བྱ་བཏང་བ་རྗེ་བྱམས་པ་རྣམ་གྲོལ་གྱི་རྣམ་ཐར་མདོར་བསྡུས།
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-09-24 23:24:45
རྩོམ་པ་པོ། མི་གསལ ཀློག་ཐེངས།
བྱ་བཏང་བ་རྗེ་བྱམས་པ་རྣམ་གྲོལ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་ང་བརྒྱད་པ་ཤིང་ཕོ་བྱི་བའི་ལོའི་ (1924) སྨིན་དྲུག་ཟླ་བའི་དཀར་ཕྱོགས་རྫོགས་པ་དང་པོར་ངོ་མཚར་བའི་ལྟས་བཟང་དང་བཅས་དགོན་གོང་མའི་ཉྭ་ནག་ཚོ་བར་སྐུ་བལྟམས།
སྐུ་ན་ཆུང་བའི་དུས་ནས་བྱིས་པའི་སྤྱོད་ཚུལ་ལས་རིང་དུ་འདས་ཤིང་རྣམ་དཀར་དགེ་བའི་ལས་ལ་ཐུགས་གཞོལ་ཤིན་ཏུ་ཆེ་བས་ཁོང་གི་ཁུ་བོ་དགེ་འདུན་དང་དགེ་ལེགས་གཉིས་ཀྱི་མདུན་དུ་ཡི་གེ་སྦྱོར་ཀློག་དང་། ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་མང་པོ་ཐུགས་འཛིན་གནང་། ཉམ་ཐག་གི་འགྲོ་བ་མང་པོ་མི་འདོད་ནད་ཀྱི་སྡུག་བསྔལ་གྱིས་གཟིར་བ་མཐོང་ནས་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས་བརྩོན་རྡོ་རུས་ཐུག་པ་གནང་།
ཡུལ་ཕྱོགས་རིས་མེད་ཀྱི་འགྲོ་བ་མང་པོ་ན་བའི་སྡུག་བསྔལ་ལས་བསྐྱབས་ཏེ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་མོད། ཁྱིམ་གྱི་གནས་ནི་བཙོན་རྭ་དང་། མེ་འབར་བའི་ཀློང་དང་། དུག་སྤྲུལ་གྱི་ཚང་ལྟར་ཉེས་པའི་སྒོ་སྣ་ཚོགས་ཀྱི་འབྱུང་གནས་སུ་གཟིགས་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་འདོད་ཀྱི་འདུན་པ་ཤུགས་དྲག་པོོ་ཞིག་སྐྱེས་ཏེ་རྗེ་བཙུན་བྱམས་པ་ཆོས་སྒྲུབ་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་བྱམས་པ་རྣམ་གྲོལ་ཞེས་གསོལ།
རྗེ་བཙུན་བྱམས་པ་ཆོས་སྒྲུབ་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སོགས་རྒྱུད་སྡེ་མང་པོའི་དབང་ལུང་བསྙེན་ཁྲིད་ཀྱི་རིམ་པ་རྣམས་ལ་གསན་སྦྱོང་དཔྱིས་ཕྱིན་པ་གནང་། དབེན་གནས་ལུང་དཀར་རི་ཁྲོད་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་སྔ་ཕྱིར་མཛད་པ་དང་།གཉན་ཁྲོད་བརྒྱ་རྩ་འགྲིམས་པ་སོགས་དམ་པའི་ཆོས་ཀྱིས་ཉིན་མཚན་འདའ་བར་བྱས།
མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་མོ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་སྡོམ་ཁྲིམས་མཐའ་དག་མིག་འབྲས་བཞིན་དུ་བསྲུང་བར་མཛད། དེ་ནས་ཁོང་གི་ཐུགས་ལ་ཐོས་པ་མ་བཙལ་ན་སྒོམ་པ་མི་ཡོང་བ་མཁྱེན་ནས་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།
བདེ་ཐང་མཁན་རིན་པོ་ཆེ་སོགས་བླ་མ་སྐྱེས་ཆེན་མང་པོའི་མདུན་ནས་འཇིགས་བྱེད་ཀྱི་བསྐྱེད་རྫོགས་དང་། བདེ་མཆོག གསང་འདུས། མི་འཁྲུགས་པ་སོགས་ཀྱི་དབང་ལུང་གསན་བཞེས་མཛད། རྒྱན་འཇུག་གཉིས་ཀྱིས་མཚོན་པའི་གཞུང་བཀའ་པོད་ལྔའི་རྩ་འགྲེལ་མང་པོ་ཐུགས་འཛིན་གནང་ཞིང་ཞོར་དུ་དཔེ་ཁྲིད་དཔེ་ལྟས་འཕྲོས་པ་དོགས་དཔྱོད། བློ་འཛིན་སྐྱོར་སྐྱོང་གང་ལེགས་གནང་ནས་མཁས་གྲུབ་བྱེ་བའི་རོལ་མཚོ་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་འདུན་མཛད་ཀྱང་རྐྱེན་དུ་མའི་དབང་གིས་ཕྱིར་ཕ་ཡུལ་ལ་ཕེབས་དགོས་བྱུང་།
