བཤེས་པའི་སྤྲིངས་ཡིག་བོད་རྒྱ་ཤན་སྦྱོར།(亲友书藏汉对照)
བཤེས་པའི་སྤྲིངས་ཡིག
亲友书
འཕགས་པ་ཀླུ་སྒྲུབ།龙树菩萨 造颂
大唐三藏法师义净 译
རྒྱ་གར་སྐད་དུ། སུ་ཧྲི་ད་ལེ་ཁ།
བོད་སྐད་དུ་བཤེས་པའི་སྤྲིངས་ཡིག
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།
顶礼文殊智慧勇士[④]!
བླ་མ་རྣམམ་ལ་ཕྱག་འཚལ་ལོ།།
ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི།།
བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི།།
བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག།
ཅུང་ཟད་ཅིག་བསྡེབས་ཁྱོད་ཀྱིས་གསན་པའི་རིགས།།
具德[⑦]我演如如教,
为生福爱而兴述,
真善宜应可审听,
此颂名为圣祗底。
ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་།།
བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད།།
དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་།།
དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི།།
纵使我诗非巧妙,
依正法[12]说勿当轻。
ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག།
ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི།།
རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི།།
ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས།།
王虽先解如如教,
更闻佛语[13]增胜解,
犹如粉壁月光辉,
岂[14]不鲜明益殊妙。
རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་།།
གཏོང་དང་ཚུལ་ཁྲིམས་ལྷ་རྗེ་དྲན་པ་དྲུག།
རབ་ཏུ་བཀའ་བསྩལ་དེ་དག་སོ་སོ་ཡི།།
ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་བར་བགྱི།།
施戒[17]及与天,
一一功德聚[18],
佛说应常念[19]。
དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི།།
ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་།།
ཆང་རྣམས་ལས་བཟློག་དེ་བཞིན་དགེ་བ་ཡི།།
འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད།།
远离[24]于诸酒,
ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས།།
དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ།།
སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ།།
སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ།།
如法施[30]比丘,
ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ།།
མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད།།
ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ།།
ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས།།
众德依戒[35]住,
佛说应常习[40]。
སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་།།
དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན།།
འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི།།
ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད།།
གང་ལ་ཕ་དང་མ་དག་མཆོད་པ་ཡི།།
རིགས་དེ་ཚངས་བཅས་སློབ་དཔོན་བཅས་པ་ལགས།།
དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་།།
སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས།།
其家有梵王[53],
现招善名称,
འཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་དང་ནི།།
ཆང་དང་དུས་མིན་ཟས་ལ་ཆགས་པ་དང་།།
མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་།།
གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་།།
དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི།།
ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན།།
གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་པ།།
སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད།།
耽食爱高床,
断诸酒歌舞,
华彩及涂香,
若女男能成,
此八支圣戒[59],
欲界[60]六天上,
长净[61]善当生。
སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང་།།
མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་།།
རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་།།
དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས།།
悭谄[62]诳贪怠,
并视如怨贼。
བག་ཡོད་བདུད་རྩིའི་གནས་དེ་བག་མེད་པ།།
འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏོ།།
དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ།།
གུས་པས་རྟག་ཏུ་བག་དང་བཅས་པར་མཛོད།།
说无生由勤[67],
有死因放逸[68],
勤能长善法,
尔可修谨慎[69]。
གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས།།
ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང་།།
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།།
དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན།།
འདི་ལྟར་བཟོད་མཚུངས་དཀར་ཐུབ་མ་མཆིས་པས།།
ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི།།
先时[70]离谨慎,
后若[71]改勤修,
良宵睹[74]明月,
孙陀罗难陀,
央具理摩罗,
达含绮莫迦,
翻恶皆成善。
ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད།།
འཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས།།
勇进无同忍,
勿使忿势行,
终得不还位,
佛证可除嗔。
བདག་ནི་འདིས་སྤྱོས་འདིས་བཏགས་ཕམ་པར་བྱས།།
འདི་ཡིས་བདག་ནོར་ཕྲོགས་པར་གྱུར་ཏོ་ཞེས།།
ཁོན་དུ་འཛིན་པས་འཁྲུག་ལོངས་རྣམས་བསྐྱེད་དེ།།
ཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག།
他人打骂我,欺凌夺我财,
སེམས་ནི་ཆུ་དང་ས་དང་རྡོ་བ་ལ།།
རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི།།
དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི།།
མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས།།
如于水土石,人心尽彼[78]同,
རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་།།
ལོག་པ་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི།།
སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག།
རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་།།
佛说三种语,人美实[81]虚言,
犹如蜜花粪[82],弃后可行前。
སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས།།
མུན་པའི་མཐར་ཐུག་སྣང་ནས་མུན་མཐའ་ཐུག།
མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི།།
བཞི་སྟེ་དེ་དག་རྣམས་ཀྱི་དང་པོར་མཛོད།།
或今明后暗,或今暗后明,
如是四种人,王当依第一。
མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ།།
སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ།།
མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི།།
སྨིན་པ་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད།།
亦有熟如熟,或复生如生,
庵没罗果[88]中,有如是差别,
人亦同彼四,难识王应知。
གཞན་གྱི་ཆུང་མར་མི་ལྟ་མཐོང་ན་ཡང་།།
ན་ཚོད་མཐུན་པར་མ་དང་བུ་མོ་དང་།།
སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་འགྱུར་ན།།
མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི།།
勿睹[89]他妻室,设观如母女,
姊妹想随年[90],起贪思不净。
གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར།།
གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ།།
གདུག་པ་དུག་དང་མཚོན་དང་དགྲ་བོ་དང་།།
མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད།།
如闻子藏命,防[91]持躁动心,
兽药刀怨火,无令欲乐侵[92]。
འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ།།
རྒྱལ་བའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས།།
དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས།།
འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས།།
由欲作无利[93],譬如兼博果
佛说彼应除,生死牢枷锁[94]
གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི།།
རྟག་ཏུ་མི་བརྟན་གཡོ་དང་གང་དག་ཅིག།
གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས།།
མཁས་རྣམས་དང་པོར་དཔའ་རབ་ལགས་པར་འཚལ།།
谲诳常摇[95]境,能降斯六识,
执仗扫众怨,许初为勇识。
བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ།།
དྲི་ང་བ་དང་སྒོ་དགུ་དོད་པ་དང་།།
མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང་།།
པགས་པས་གཡོགས་དང་རྒྱན་ཡང་ལོགས་ཤིག་གཟིགས།།
臭气九门众秽室,行躯难满薄皮缠,
请看少女除庄彩,析别形骸恶叵言。
ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི།།
བདེ་བའི་དོན་དུ་མེ་ལ་ཀུན་བསྟེན་ཀྱང་།།
ཞི་བར་མི་འགྱུར་དེ་ཉིད་འདྲ་བ་ནི།།
འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད།།
癞虫[96]穿已痛,求安就火边,
止息[97]无由免,耽欲亦同然。
དོན་དམ་གཟིགས་པར་བྱེད་སླད་དངོས་རྣམས་ལ།།
ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད།།
དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི།།
ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ།།
为知真胜理,作意观众事,
唯斯德应习,无余法可亲。
སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་།།
ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས།།
དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན།།
དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད།།
无智破尸罗,是人何足贵,
若人无族望,貌丑[100]寡知闻,
有智护尸罗,人皆应供养。
འཇིག་རྟེན་མཁྱེན་པས་རྙེད་དང་མ་རྙེད་དང་།།
བདེ་དང་མི་བདེ་སྙན་དང་མི་སྙན་དང་།།
བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ།།
བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད།།
利无利苦乐,称[101]无称毁讥,
了俗世八法,齐心离斯境。
ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི།།
མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་།།
འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ།།
དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས།
再生天乞士,父母妻子人,
སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི།།
དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་།།
འཆི་བའི་དུས་ལ་བབས་ན་སྡིག་པ་ཡི།།
ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར།།
待至临终[106]际,恶业果全彰。
དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང་།།
དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་།།
ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས།།
ནོར་གཞན་ཕལ་བ་དོན་མ་མཆིས་རྟོགས་མཛོད།།
信戒施净闻,惭愧[107]及正慧,
七财牟尼[108]说,余物皆无益。
རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་།།
ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང་།།
ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ།།
གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤང་།།
博[109]奕乐观喧杂境,懒惰恶友敦亲志,
饮酒非时行六过,此劫芳名尔应弃。
ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ།།
རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས།།
ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན།།
ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས།།
求财少欲最,人天师盛[110]陈,
若能修少欲,虽贫是富人。
དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ།།
འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ།།
ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ་།།
དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ།།
若人广求诸事者,还被尔许苦来加,
智者若不修少欲,受恼还如众首蛇[111]。
རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་བུ་དང་།།
ཁྱིམ་ཐབ་བརྙས་བགྱི་རྗེ་མོ་ལྟ་བུ་དང་།།
ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི།།
ཆུང་མ་གསུམ་པོ་འདི་དག་རྣམ་པར་སྤོང་།།
禀[112]性抱怨如杀者,欺轻夫主如男偶,
སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང་།།
མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་།།
མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན།།
དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་བཀུར།།
如兹四妇宜应供,应知此室号天人。
ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས།།
འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ།།
རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས།།
འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།།
不为肥骄傲[119],但欲住持身。
རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང་།།
མཚན་མོའི་ཐུན་གྱི་སྟོད་སྨད་འདས་ནས་ནི།།
མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར།།
དྲན་དང་ལྡན་པར་དེ་དག་བར་དུ་མནོལ།།
勤[120]躯度永日,于初后夜中,
眠梦犹存念,勿使命虚终。
བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་།།
བཏང་སྙོམས་རྟག་ཏུ་ཡང་དག་བསྒོམས་མཛོད་ཅིག།
གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང་།།
ཚངས་པའི་འཇིག་རྟེན་བདེ་བ་ཐོབ་བར་འགྱུར།།
慈悲喜正舍,修习可常研[121],
上流虽未入,能生梵世天。
འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག།
རྣམ་པར་སྤངས་བའི་བསམ་གཏན་བཞི་པོ་ཡིས།།
ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་།།
འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ།།
舍杂欲苦寻喜乐,随业当生四地中,
རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད།།
ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས།།
དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ།།
དེ་བས་དགེ་བ་སྤྱོད་ལ་བརྩོན་པར་གྱིས།།
此五行为善,不行为大恶。
ལན་ཚྭ་སྲང་འགས་ཆུ་ནི་ཉུང་ངུ་ཞིག།
རོ་སྒྱུར་བགྱིད་ཀྱི་གངྒའི་ཀླུང་མིན་ལྟར།།
དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང་།།
དགེ་བའི་རྩ་བ་ཡངས་ལ་མཁྱེན་པར་མཛོད།།
雨盐咸少水,岂若泻[126]江池,
纵令微罪业,善大殄应知。
རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་།།
གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ།།
སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར།།
འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད།།
如斯五盖贼[129],常偷诸善利。
དད་དང་བརྩོན་འགྲུས་དག་དང་དྲན་པ་དང་།།
ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ།།
འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི།།
སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པ་ལགས།།
有五最胜法,信勇念定慧,
于此应勤习,能招根力顶。
ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ།།
ལས་ནི་བདག་གིར་བྱས་ལས་མ་འདས་ཞེས།།
དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི།།
དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར།།
病苦死爱别,斯皆自业为,
未度可勤修,对品忘娇恣[130]。
གལ་ཏེ་མཐོ་རིས་ཐར་བ་མངོན་བཞེད་ན།།
ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད།།
གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་།།
ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན།།
若欲天解脱,尔当修正见,
设使人行善,邪见招[131]恶果。
མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་།།
མི་རྟག་བདག་མེད་མི་གཙང་རིག་པར་བགྱི།།
དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི།།
ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ།།
无乐常无我,不净审知人,
妄念[132]四倒见,难苦在兹身。
གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག།
གཟུགས་དང་མི་ལྡན་གཟུགས་ལ་བདག་གནས་མིན།།
བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ།།
ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི།།
说色不是我,我非有于色,
色我非更在,知余四蕴空。
ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན།།
རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན།།
དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ།།
མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད།།
不从时节生,非自然本性,
非无因自在,从愚[133]业爱生。
ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ།།
ཕྱིན་ཅིག་ལོག་པར་ལྟ་དང་ཐེ་ཚོམ་སྟེ།།
ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་བ་ཡི།།
གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་མཛོད།།
戒禁见身见,及毗织吉蹉,
应知三种结,能缚木叉门。
ཐར་པ་བདག་ལ་རག་ལས་འདི་ལ་ནི།།
གཞན་གྱི་གྲོགས་བགྱིད་ཅི་ཡང་མ་མཆིས་པས།།
ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས།།
བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད།།
解脱终依己,不由他伴成,
勤修闻戒定,四真谛[134]便生。
ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་།།
ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི།།
བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ནི།།
གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར།།
