བླ་བྲང་དགོན་པའི་འདུལ་བ་འཛིན་པའི་སྨད་སོག་བསོད་ནམས་ཚང་།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-07-07 18:38:56
རྩོམ་པ་པོ། ཆོས་འཁོར་ལྗང་ལོ། ཀློག་ཐེངས།
དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་དགེ་བའི་བཤེས་གཉེན་ཆེན་པོ། མཚན་ཙམ་ཐོས་ཀྱང་དད་གདུང་ཤུགས་དྲག་བསྐྱེད་པའི་བླ་མ་རྡོ་རྗེ་འཆང་། དོན་གྱི་སླད་དུ་མཚན་ནས་ཞུས་ན་༧རྗེ་བཙུན་འཇིགས་མེད་བསོད་ནམས་རྒྱ་མཚོ་བདེ་གཤེགས་ཚང་། ཡོངས་གྲགས་སུ་༧སྨད་སོག་བསོད་ནམས་ཞེས་ཞུ་བ་འདི་ཉིད་ཕྱི་ལོ་༡༩༣༤ལོར་རྩེ་གཞུང་སོག་པོ་བྲག་དམར་ནས་སྐུ་བལྟམས་ཤིང་། སྔོན་གོམས་བག་ཆགས་བཟང་པོའི་མཐུ་ལ་བསྟེན་ནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ།
ཧོར་གཙང་བ་རྗེ་འཇིགས་མེད་བློ་གྲོས་བདེ་གཤེགས་ཚང་དང་། ༡༩༦༣ལོར་བླ་བྲང་དུས་ཁོར་གྲྭ་ཚང་ནས་གསུང་རབ་བསྡུ་སྒྲིག་བྱེད་མཁན་གྱི་གཙོ་གྲས་དགེ་བཤེས་རབ་ཕྲུག་བསྟན་འཛིན་རྒྱ་མཚོ་༡༩༠༣-༡༩༦༣བདེ་གཤེགས་ཚང་སོགས་མཁས་གྲུབ་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས། བཀྲ་ཤིས་འཁྱིལ་བའི་དགེ་བཤེས་ཆེན་པོར་གྱུར་ཅིང་། ཁྱད་པར་འདུལ་བ་འཛིན་པའི་མཆོག་ཏུ་བརྩི་ཞིང་ཚད་མར་འཛིན།
གདན་ས་བཀྲ་ཤིས་འཁྱིལ་དང་ཨ་མཆོག་མཚན་ཉིད་དགོན་སོགས་སུ་དཔེ་ཁྲིད་རྒྱ་ཆེར་གནང་ཞིང་དགེ་ཚུལ་སློང་གི་སྡོམ་པ་འབོགས་པ་སོགས་བསྟན་འགྲོའི་ཁུར་ཆེན་འདེགས་པའི་སེམས་དཔའ་དགེ་སློང་གི་གཟུགས་སུ་བྱོན་པའི་རྗེས་སུ་འགྲོ།༢༠༡༠ལོར་ཤིང་བཟའ་དགོན་དུ་མདོ་དང་སྔགས་ཀྱི་གཟབ་བཤད་གནང་།༢༠༡༢་ལོའི་དཔྱིད་ཀར་བཀྲ་ཤིས་འཁྱིལ་ནས་མྱ་ངན་ལས་འདས་པའི་ཚུལ་མཛད། སྐུ་གདུང་ཨ་མཆོག་མཚན་ཉིད་དགོན་པར་བཞུགས།

བརྒྱུད་འགོད།