་དང་འདུལ་བའི་བསྟན།།
ཡོད་ཀྱང་འཇིག་ལ་མངོན་པར་ཉེ།།
ཁུང་དང་ཀྲང་གི་བཤད་ཚུལ་སོགས།།
སྣ་ཚོགས་གྲུབ་མཐས་ཐུབ་བསྟན་སྦགས།།
大师崛起,浊激清扬,
菩提之道,次第宣鬯,
下中上士,胥归金刚,
根深枝茂,德隆誉芳。
དེ་ཚེ་སྐྱེས་མཆོག་ཁྱེད་བྱོན་ནས།།
དྲི་མ་ཀུན་བཀྲུས་དྭངས་པར་མཛད།།
བྱང་ཆུབ་མཆོག་ཏུ་བགྲོད་པའི་ལམ།།
རིམ་པ་མ་ནོར་གསལ་བར་མཛད།།
ཆུང་འབྲིང་ཆེ་གསུམ་ཐུན་མོང་ལམ།།
སྦྱངས་ནས་སྔགས་ལ་ཁྲིད་ཚུལ་གསུངས།།
ཁྱོད་བསྟན་བརླིང་ཞིང་ཡལ་འདབ་རྒྱས།།
མཛད་པ་ཡངས་ཤིང་གྲགས་སྙན་འབར།།
此土禅净,今亦沦荒,
扶戒研理,救之不遑。
འདི་ན་བསམ་གཏན་དག་ཞིང་གི།
གྲུབ་མཐའ་རྣམས་ཀྱང་ཉམ་ཐག་པས།།
འདུལ་ཁྲིམས་སྲུང་ཞིང་གཞུང་ལུགས་ལ།།
སྦྱངས་ནས་སྐྱོབ་པའི་དུས་ལ་བབ།།
唯师与我,志趣相当,
千年万里,不隔毫芒。
བླ་མ་ཁྱེད་དང་ངེད་འབའ་ཞིག།
བསྟན་ལ་གཞོལ་བའི་ཐུགས་དགོངས་མཐུན།།
ལོ་སྟོང་ལེ་དབར་ཁྲི་ཕྲག་གིས།།
ཆོད་ཀྱང་ཐུགས་ལ་བར་གཅོད་མེད།།
我行未逮,我心正长,
瓣香先觉,支那释子太虚敬礼
བདག་གིས་བསྒྲུབ་འདོད་བྱ་གཞག་རྣམས།།
ད་དུང་འགྲུབ་མེད་སྨོན་པ་རིང་།།
ཉིད་ཀྱིས་བཞག་པའི་མན་ངག་འདིས།།
བདག་སྙིང་མཆོག་ཏུ་དད་པར་བྱས།།
ཞེས་ཙི་ནཱ་བ་ཤཱཀྱའི་སྲས་པོ་ནམ་མཁའ་ཞེས་བྱ་བས་གུས་ཕུལ།
བཛྲ་ཚུལ་ཁྲིམས་རྒྱ་མཚོས་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གསེར་མཁར་རམ་ལན་ཀྲུའུ་ནས་འཕྲལ་མར་བསྒྱུར་བའོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn