མདོ་སྨད་སྟག་ཚ་དགོན་་དགེ་བའི་བཤེས་གཉེན་ཨར་མའི་དགའ་བ་རྒྱ་མཚོ་ངོ་སྤྲོད་མདོར་བསྡུས།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-08-11 06:58:18
ཀློག་ཐེངས།
ཆོས་སྡེ་ཆེན་པོ་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་གི་རྡོ་རམས་དགེ་བཤེས་ཐོག་མ་ཨར་མའི་དགའ་བ་རྒྱ་མཚོ་ལགས་ནི་མཛོད་དགེ་གླིང་དཀར་སྟོད་ཅེས་བྱ་བའི་རོང་འབྲོག་འདྲེས་པའི་ཡུལ་ཁམས་འདིར། མཛོད་དགེ་ཤོགས་བཅུ་གཉིས་དང་། རོང་འཕན་ཆུ་ཤོགས་བདུན་དུ་གྲགས་པའི་ནང་ཚན་ཏེ་ཨ་སྐྱིད་རོང་ལ་ནང་གསེས་ཀྱི་རུ་སྡེ་ཆེ་ཆུང་འགའ་ཞིག་སྣང་བའི་ཁྲོད། དབེན་གནས་བྱིན་ཆགས་གནས་བཞི་དགོན་བསམ་འཕེལ་ནོར་བུའི་གླིང་གི་ལྷ་སྡེ་ཨ་སྐྱིད་སྟོད་པ་རོང་འབྲོག་གཉིས་ཡོད་པ་ལས་རོང་སྟོད་པའི་ཨར་མ་སྡེ་བར་ཛམ་པའི་གསང་དྲག་སྐྱབས་དང་ཨར་བཟའ་དབང་དྲག་སྐྱིད་གཉིས་ལ་མིང་སྲིང་བཞི་ཡོད་པ་ལས་བུ་གཉིས་པར་རབ་བྱུང་བཅུ་དྲུག་པའི་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱིའམ་སྤྱི་ལོ༡༩༧༠ལོའི་ཧོར་ཟླ༨ཚེས༥དང་གཟའ་ལྷག་པའི་ཉིན་སྐྱེས།
ལོ་ན་བདུན་བརྒྱད་ཙམ་ནས་སློབ་ཆུང་ལོ་རིམ་གསུམ་པའི་བར་དུ་ཨ་སྐྱིད་རོང་ལྟེ་བའི་སློབ་ཆུང་ནས་བལྟས་པ་ཡིན་ལ། ལོ་རིམ་བཞི་བ་དང་ལྔ་བ་གཉིས་དཔལ་སྐྱིད་ལྟེ་བའི་སློབ་ཆུང་གི་བཅའ་སྡོད་འཛིན་གྲྭ་ནས་བལྟས། སྤྱི་ལོ༡༩༨༤ལོར་སློབ་ཆུང་མཐར་ཕྱིན་ཅིང་སྦྱངས་འབྲས་བཟང་གྲས་སུ་ཐོན་པ་དང་རྫོང་སློབ་འབྲིང་དུ་རྒྱུགས་འཕྲོད་ནས་སློབ་ཞུགས་བརྡ་ཐོ་ཐེངས་ཁ་ཤས་འབྱོར་ཡང་མ་སོང་། སློབ་ཆུང་མཐར་ཕྱིན་མ་ཐག་སྟག་ཚ་དགོན་དུ་འགྲོ་བསམ་མོད། ཕ་མ་གཉིས་ཀྱིས་ལོ་འགར་ཁྱིམ་ནས་འདུག་དགོས་པའི་རེ་བསྐུལ་གནང་ཡང་། ན་ཚ་ཞིག་བྱུང་ཞིང་མོ་རྩིས་ལས་མྱུར་དུ་དགོན་པར་མ་བསྐྱལ་ན་བར་ཆད་ཆེན་པོ་ཡོད་ཚུལ་བབས་པས་སྟག་ཚ་དགོན་དུ་བསྐྱལ། དེ་ནས་ཞང་བོ་ལྷ་རྗེ་སྐལ་བཟང་བསམ་གཏན་མཆོག་གིས་གཅེས་སྐྱོང་གནང་བའི་འགོ་ཚུགས། རབ་རྒྱལ་ཤིང་གླང་ལོ་སྟེ་སྤྱི་ལོ༡༩༨༥ལོའི་ཧོར་ཟླ་དྲུག་པར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དམུ་དགེ་བསམ་གཏན་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་དགའ་བ་རྒྱ་མཚོ་ཞེས་པའི་མིང་བཏགས། ལོ་དེའི་རིགས་གྲྭའི་ཆོས་ཐོག་ལ་ཚོགས་ཞུགས་གནང་།