增上戒心慧,兹学可常修,
百五十余戒,咸归此三摄。
དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས།།
བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན།།
དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ།།
དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར།།
于身住身念,兹路善修常,
如其亏[135]正念,诸法尽沦亡。
ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི།།
ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན།།
དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས།།
སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ།།
寿命多灾厄,如风吹水泡[136],
若得瞬息[137]停,卧起成希有。
ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང་།།
ཐ་མར་མི་གཙང་སྙིང་པོ་མ་མཆིས་པར།།
རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ།།
སོ་སོར་དགྱེས་ཆོས་ཅན་དུ་མཁྱེན་པར་མཛོད།།
观身非实法,灭坏堕分离。
ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན།།
འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །
ཐལ་བར་ཡང་ནི་ལུས་པར་མི་འགྱུར་ན། །
ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ།།
大地弥卢海,七日出烧燃,
况此极微躯,那不成煨烬[140]。
དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ།།
སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ།།
འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ།།
མི་མཆོག་ཁྱོད་ཀྱིས་ཐུགས་ནི་འབྱུང་བར་མཛོད།།
如是无常亦非久,无归无救无家室,
生死胜人须厌背,并若芭蕉体无实。
རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་།།
རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས།།
མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས།།
དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད།།
海龟投木孔,一会甚难遭,
弃畜成人体,恶行果还招。
གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས།།
ངན་སྐྱུགས་འཕྱགས་པར་བགྱིད་པ་དེ་བས་ཀྱང་།།
གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །
བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས།།
金宝盘除粪,斯为是大痴[141],
若生人作罪,全成极蠢[142]儿。
མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་།།
སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་།།
བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས།།
འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ།།
生中依善友,及发于正愿,
先身为福业,四大轮全获。
དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད།།
ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར།།
སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ།།
བསྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ།།
佛言近善友,全梵行是亲,
善士依佛故,众多证圆寂[143]。
ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་།།
ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་།།
རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ།།
ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད།།
ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི།།
སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ།།
དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི།།
སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད།།
边地[146]蔑戾车,生便痴哑性,
或生长寿天,除八无暇[147]过,
闲暇既已得,尔可务当生。
དེས་པ་འདོད་པས་ཕོངས་དང་འཆི་བ་དང་།།
ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡིས།།
འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་།།
འདི་ཡི་ཉེས་པའི་ཤས་ཀྱང་གསན་པར་མཛོད།།
爱别老病死,斯等众苦处,
智者应生厌[148],说少过应听。
ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད།།
སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་།།
བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ།།
འཁོར་བ་དག་ན་ངེས་པ་དགའ་མ་མཆིས།།
母或改为妇,父乃转成儿,
怨家[149]翻作友,迁流无定规。
རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི།།
འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི།།
སྐྱེ་བོའི་རྗེས་སུ་འབྲངས་ཏེ་འཁོར་བ་བས།།
དེ་བས་ཆོས་མང་ཉིད་ཅིག་བཏུང་འཚལ་ལོ།།
一一饮母乳,过于四海水,
转受异生身,更饮多于彼。
རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི།།
ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ།།
མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ།།
རི་ལུ་བགྲངས་ཀྱང་ས་ཡིས་ལང་མི་འགྱུར།།
过去一一生身骨,辗转积若妙高山,
地土丸为酸枣核,数已形躯岂尽边。
བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི།།
ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་།།
འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་།།
འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར།།
梵主世皆供,业力终沦地,
纵绍转轮王,回身化奴使。
མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ།།
རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར།།
དམྱལ་བར་འཐག་གཅོད་དབྲད་པའི་འཕྲུལ་འཁོར་གྱིས།།
རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ།།
三十三天伎女乐,多时受已堕泥犁,
速疾碜毒经诸苦,磨身碎体镇号啼。
རྐང་པའི་རེག་པས་ནེམ་པར་བདེ་བཟོད་པ།།
ལྷན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི།།
སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི།།
སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ།།
妙高岑受乐,地软随其足,
转受煻煨[150]苦,行经粪屎狱。
མཐོ་རིས་བུ་མོས་འདྲོངས་ཤིང་དགའ་བ་དང་།།
རྣམ་པར་མཛེས་འཚལ་སོན་པར་རྩེན་ནས་སླར།།
འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས།།
རྐང་ལག་རྣ་བ་སྣ་གཅོད་ཐོབ་པར་འགྱུར།།
དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི།།
གདོང་མཛེས་གསེར་གྱི་པད་མ་ལྡན་ཞུགས་ནས།།
སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར།།
ཚ་སྒོས་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ།།
欢喜芳园里,天女随游戏,
堕落剑林中,截手足耳鼻。
或入曼陀妙池沼,天女金花艳彩容,
舍身更受泥犁苦,热焰难当灰涧中。
ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་།།
ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར།།
མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི།།
སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ།།
欲天受法乐,除贪大梵天,
更堕阿毗支,薪焰苦恒连。
ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི།།
འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ།།
སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས།།
རང་གི་ལག་པ་བརྐྱང་བའང་མི་མཐོང་འགྱུར།།
或生居日月,身光遍四洲,
一朝归黑暗,展手见无由。
དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི།།
རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག།
གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི།།
མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ།།
三种灯明福,死后可持将,
独入无边暗,日月不流光。
སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ།།
ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་།།
བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི།།
དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར།།
有命黑绳热,合叫无间下,
斯等恒缠[151]苦,烧诸行恶者。
ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན།།
ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་སློག །
ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན།།
སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤེགས།།
དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི།།
ཁུ་བ་འབར་བ་འཁྲིགས་པ་ལྡུད་པར་བགྱིད།།
ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ།།
ཚེར་མ་ཅན་ལ་ཀུན་དུ་རྒྱུད་པར་བགྱིད།།
ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི།།
གཏུམ་པོས་དབང་ཅིང་ལག་པ་གནམ་དུ་བསྒྲེངས་།།
དབང་མེད་གཞན་དག་ལྕགས་ཆུ་རྣོན་པོ་དང་།།
སེན་མོ་མི་བཟད་ལྡན་པའི་ཁྭ་རྣམས་འཐོག།
ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང་།།
ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག།
རེག་ན་མི་བཟད་རྨ་སྲོལ་ཆེར་འབྱིན་པས།།
ཟ་བ་བགྱིད་ཅིང་འགྲེ་ལྡོག་སྨྲེ་སྔགས་འདོན།།
ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི།།
རྒྱུན་མི་འཆད་པར་རབ་བསྲེག་ཁ་ཡང་བགྲད།།
ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ།།
སྤྱིའུ་ཚུགས་འབྲས་ཀྱི་ཅུང་འཕེད་བཞིན་དུ་འཚེད།།
或若麻床批,或粉如细未,
猛火恒煎煮[154],令饮热铜浆,
驱令上剑刺[155],叉身热铁床,
或时高举手,铁牙猛狗餐,
鹰鸟嘴爪利,任彼啄心肝,
虻蝇及诸虫,其数过千亿,
利嘴唼身躯,急堕皆餐食。
སྡིག་ཅན་དབུགས་འབྱུང་འགགས་པ་ཙམ་ཞིག་གི།
དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི།།
སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ།།
མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ།།
若人具造众罪业,闻苦身自不干堕,
如此顽金刚[156]性,气尽泥犁遭猛火。
དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་།།
དྲན་དང་བཀླགས་དང་གཟུགས་སུ་བགྱིད་རྣམས་ཀྱང་།།
འཇིགས་པ་སྐྱེ་བར་འགྱུར་ན་མི་བཟོད་པའི།།
རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ།།
时观尽变闻应念,读诵经论常寻鞠,
泥犁听响已惊惶,如何遣当斯异熟。
བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ།།
བདེ་བའི་བདག་པོར་བགྱིད་པ་ཇི་ལྟ་བར།།
དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ནས་ནི།།
མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་ཟད།།
于诸乐中谁是最,爱尽无生乐最精,
于众苦内谁为极,无间泥犁苦极成。
འདི་ནི་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས།།
རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ།།
དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་།།
འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོ།།
人间一日中,屡[157]刺三百槊,
此地狱轻苦,毫分宁相捅。
དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ།།
བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི།།
ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ།།
དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ།།
此处受极苦,经百俱胝秋,
如其恶未尽,命舍定无由。
མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི།།
ལུས་ངག་ཡིད་ཀྱི་ཉེས་སྤྱད་ཁྱོད་ཀྱིས་ནི།།
ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ།།
དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད།།
如是诸恶果[158],种由身语心,
尔勤随力护,轻尘[159]恶勿侵。
དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་།།
བཅིངས་དང་བརྡེགས་སོགས་སྡུག་བསྔལ་སྣ་ཚོགས་པ།།
ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི།།