དགེ་བའི་བཤེས་གཉེན་སྙེ་སྐལ་བཟང་རྒྱ་མཚོའམ་ངག་ལོ་སྙེ་ངག་ཚང་ཀློག་སློབ་པའི་དགེ་རྒན་དུ་བསྟེན་ནས་རང་དགོན་གྱི་འདོན་ཆ་ཆོས་སྤྱོད་སོགས་རྒྱུགས་ཐུང་སྐོར་བློ་འཛིན་བྱས། ཁོང་སྟག་ཚ་རྡོ་རྗེ་འཆང་གིས་ནམ་རྒྱུན་སྐྱོང་ཁུར་ཚད་མེད་གནང་། སྐབས་དེའི་ཆུང་རིམ་པའི་གྲས་ནས་སློབ་གཉེར་ཅུང་ཟད་འགྲིག་ཙམ་ཡིན། རིན་པོ་ཆེས་ནམ་རྒྱུན་ཆུང་རིམ་པ་རྣམས་ལ་བསླབ་པ་རྒན་གཞོན་དང་། གྲྭ་ཚང་གི་འགྲིག་ལམ་བརྩི་སྲུང་། བླ་མ་ལས་སྣེ་ལགུས་བཀུར་བརྩི་འཇོག་སོགས་ཀྱི་ཐད་ནས་བཀའ་སློབ་བསླབ་བྱ་རྒྱུན་མི་ཆད་དུ་གནང་བ་སོགས་བཀའ་དྲིན་ཆེན་པོར་གྱུར།
རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ༡༩༨༦ལོར་ཁ་དོག་དཀར་དམར་གྱི་འཛིན་གྲྭ་གསར་ཚུགས་ཀྱི་སྐྱོར་དཔོན་བྱས། དགེ་རྒན་བཀའ་དྲིན་ཅན་རྗེ་སྐལ་བཟང་རྒྱ་མཚོའམ་སྨན་པ་ངག་ལོ་ཚང་གི་མདུན་དུ་དཔེ་ཁྲིད་ལ་འགྲོ་བའི་སྐལ་བཟང་མངོན་དུ་གྱུར། དཔེ་ཁྲིད་ཀྱི་སྐབས་སུ་ཁ་སེམས་དཀར་བའི་བསླབ་བྱ་སྙིང་ཉེ་བ་མང་དུ་བསྩལ་བས་ང་ཚོ་ལ་ཕན་ཐོགས་བླ་ན་མེད་པ་བྱུང་། ལོ་དེར་རིགས་གྲྭའི་ཚིག་བཀྲ་འདོན་མཁན་ལ་བསྐོས་པས་རྟེན་འབྲེལ་འགྲིག་ཙམ་བྱུང་། འཛིན་གྲྭ་ཚུགས་པ་ནས་བཟུང་ལོ་རེ་བཞིན་ཚོགས་གླེང་བྱས་ཤིང་། དགེ་རྒན་རིན་པོ་ཆེའི་མདུན་ནས་བསྡུས་གྲྭ་དང་བློ་རྟགས། སྐྱབས་ཁྲིད་དང་ལམ་རིམ་བློ་སྦྱོང་། མཐའ་ན་ཡི་དམ་ལྷའི་བསྙེན་ཡིག་སོགས་ཀྱི་དཔེ་ཁྲིད་གང་མང་ཐོབ་ལ། རང་དགོན་ལ་མཚོན་ན་དགེ་རྒན་རིན་པོ་ཆེ་འདི་བ་ཚང་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན།
རབ་བྱུང་བཅུ་བདུན་པའི་དཀར་བོ་ཞེས་པ་ས་མོ་སྦྲུལ་ལོའམ་སྤྱི་ལོ༡༩༨༩ལོའི་ཧོར་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་བཀའ་དྲིན་སུམ་ལྡན་གྱི་སློབ་དཔོན་རིན་པོ་ཆེ་རྗེ་དམུ་དགེ་བསམ་གཏན་རང་དགོན་དུ་ཕེབས་པའི་མདུན་ནས་ལོ་མང་བོར་བཀའ་ཆོས་དང་དབང་ལུང་། དཔེ་ཁྲིད་དང་རྗེས་གནང་སོགས་མང་དུ་གསན། སྤྱི་ལོ༡༩༩༠ལོའི་ལོ་སར་ནང་ཁོང་རིན་པོ་ཆེས་ཐུགས་བཀོད་གནང་བ་ལྟར་རང་དགོན་གྱི་གསར་ཞུགས་སློབ་གཉེར་བ་ཁག་ཅིག་ལ་ཡར་བསྐུལ་བྱས་ཏེ། དགོན་གཞུང་གི་བཀོད་སྒྲིག་དང་རྒྱབ་སྐྱོར་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕེབས། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དང་རྗེ་འཇམ་དབྱངས་རྒྱ་མཚོ། རྗེ་དགེ་འདུན་རྒྱ་མཚོ་སོགས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་བྲལ་བའི་སྐྱེས་ཆེན་དམ་པ་མང་བོའི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་དང་བཀའ་ཆོས་མང་བོའི་རྣམ་གྲངས་ཙམ་བསགས་པའི་སྐལ་བཟང་མངོན་དུ་གྱུར།
༡༩༩༢ལོར་ཁོང་རིན་པོ་ཆེ་དང་དགེ་རྒན་ཚང་། དགོན་པ་གཞུང་བཅས་ནས་གསར་ཚུགས་ཁ་དོག་དཀར་དམར་འཛིན་གྲྭའི་དགེ་རྒན་དུ་བསྐོས། སྐབས་དེར་ཨ་གསར་ཟེར་ཡང་ཆོག་ལ་ལྷག་བསམ་ཟེར་ཡང་ཆོག ལོ་མང་ཙམ་ལ་ཕལ་ཆེར་ཉིན་བཞིན་དཔེ་ཁྲིད་མ་ཆག་པ་བྱས། རྗེས་སོར་ཕར་ཕྱིན་འཛིན་གྲྭ་དང་དབུ་མའི་འཛིན་གྲྭ་སོགས་ཀྱི་དགེ་རྒན་དུ་བཀོད་བསྒྲིགས་ཐེངས་ཁ་ཤས་བྱས་ཀྱང་། ཁྲིད་རྒྱུན་མེད་ཅེས་དང་ལེན་གནང་མ་སོང་།
རབ་བྱུང་བཅུ་བདུན་པའི་དཔལ་གདོང་ཞེས་པ་ཆུ་མོ་བྱའམ་སྤྱི་ལོ༡༩༩༣ལོའི་ཧོར་ཟླ་གསུམ་པ་ཕྱི་མ་བཤོལ་ཟླའི་ཚེས་བཅོ་ལྔ་ཉིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་བོས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཆེད་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་མནལ་བའི་ཚུལ་བསྟན་པ་དང་། ཕྱི་ལོ་ནས་བཟུང་ཆོས་གྲོགས་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་སོགས་དང་མཉམ་འབྲེལ་གྱིས་གུར་ཀུམ་ཆུན་པོ་ཞེས་པའི་སྣ་འཛོམས་རང་བཞིན་ཅན་གྱི་ལོ་དེབ་ཅིག་ད་ལྟའི་བར་རྒྱུན་མ་ཆད་པར་བཏོན།