གཅིག་ལ་གཅིག་ཟ་ཤིན་ཏུ་མི་ཟད་དོ།།
或入傍生趣,杀缚苦恒亲,
远离于寂善,更互被艰辛。
ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །
ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །
དབང་མེད་གཞན་དག་རྡོག་པ་ལག་པ་དང་། །
ལྕགས་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །
或被杀缚苦,求珠尾角皮,
锥鞭钩[160]斫顶,踏拍任他骑。
ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །
བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །
བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས།།
བསྐྱེད་པ་ཤིན་ཏུ་མི་ཟད་བསྟེན་འཚལ་ལོ།།
受鬼望不遂,无敌苦常临,
饥渴[161]及冷热,困怖苦恒侵。
ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ།།
ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན།།
མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་།།
འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ།།
ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ།།
ཏ་ལ་ཡང་ཐོག་བསྐམས་པ་ལྟ་བུ་ལགས།།
ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ།།
ཟས་སུ་འབར་བའི་ཁར་བབས་བྱེད་མ་འཚལ།།
དམངས་རིགས་འགའ་ནི་རྣག་དང་ཕྱི་ས་དང་།།
ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ།།
ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས།།
ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ།།
ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི།།
ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་།།
ལྗོན་ཤིང་འབྲས་བུ་མེད་གྱུར་འདི་དག་གིས།།
བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམས་པར་འགྱུར།།
口小如针孔,腹大等山丘,
饥缠纵己粪,得少定无由,
形如枯杌树,皮方作皮服,
炬口夜夜然,飞蛾[162]随充食,
血脓诸不净,福少获无从,
更相口排逼,还餐瘿熟痛,
月下便招热,日中身遂寒,
望果唯空树,瞻江水剩干。
བར་ཆད་མེད་པར་སྡུག་བསྔལ་བརྟེན་གྱུར་པ།།
ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི་།།
སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ།།
ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར།།
如是受众苦,经万五千年,
长时系身命,良由苦器坚。
དེ་ལྟར་ཡི་དྭགས་རྣམས་ཀྱིས་སྣ་ཚོགས་པའི། །
སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །
དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །
སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །
若生饥鬼中,遭斯一味苦,
非贤涩者爱,佛说由悭垢。
མཐོ་རིས་ན་ཡང་བདེ་ཆེད་དེ་དག་གི ། །
འཆི་འཕོའི་སྡུག་བསྔལ་ཉིན་ནི་དེ་བས་ཆེ།།
དེ་ལྟར་སྐྱེ་བོ་ཡ་རབས་རྣམས་ཀྱིས་ནི།།
ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི།།
生天虽受乐,福尽苦难思,
终归[163]会坠堕,勿乐可应知。
ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་།།
སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་།།
གོས་ལ་དྲི་མ་ཆགས་དང་ལུས་ལས་ནི།།
སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ།།
མཐོ་རིས་འཆི་འཕོ་སྒྲོན་བྱེད་འཆི་ལྟས་ལྔ།།
ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ།།
ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག།
སྒྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ།།
ལྷ་ཡི་འཇིག་རྟེན་དག་ལས་འཕོས་པ་ལ།།
གལ་ཏེ་དགེ་བའི་ལྷག་མ་འགལ་མེད་ན།།
དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་།།
དམྱལ་བར་གནས་པ་གང་ཡང་རུང་བ་འགྱུར།།
厌坐衣沾垢,身光有变衰[164],
腋下新流汗,头上故花萎[165],
如斯五相现,天众死无疑,
地居人若卒,闷乱改常仪,
若从天处堕,众善尽无余,
任落傍生鬼,泥犁随一居。
ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི།།
དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ།།
དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི།།
སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ།།
阿苏罗[166]本性,纵令全觉慧,
忿天生苦心,趣遮[167]于见谛。
འཁོར་བར་དེ་འདྲ་ལགས་པས་ལྷ་མི་དང་།།
དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ།།
སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི།།
གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད།།
如是漂流[168]生死处,天人畜及阿苏罗,
下贱业生众苦器,鬼趣兼投[169]捺落迦。
མགོའམ་གོས་ལ་གློ་བུར་མེ་ཤོར་ན།།
དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་།།
ཡང་སྲིད་མེད་པར་བགྱི་སླད་འབད་འགྱལ་ཏེ།།
དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས།།
纵使烈火燃头上,遍身衣服焰皆通,
此苦无暇能除拂,无生住想涅-中。
ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས།།
མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི།།
གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ།།
ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད།།
尔求尸罗及定慧,寂静调柔离垢殃,
涅无尽无老死,四大日月悉皆亡。
དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང་།།
དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་།།
བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ།།
མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས།།
念择[170]法勇进,定舍喜轻安,
此七菩提[171]分,能招妙涅=。
ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ།།
བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད།།
གང་ལ་དེ་ཉིད་ཡོད་པས་སྲིད་པ་ཡི།།
རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བ་བགྱི།།
无慧定非有,缺定慧便溺,