རབ་བྱུང་བཅུ་བདུན་པའི་དངོས་པོ་ཞེས་པ་ཤིང་ཕོ་ཁྱི་ལོའམ་སྤྱི་ལོ༡༩༩༤ལོར་ངེད་འཛིན་གྲྭའི་ཆོས་གྲོགས་ཚོ་དང་མཉམ་དུ་གཞུང་རྒྱུགས་སྤྲད། སྤྱི་ལོ༡༩༩༦ལོར་ཁོང་སྐྱབས་མགོན་རིན་པོ་ཆེས་འཛིན་གྲྭ་དེས་གཞི་བྱས་ཐོག་ཆོས་སྒོ་ཕྱེ་ཚུན་གྱི་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་ཐེངས་དང་བོ་འཇོག་དགོས་ཚུལ་གྱི་བཀའ་གསུང་བསྩལ་བས། དབྱར་ཐོག་ཏུ་བླ་བྲང་ནས་སློབ་གཉེར་བྱེད་ཞོར་དུ་ཕར་ཕྱིན་སྐོར་གྱི་དུས་བཟང་འདོན་པ་དང་འགྲིག་ཕྱག་ལེན་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ལོ་དེར་བླ་ཟུར་ཁྲི་ཟུར་སོགས་རྒན་པ་སྐོར་ཞིག་ཀྱང་འཛིན་གྲྭ་དེར་བཞུགས་ནས་འདོན་རྟ་དབྱངས་དང་འགྲིག་ཕྱག་ལེན་གང་ཐད་ནས་བླ་མ་གྲྭ་ཚང་ཐུགས་མཉེས་པའི་མཆོད་སྤྲིན་དུ་གྱུར། དགུན་ཆོས་ནང་གི་དམ་བཅའ་དངོས་གཞིའི་སྐབས་སུ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕར་ཕྱིན་ཕྱག་ལེན་གནང་ཐོག་བྱ་བྱེད་ཐམས་ཅད་གྲ་འགྲིག་པ་དང་མགོ་མཇུག་ཡོངས་རྫོགས་ལེགས་ལམ་དུ་སོང་བ་སོགས་དམིགས་ལྟོས་ཡག་པོ་བྱུང་།
༡༩༩༧ལོར་མཆོག་སྤྲུལ་རིན་པོ་ཆེས་དབུ་འདྲེན་རྩེ་སྐྱོང་གནང་སྟེ་རང་དགོན་དུ་རྩོམ་རིག་ལོ་དེབ་ཆོས་བཟང་དགའ་ཚལ་ཞེས་པ་ཞིག་འདོན་སྤེལ་བྱེད་པའི་གྲོས་འགོ་བཏོན་པ་མ་ཟད། མི་སྣ་ཁ་ཤས་རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་ཁང་ཞིག་ཀྱང་བཙུགས། སྔར་གུར་ཀུམ་ཆུན་པོའི་རྩོམ་སྒྲིག་པ་ཡིན་པས་ཉམས་མྱོང་ཡོད་པར་དགོངས་ཏེ་ཁོ་རང་གཙོ་སྒྲིག་གཞོན་པའི་གྲས་སུ་བཞག སྐབས་དེར་བོད་ཁམས་ཡོངས་སུ་རྩོམ་པ་བོ་དང་དུས་དེབ་ཀྱི་གྲངས་འབོར་བསྡུར་ཐབས་མེད་པའི་དུས་རབས་ཤིག་ཡིན་པས། བོད་ཁམས་ཡོངས་ལ་རྩོམ་རིག་གི་ཚ་རླབས་དྲག་ཏུ་འཕྱུར་བཞིན་ཡོད། ༡༩༩༩ལོ་དང་༢༠༠༠ལོ་གཉིས་རིང་ཆོས་གྲོགས་དཔའ་ཚུལ་ཁྲིམས་རྒྱ་མཚོ་སོགས་དང་མཉམ་དུ་ཨ་མཆོག་མཚན་ཉིད་དགོན་དུ་སློབ་གཉེར་ལ་ཕྱིན། འཛིན་གྲྭའི་ཆོས་གྲོགས་རྣམས་དང་ལྷན་དུ་རྩི་བཞག་རྒྱུགས་རིང་དང་འཛིན་གྲྭ་གཏུག་སོགས་ལ་འབད་པ་དང་སློབ་གཉེར་རྡོ་རུས་ཐུག་པ་གནང་།
༢༠༠༣ལོར་ཚོགས་ཆེན་ཆབ་བདག་མའི་ལས་འགན་བཟུང་། ལོ་གཅིག་རིང་ལ་ཁོང་རིན་པོ་ཆེ་ཡབ་སྲས་རྣམ་གཉིས་ཀྱི་བཀའ་གསུང་གཙུག་རྒྱན་དུ་བཀུར་ནས་ཚོགས་ཆེ་ཆུང་གི་སྒྲིག་ལམ་ཕྱག་ལེན་ཐམས་ཅད་ནུས་པའི་ལྕོགས་ཚོད་ཀྱིས་དམ་འཛིན་གྱི་ཁུལ་བགྱིས། དུས་བབ་དང་བསྟུན་པའི་འགྱུར་བཅོས་ཕྲན་བུ་རེའང་བྱས། བླ་མ་གྲྭ་ཚང་ཁྲོད་ཀྱི་སྤྱི་སེམས་ཆེ་བ་དག་གིས་སྒྲིག་ཕྱག་ལེན་དང་ཆོས་འཆད་ཉན་གང་ཐད་ནས་ཕན་ཐོགས་བྱུང་སོང་ཟེར་མཁན་ཡང་ཡོད་ལ། འགའ་ཤས་ཀྱི་རྒྱུ་རྐྱེན་དང་སྒེར་དོན་དབང་གིས་སྡང་མིག་བགྲད་དེ་ངན་སྨོད་ཅི་ཐུབ་བྱེད་པའང་ཡོད་པ་ནི་ཆོས་ཉིད་ཅིག་ཏུ་འཁུམས།