若其双运者,有海如牛迹[172]。
ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན། །
ཉི་མའི་གཉེན་གྱིས་རབ་གསུངས་གང་ལགས་པ། །
དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། །
དེ་ཡིས་བློ་ནི་ཞི་བར་བགྱིད་མ་ལགས། །
于此勿应思,不能令觉灭。
མ་རིག་པ་ལས་ལས་ཏེ་དེ་ལས་ནི།།
རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང་། །
དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །
རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས།།
རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ།།
ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར།།
སྲེད་ལས་ལེན་པ་སྐྱེ་བར་འགྱུར་བ་སྟེ།།
དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས།།
སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང་།།
འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱི།།
སྡུག་བསྔལ་ཕུང་བོ་ཤིན་ཏུ་ཆེ་འབྱུང་སྟེ།།
སྐྱེ་བ་འགགས་པས་འདི་ཀུན་འགགས་པར་འགྱུར།།
识缘于名色,名色生六处。
六处缘于触,触生缘于受,
受既缘于爱,由爱招于取。
取复缘于有,有复缘于生,
生缘于老死,忧病求不得,
轮回[177]大苦蕴,斯应速断除,
如其生若灭,众苦殄无余。
རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི།།
གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།།
གང་གིས་འདི་ནི་ཡང་དག་མཐོང་བ་དེས།།
སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང་།།
最胜言教藏,深妙缘[178]起门,
如能正见此,便观无上尊[179]。
ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་།།
དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང་།།
ཡང་དག་རྟོག་ཉིད་འཕགས་ལམ་ཡན་ལག་བརྒྱད།།
འདི་ནི་ཞི་བར་བགྱི་སླད་བསྒོམས་པར་བགྱི།།
正见命正念,正定语业思,
此谓八圣道,为寂可修治。
སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ།།
དེ་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ།།
འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ།།
འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས།།
无由集爱起,托身众苦生,
除斯证解脱,八圣道宜行。
དེ་ལྟར་ལགས་པས་འཕགས་པའི་བདེན་པ་བཞི། །
མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི།།
即此瑜伽[180]业,四种圣谛因。
པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་།།
ཤེས་པའི་ཉོན་མོངས་ཆུ་བོ་ལས་བརྒལ་བགྱི།།
གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་།།
གནས་ལས་བབས་པ་མ་ལགས་ལོ་ཏོག་བཞིན།།
ས་རུམ་ནས་འཐོན་མ་ལགས་དེ་དག་སྔོན།།
ཉོན་མོངས་རག་ལས་སོ་སོའི་སྐྱེ་བོར་བས།།
虽居舍严饰,智遮烦恼津,
不从空处堕,如谷[181]因地造,
诸先证法人,皆凡具烦恼。
བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ།།
ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ།།
ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས།།
སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས།།
何假多陈述,除恼略呈言,
事由情可伏,圣谈心是源[182]。
ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེའི། །
བས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ།།
འདི་ལ་གང་ཞིག་སྤྱོད་པའི་ངོ་བོ་དེའི།།
ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་མཛོད།།
如上所陈[183]法,比丘难总行,
随能修一事,勿令虚夭生。
ཀུན་གྱི་དགེ་བ་ཀུན་ལ་ཡིད་རང་ཞིང་།།
ཉིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་ཡང་།།
སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས།།
众善皆随喜,妙行三自修。
回向为成佛。
དེ་ནས་དགེ་བའི་ཕུང་བོ་འདི་ཡིས་ཁྱོད།།
སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི།།
འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས།།
འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས།།
སྐྱེ་བོ་ཉམ་ཐག་མང་པོ་རྗེས་བཟུང་སྟེ།།
འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས།།
福聚令恒收,后生寿无量[184],
广度于天人,犹如观自在。
极难等怨亲,生老病死三毒除。
བསལ་ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས།།
འོད་དཔག་མེད་དང་འདྲ་བར་འཇིགས་རྟེན་གྱི།།
མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད།།
佛国托生为世父,寿命时长量叵知,
同彼大觉弥陀主。
ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད།།
ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས།།
ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག།
བདེ་དགས་དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ།།
ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང་།།
འཆི་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་བསྙེས་ནས།།
འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་གཡོ་བ།།
མི་བསྙེངས་ནོངས་པ་མི་མངའི་གོ་འཕང་བརྙེས་པར་མཛོད།།
开显尸罗及舍惠,天地虚空名遍彰,
大地居人及天众,勿使妖妍女爱伤。
烦恼羁缠有情众,绝流生死登正觉,
超度世间但有名,由获无生离尘浊。
བཤེས་པའི་སྤྲིངས་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ་རྫོགས་སོ།།
རྒྱལ་ཚང་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས།
2014.8.14ཉིན་རྫོགས་པར་བསྒྲིགས་ཤིང་2015.5.2ཉིན་དག་བཅོས་བྱས།
[①]顶礼 ཕྱག་འཚལ་བའམ་གུས་འདུད་བྱེད་པ།
[②] 吾 ང་། བདག བདག་ཅག
[③] 释迦牟尼佛 སངས་རྒྱས་ཤཱཀྱ་མུ་ཎེ།
[④]文殊智慧勇士 འཇམ་དཔལ་དཔའ་བོ།
[⑤] 传承 འདིར་རྒྱུད་པའི་དོན། ཡོན་ཏན་སོགས་རྒྱུད་པའམ་སྩར་བ།
[⑥] 上师 བླ་མ།
[⑦] 德 ཡོན་ཏན
[⑧]随何 ཇི་ལྟར།
[⑨] 佛像 སངས་རྒྱས་ཀྱི་འདྲ་སྐུ།
[⑩] 智者 མཁས་པ།
[11] 供养 མཆོད།
[12] 正法 དམ་ཆོས