༢༠༠༤ལོའི་ཟླ༡༠ནང་ཆོས་གྲོགས་དམ་པ་ལྡོང་ཡོན་ཏན་རྒྱ་མཚོ་དང་མཉམ་དུ་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་སྐུ་གཤེགས་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་དང་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའི་ཚོགས་ཆེན་གཉིས་དཀྱུས་གཅིག་ཏུ་སྤེལ།
༢༠༠༥ལོར་ཁོང་སྟག་ཚ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཞུགས་གྲལ་དུ་དགེ་བཤེས་དཔའ་ཚུལ་ཁྲིམས་རྒྱ་མཚོ་ཁོ་གཉིས་ཀྱིས་འཕྲིན་ལས་ཉེར་བདུན་དང་ཆོས་འཁོར་གྱི་ཚོགས་གླེང་བྱས་ཤིང་བྱིན་རླབས་ཅན་གྱི་ལུང་ཚིག་མང་བོ་བཏོན་ནས་ཁོང་རིན་པོ་ཆེའི་ཞབས་པད་སྲིད་མཐར་བརྟན་པའི་རྟེན་འབྲེལ་གང་ལེགས་བསྒྲིགས།
༢༠༠༥ལོ་ནས་༢༠༡༧ལོའི་ཟླ༡༠བའི་བར་དུ་སྟག་ཚ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་དུ་སྔ་ཕྱིར་འགན་གཙོ་གཞོན་པ་དང་རྒྱུན་ལས་འགན་གཙོ་གཞོན་པའི་ལས་ཁུར་བཟུང་ནས་དགོན་པ་གྲྭ་ཚང་གི་ཆོས་སྲིད་གཉིས་ཐད་ཀྱི་རམ་འདེགས་པ་ལྟ་བུར་འབད་རྩོལ་བྱས།
ལོ་དེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་ཐུན་མོང་ནས་ཁོང་རིན་པོ་ཆེའི་ཞབས་རིམ་རླབས་ཆེན་བསྒྲུབས་པ་མ་ཟད། རྒྱལ་ཕྱི་ནང་གི་བླ་སྤྲུལ་སྐྱེས་ཆེན་དམ་པ་སྤྱི་དང་སྒོས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཚང་གི་གསུང་བརྟག་གནད་དུ་འཁེལ་བ་གནང་བས་ཁོང་རིན་པོ་ཆེའི་སྐུ་ཁམས་རིམ་བཞིན་དྲག་སྐྱེད་བྱུང་བ་ནི་རང་གཞན་ཐམས་ཅད་ཧ་ལས་ཤིང་ངོ་མཚར་བའི་གནས་སུ་གྱུར་བ་ནི་ནམ་ཡང་གླེང་བར་སྤྲོ་བའི་གཏམ་མོ། །