[13] 佛语 ཐུབ་པ་ཆེན་པོའི་བཀའ། སངས་རྒྱས་ཀྱི་གསུངས།
[14]岂 ཅི།
[15]佛法 སངས་རྒྱས་ཆོས།
[16] 僧众 དགེ་འདུན་ཚོགས།
[17] 戒 ཚུལ་ཁྲིམས།
[18] 功德聚 ཡོན་ཏན་ཚོགས།
[19] 常念 རྗེས་སུ་དྲན་པ།
[20]十善 དགེ་བ་བཅུ།
[21] 业 ལས 道 ་ལམ།
[22]身语意 ལུས་ངག་སེམས།
[23]常 རྟག་ཏུ།
[24]远离 རིང་དུ་སྤང་བ། འདིར་ལྡོག་ཞེས་པས་བསྟན་ནོ།
[25]亦 དགྱེས། མཛེས་པ།
[26] 清净 མངོན་པ་སྟེ་ཡང་དག་པ།
[27] 知 མཁྱེན་པའམ་ཤེས་པ།
[28] 财 ལོངས་སྤྱོད།
[29] 固 གཡོ་བ་མེད་པ།
[30] 施 སྦྱིན་པ།
[31]仙师 བྲམ་ཟེ།
[32] 贫贱 སྤྲང་བོ།
[33]来世 སྐྱེ་བ་ཕྱི་མ།
[34] 亲友 གཉེན།
[35] 依戒 ཚུལ་ཁྲིམས་སྲུང་བ།
[36] 如地长 ས་བཞིན་དུ་བརྟན་པ།
[37]一切 ཐམས་ཅད།
[38] 瘦杂 དྲི་མ་སོགས་ཀྱིས་སྦགས་པ།
[39] 怖 འཇིགས་སྐྲག
[40] 常习 རྟག་ཏུ་སློབ་པ།
[41] 忍 བཟོད་པ།
[42]勇 བརྩོན་འགྲུས།
[43]定 བསམ་གཏན།
[44]慧(智慧) ཤེས་རབ།
[45] 称量 གཞལ། ཚད་སོགས་འཇལ་བ།
[46]此 འདི་ཡི་བརྡ་རྙིང་།
[47]能 ནུས་པ།
[48] 修(修行) སྒྲུབ་སྦྱོང་།
[49]渡 བརྒལ་བ།
[50] 成佛 སངས་རྒྱས་པར་གྱུར་བ།
[51]若 གལ་སྟེ།
[52]孝养 གུས་པས་སྐྱོངས་བ། དྲིན་གྱིས་གཟོ་བ།
[53] 梵王 སློབ་དཔོན།
[54] 来世 སྐྱེ་བ་ཕྱི་མ།
[55] 天堂 ཐོ་རིས་སམ་ཞིང་ཁམས།
[56] 盗 ཇག་སྟེ་འཕྲོག་པའི་ལས་།
[57] 淫 འཁྲིག་པའི་འདོད་ཆགས།
[58] 妄说 རྫུན་བཤད་པ།
[59] 圣戒 ཡང་དག་པའི་སྡོམ་ཁྲིམས་ཏེ། ཚུལ་ཁྲིམས།
[60] 欲界 འདོད་ཁམས།
[61] 长净 དགྲ་བཅོམ་པ།
[62] 悭谄 སེར་སྣ།
[63] 淫འདོད་ཆགས།
[64] 氏族 རིགས་མཐོ་བ།
[65]闻 ཐོས་པ།
[66] 娇 (骄傲) ང་རྒྱལ།
[67] 勤 འདིར་བག་ཡོད་ལ་གོ།
[68] 逸 མི་དགོས་པ་། མེད་པ།
[69] 谨慎 ནན་གཏན། གཟབ་ནན།
[70]先时 སྔོན་ཆད།
[71] 若 གལ་ཏེ།
[72]犹如 ཇི་བཞིན།
[73] 云翳 སྤྲིན་པ། སྨག་སྤྲིན།
[74]睹 མངོན་པ། མཐོང་བ།
[75]怀恨 ཁོན་འཛིན།
[76]招怨诤 འཁྲུག་པ་བསློངས་པ།
[77] 舍 (舍弃)དོར་བའམ་སྤངས་བ།
[78] 彼 (彼此)ཕན་ཚུན།
[79] 烦恼 འདིར་ཉོན་མོངས་ལ་གོ།
[80] 爱法者 ཆོས་ལ་དགའ་དད་ཅན།
[81] 实 བདེན་པ།
[82] 蜜花粪 (蜂蜜)སྦྲང་རྩི།
[83] 明 གསལ་བ།
[84]亦 མཛེས་པའི་དོན།
[85] 暗 མུན་པ། མི་གསལ་བ།
[86] 生 མ་ཚོས་པ། མ་སྨིན་པ།
[87] 熟 སྨིན་པ། ཚོས་ཟིན་པ།
[88] 庵没罗果 ཨ་མྲའི་འབྲས།
[89] 睹 ལྟས་པ།
[90] 随年 ན་ཚོད་མཐུན་པ།
[91] 防 སྔོན་འགོག
[92] 侵 བཅོམས་པ། དབང་དུ་བྱེད་པ།
[93] 无利 མི་ཕན་པ།
[94] 枷锁 ཟྭ་ཆེན་པོའམ་སྒྲོགས།
[95] 摇 མི་བརྟན་པ།
[96]癞虫 འབུ་སྲིན།
[97]止息 མཚམས་ཆད་པ།
[98] 族 རིགས། (民族) མི་རིགས།
[99]貌 ཕྱིའི་གཟུགས་ཀྱི་རྣམ་པ། སྐྱེས་གཟུགས།
[100] 丑 མི་སྡུག་པ། མི་མཛེས་པ།
[101]称 (称赞) སྙན་པའི་ངག་གིས་བསྟོད་པ།
[102] 造 འདིར་ལས་བསགས་པའི་དོན། བྱས་པ།
[103]狱 (地狱)དམྱལ་བ།
[104] 诸 རྣམས། མང་ཚིག
[105] 斩 གཅད་པ།
[106] 临终 འཆི་ཁ།
[107]惭愧 ངོ་ཚ་བ།
[108] 牟尼 མུནེ་ནི་ཤཀྱ་མི་ནེའོ། །
[109] 博 (赌博)རྒྱན་འགྱེད་པ།
[110]人天师盛 བསྟོན་པ་བཀའ་དྲིན་ཅན་གྱི་མཚན་གྱི་རྣམ་གྲངས། ལྷ་དང་མི་ཀུན་ལས་རྒྱལ་བའི་དོན།
[111] 首蛇 ཀླུའི་རྒྱལ་བོ།
[112] 禀 (禀告) ཞུས་པའ་དོན། འདིར་བཤད་པ་ལ་གོ།
[113] 偷 རྐུ་བ།
[114]宜 འོས་ཤིང་འཚམས་པའི་དོན།
[115] 姊妹 སྲིང་མོ །
[116] 婢 (奴婢) གཡོག་མོ །
[117] 餐 བཟའ་བཏུང་།
[118] 服 འདིར་སྨན་སོགས་འཐུང་བའི་དོན།
[119] 骄傲 ང་རྒྱལ།
[120]勤 (勤快)།ཚག་ཡང་།
[121] 研 བརྟག་པ།
[122] 大梵 ཚངས་པ།
[123]光音 འོད་གསལ།
[124] 恒 (永恒)རྟག་ཏུ།
[125] 愍 ཁྲོ་བའི་སྦྱོར་བ། གཉེན་པོ།
[126] 泻 ཆུ་ཐིགས་སོགས་ཟགས་པའི་དོན།
[127]悔 (后悔)འགྱོད་པ།
[128] 疑 (疑虑)ཐེ་ཚོམ།
[129] 贼 ཆོམ་རྐུན།
[130] 娇恣 སྒེག་པའི་ཉམས་འགྱུར།
[131] 招 སློང་བའི་དོན། དོག་པ་སློང་ལྟ་བུ།
[132]妄念 དྲན་པ་ཉེ་བར་མ་བཞག་པ་སྟེ། བག་མེད་ཀྱི་བློ།
[133] 愚 རྨོངས་པ་ཏེ་མི་ཤེས་པ།
[134] 真谛 བདེན་པ། ཡང་དག་པ།
[135] 亏 ཉམས་པ། ཕམ་པ།
[136] 水泡 ཆུ་བུར། ཆུའི་ཝུ་བ།
[137] 瞬息 དབུགས་འབྱིན་རྔུབ་བྱེད་པའི་དུས་ཡུན།
[138] 烂 རལ་བ།
[139]粪 བཤང་གཅི
[140] 煨烬 མེས་འཇིག་པ། མེས་ཚིག་ནས་ཤུལ་མེད་པར་གྱུར་བ།
[141] 痴 གླེན་པ།
[142] 蠢 བླུན་པོ།
[143] 圆寂 མྱ་ངན་ལས་འདས་པ།
[144] 泥犁 ཡི་དགས།
[145]法不闻 ཆོས་མ་ཐོས་པ།
[146]边地 ཡུལ་ཐ་ཁོབ།
[147] 无暇 མི་ཁོམ་པ།
[148] 厌 སུན་པ། ཞེན་པ་ལོག་པ།
[149]怨家 དགྲ་ཟླ།
[150] 煻煨 མེ་མུར་གྱི་འོབ།
[151] 缠(缠绵)རྗེས་སུ་ཞུགས་ནས་མི་བཏང་བ།
[152] 锯 སོག་ལེ།
[153] 割 དྲས་པ། གཞོག་པ།
[154] 煎煮 མེར་བསྲེག་པ།
[155] 刺 མཚོན་སོགས་བཙུགས་པའི་དོན།
[156] 金刚 རྡོ་རྗེ།
[157] 屡(屡次)ཡང་ཡང་། བསྐྱར་དུ། ཡང་ནས་ཡང་དུ།
[158] 恶果 མི་དགེ་བའི་ལས་ཀྱི་འབྲས་བུ།
[159]尘 (灰尘、尘土) རྡུལ་གྱི་མིང་། ཐལ་ལ་ཡང་འཇུག
[160] 鞭钩 ལྕགས་ཀྱུ།
[161]饥渴 ལྟོགས་སྐོམ། བཀྲེས་སྐོམ།
[162]飞蛾 འབུ་མེ་སྐྱེབ།
[163]终归 ནམ་ཞིག།
[164] 衰(衰老)རྒས་ཤིང་འཁོག་པའི་རྣམ་པ།
[165] 萎 (枯萎)མེ་ཏོག་སོགས་སྐམ་པ།
[166]阿苏罗 ལྷ་མ་ཡིན།
[167]遮 མཐོང་ལམ་སོགས་སྒྲིབ་པའི་དོན།
[168] 漂流 གནས་ངེས་མེད་དུ་འཁྱམས་པ།
[169] 投 (投胎)སྐྱེ་བ་བླངས་པ།
[170] 择 (选择)འདམས་གསེས་བྱེད་པ། སོ་སོར་དབྱེ་བ།
[171] 菩提 བྱང་ཆུབ།
[172] 迹 (足迹)རྗེས་ཤུལ།
[173] 不记法 ལུང་མ་བསྟན་པ།
[174] 日亲 སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་གྱི་རྣམ་གྲངས། ཉི་མའི་གཉེན།
[175] 无知 མ་རིག་པ། ཅི་ཡང་མི་ཤེས་པ།
[176] 业ལས།
[177] 轮回 ཚེ་སྔ་ཕྱི།
[178] 缘 འདིར་རྟེན་འབྲེལ་ལ་གོ།
[179] 无上尊 བླ་ན་མེད་པ།
[180] 瑜伽 འཕགས་པ།
[181] 谷 ལོ་ཏོག། འབྲུ་རིགས།
[182] 源 གཞི། ཁུངས། རྩ་བ།
[183] 陈 (陈述)བཤད་པ། གསལ་བཤད་བྱས་པ།
[184] 寿无量 ཚེ་ལོ་དཔག་མེད།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་་སྦྲེལ་ཐགhttp://www.tb1025.cn