སྤྱི་ལོ༢༠༡༥ལོའི་ཟླ༩ཚེས༢༣དང་ཧོར་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ཚོགས་ཆེན་འདུ་ཁང་ཆེན་པོའི་རབ་གནས་མཛད་སྒོ་དངོས་སུ་སྤེལ། ཚོགས་ཆེན་སྟེང་ཁོང་རིན་པོ་ཆེ་རྣམ་གཉིས་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་གུང་ཐང་བའི་ཡོངས་འཛིན་དམ་པ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་འཁོར་བཅས་དངོས་སུ་ཕེབས། དེར་མ་ཟད་དབུས་འགྱུར་ཆོས་སྡེ་ཆེན་པོ་ཁག་ནས་རྟེན་འབྲེལ་ཤིས་ཚིག་བསྐུར་ཡོང་བ་དང་སྐུ་འབུམ་དང་བླ་བྲང་། རོང་བོ་དགོན་ཆེན་སོགས་ཀན་སུའི་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན། ཁྱད་པར་སི་ཁྲོན་རྔ་བ་ཁུལ་གྱི་དགོན་སྡེ་སོ་སོའི་བླ་སྤྲུལ་དགེ་བའི་བཤེས་གཉེན་བརྒྱ་སྟོང་དང་དད་ལྡན་ཕོ་མོ་ཁྲི་ཕྲག་མང་བོ། ཞིང་ཆེན་དང་ཁུལ། རྫོང་ཁག་སོ་སོ་དང་རང་རྫོང་གི་འགོ་ཁྲིད་མཐོན་པོའང་མང་དུ་འཛོམས། ཁོང་གིས་སྐད་རིགས་གཉིས་ཀྱི་ཐོག་ནས་ཚོགས་ཆེན་གྱི་འགོ་འཛིན་བྱས་པ་དང་མཆོག་སྤྲུལ་རིན་པོ་ཆེས་ཀྱང་སྐད་རིགས་གཉིས་ཀྱི་ཐོག་ནས་གསུང་བཤད་གལ་ཆེན་གནང་།
སྤྱི་ལོ༢༠༡༦ལོའི་ཧོར་ཟླ་བརྒྱད་པའི་ནང་དགོན་གྲོང་ཐུན་མོང་ནས་གུང་ཐང་ཡོངས་འཛིན་རིན་པོ་ཆེ་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་དཔལ་བཟང་བོ་ཆིབས་བསུ་སེར་སྦྲེང་དང་བཅས་རང་དགོན་དུ་གདན་དྲངས་ཏེ་ཆོས་འབྲེལ་ཞུས། སྐབས་དེར་རང་དགོན་དུ་མཇལ་མགྲོན་ཁྲི་ཕྲག་མང་བོ་འཛོམས་ན་ཡང་དགོན་གྲོང་ཀུན་ལ་ཞིབ་ཚགས་ཀྱི་བཀོད་སྒྲིག་ཡོད་པས་བདག་གཞན་ཐམས་ཅད་ཀྱི་རྣམ་དཀར་བྱ་བཞག་ལམ་ལྷོངས་བྱུང་བས་དཔོན་སློབ་འཁོར་བཅས་ཧ་ཅང་མཉེས་པར་གྱུར།
༢༠༡༧ལོའི་སྟོན་དུས་ཤིག་ལ་ང་ཚོ་དོ་དམ་པ་སྐབས་བརྗེའི་ཚོགས་ཆེན་སྟེང་། ཁ་ཞེ་གཉིས་མེད་ཀྱིས་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད། དགོན་སྡེའི་རྒྱུ་ནོར་བདག་དམ། དགོན་གྲོང་བར་གྱི་འབྲེལ་ལམ། ལས་ཁུངས་དང་དགོན་པའི་འབྲེལ་བ་སོགས་ཀྱི་ཐད་ནས་གྲྭ་ཚང་ལའང་མཇུག་བསྡུ་རྒྱས་ཙམ་གནང་ཞིང་། ལུས་ཁམས་སོགས་ཀྱི་དབང་གིས་གནང་བ་ནན་ཞུ་ཕུལ།
༢༠༡༨ལོའི་ལོ་སར་ཚེས་གཅིག་ཉིན་ཁོང་དང་མི་ལྔ་ལ་དགོན་གཞུང་ནས་རྡོ་རམས་པའི་མཚན་རྟགས་ཀྱི་རྟེན་འབྲེལ་བསྒྲིགས་ནས་གྲྭ་ཚང་ལ་སྙན་གསན་ཕུལ། ངོས་ལ་མཚོན་ན་མི་ཚེ་འདིར་ཐོས་བསམ་སྒོམ་པ་མཐར་ཕྱིན་པར་བྱའོ་སྙམ་པའི་ཀུན་སློང་སྔོན་ཆད་བཏང་ཟིན་ཀྱང་། བྱ་བཞག་སྣ་ཚོགས་དབང་གིས་ཐོས་བསམ་ཚུལ་བཞིན་བྱེད་མ་ཐུབ་པ་ནི་མི་ཚེ་འདིའི་མྱ་ངན་གཙོ་བོར་གྱུར། དེ་ནི་གྲྭ་ཚང་རིན་པོ་ཆེའི་བཀའ་དྲིན་ལས་རྡོ་རམས་པའི་མིང་རྟགས་ཤིག་ཅིས་ཀྱང་རེག་པ་ནི་ཨེ་མ་ཧོ་སྐལ་བ་བཟང་ངོ་སྙམ་ནས་དགའ་སྤྲོ་འགོག་མེད་སྐྱེས། ཞེ་དགུའི་རང་ལོ་ལ་ཁེལ་བས་བཅའ་བ་རིམ་གྲོ་དང་ཁ་འདོན་དགེ་སྦྱོར་ལ་འབད་ཙམ་བྱས་མོད། ཧོར་ཟླ་བཅུ་གཉིས་པའི་ནང་ཙམ་ནས་གཉིད་མི་ཁུག་པའི་ནད་ཅིག་བྱུང་སྟེ་བསྟུད་མར་ཞག་ཁ་ཤས་ལ་དཀའ་ངལ་བྱུང་།
དེ་ཡང་ཆུ་སྟག་ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་ཞོགས་ཚོགས་ལ་ཚོགས་ཆེན་ཁྲི་བ་དངོས་སུ་ཕེབས་ཏེ། ཁ་བཏགས་འཐེན་ནས་ཁོང་རྣམ་གཉིས་ཀྱིས་གསུང་བཀོད་ལྟར་དགེ་བཤེས་ཁྱེད་ཚང་གིས་རང་དགོན་གྱི་རྡོ་རམས་པ་ཐོག་མའི་དམ་བཅའ་འཇོག་དགོས་གསུངས་པ་ལྟར། འདུལ་བ་མདོ་རྩའི་བློ་རྒྱུག་དང་འཛིན་གྲྭ་སོ་སོའི་གྲྭ་སྐོར་དམ་བཅའ། རང་དགོན་དང་བླ་བྲང་གི་མཆོད་མཇལ་བཅས་ཕལ་ཆེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྒྲིག་ཕྱག་ལེན་ལྟར་ལག་བསྟར་བྱས་ཤིང་། དབྱར་ཆོས་ནང་ཉིན་ལྔའི་རིང་ཚོགས་ཆེན་འདུ་ཁང་གི་རྡོ་བཅལ་ཐང་དུ་དམ་བཅའ་ལེགས་པར་གནང་སྟེ་ཉིན་མཐའ་མའི་གྲྭ་ཚང་ལ་མང་འགྱེད་སོགས་ཀྱང་འབྱོར་ཚོད་བསྟབས་པས་ཀུན་ཡིད་མཉེས་པར་གྱུར། ཁོ་རང་ཆུང་དུས་ནས་རྩོམ་ཡིག་སྣ་ཚོགས་འབྲི་བར་དགའ་མོས་ཡོད་པས་ཚགས་པར་དུས་དེབ་སོགས་ཀྱི་སྟེང་དུ་རྩོམ་ཡིག་མང་དུ་སྤེལ་བ་དང་སྒེར་དེབ་ཀྱང་པོད་འགའ་དཔེ་སྐྲུན་ཁང་ཚད་ལྡན་ནས་པར་བསྐྲུན་དང་འགྲེམ་སྤེལ་བྱས།
སྤྱི་ལོ་༢༠༢༣ལོ་སྟེ་ཆུ་ཡོས་ལོའི་ཧོར་ཟླ་བརྒྱད་པའི་ཚེས་འགོར་ཁོང་རིན་པོ་ཆེ་རྣམ་གཉིས་ཀྱི་བཀའ་ལུང་སྤྱི་བོའི་རྒྱན་དུ་ཕེབས་ཏེ་སྟག་ཚ་དགོན་པའི་ཚོགས་ཆེན་ཁྲི་རབས་བཅུ་བཞི་བར་བསྐོ་བཞག་གནང་བ་ལྟར། ད་ལྟའི་དགོན་པ་སྤྱིའི་སྒྲིག་ལམ་ཕྱག་ལེན་དང་ཆོས་འཆད་ཉན་གང་ཐད་ནས་ཤ་ཚ་བཅུད་བསྡུས་ཀྱིས་སྐྱོང་ཁུར་གནང་བཞིན་པའི་སྐབས་ལགས་སོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།