ཕྱིར་ཕ་ཡུལ་དུ་ཕེབས་ཏེ་རྗེ་བྱམས་པ་ཆོས་སྒྲུབ་ཀྱི་དྲུང་ནས། བསྡུས་གྲྭ། སྐྱབས་ཁྲིད་དང་བསྐྱེད་རྫོགས་ཀྱི་ཁྲིད་རྒྱས་པར་གསན། དེ་དག་ཀྱང་ཤེས་ལོ་དང་ཐོས་ལོ་ཙམ་དུ་མ་སོང་བར་གང་ཤེས་ཐམས་ཅད་ཀྱིས་ཐུགས་རྒྱུད་སྨིན་པར་བྱས། ཨ་རིག་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་རྒྱ་མཚོའི་ཞལ་སྔ་ནས། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་། རྒྱུད་སྡེ་གཞན་གྱི་དབང་ལུང་ཡང་ཡང་གསན།
བྲག་དཀར་སྤྲེལ་རྫོང་དུ་ཕེབས་ཏེ་སྐུ་ཕྱོགས་ཨ་རོལ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོར་བླངས་ཏེ་ལོ་གསུམ་ལ་བཞུགས་རིང་བློ་རྟགས། ཕར་ཕྱིན། མདོ་སྔགས་ཀྱི་ལམ་རིམ་མང་པོ་གསན། ཁོང་ལ་རི་ཁྲོད་སྐྱབས་འཇུག་ཞུས་པས་རྗེ་དེ་ཉིད་ཐུགས་ཤིན་ཏུ་དགྱེས།
བླ་མ་ཆོས་སྒྲུབ་རིན་པོ་ཆེའི་བཀའ་བཞིན་ཀླུ་དུང་སྐྱོང་དཀར་པོའི་ཕོ་བྲང་དུ་གྲགས་པའི་དུང་དཀར་གཞུང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་བཅུ་གཅིག་བཏང་བས་ཡི་དམ་གྱི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ནམ་མཁའི་མཐའ་དང་མཉམ་པ་ལ། ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར་བའི་ཞལ་གཟིགས་པའི་ཉམས་རྟོགས་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། རིམ་བཞིན་ང་བརྒྱད་དང་རིག་གསར་ཐོན་ཏེ་དམ་པའི་ཆོས་སྒྲུབ་པའི་གོ་སྐབས་ཤིན་ཏུ་ཕྲ་བས་ཁོང་རང་གི་ཕ་ཡུལ་དང་ཁ་བྲལ་ཏེ་བླ་བྲང་ཕྱོགས་སུ་ཕེབས།
བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་མགོ་ལོག་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་བདེ་གསང་འཇིགས་གསུམ་དང་། དུས་འཁོར་གྱི་ཐིག་རྩ་སྦྱངས། བསང་ཁོག་དང་། ཁ་གྱ་སོགས་སུ་གསང་སྟབས་ཀྱིས་མཚམས་བསྙེན་པ་དང་ཁ་འདོན་དགེ་སྦྱོར་རྣམས་ཆག་མེད་བྱས་ནས་ཡུན་རིང་པོར་བཞུགས།
1979ལོར་ཉྭ་ནག་ཆོས་བཟང་སོགས་ཕྱོགས་གང་སར་འཚོལ་དུ་ཕྱིན་པས་ཁ་གྱའི་བ་རས་གྱོག་ཟེར་བའི་གནས་ཤིག་ན་ཉིན་མཚན་ཁོར་མོ་ཡུག་ཏུ་རྣམ་དཀར་དགེ་བའི་ལས་ལ་གཞོལ་བ་དང་འཕྲད་ནས་ཕྱིར་རང་གི་ཕ་ཡུལ་དུ་གདན་དྲངས།
1981ལོར་རིག་གསར་སྐབས་ཉམས་ཆགས་སུ་སོང་བའི་ཉྭ་ནག་སྤྱི་བ་བླ་མ་གོང་མའི་ཕྱག་བཞེས་བཞིན་སླར་གསོ་བྱས། སྐུ་ཕྱོགས་ཨ་རོལ་ཚང་། ཨ་རིག་རྡོ་རྗེ་འཆང་ཚང་། ཉྭ་ནག་སྐུ་ལོ་ཚང་། རྗེ་བྱམས་པ་ཆོས་སྒྲུབ་ཚང་བཅས་ཀྱི་ཞབས་ཀྱིས་བཅགས་ཤིང་བྱིན་བརླབས་པའི་གནས་ཆུ་དམར་དུ་དོན་ཉུང་བྱ་ཉུང་གི་དགོན་པ་ཞིག་འདེབས་རྒྱུའི་ཐུགས་སྨོན་གནང་། གནས་དེར་མཚམས་ཁང་དང་གྲྭ་ཤག་འགའ་རེ་གསར་བཞེངས་བྱས། ཁོང་གིས་དགེ་ཕྲུག་རྣམས་ལ་རབ་བྱུང་གི་སྡོམ་པ་གནང་བ་དང་། ཡི་གེ་འབྲི་ཀློག་སློབ་པ་སོགས་སློབ་གཉེར་གྱི་འགོ་བརྩམས། ས་གནས་ཀྱི་དད་ལྡན་མང་ཚོགས་མང་པོར་དབང་ལུང་བཀའ་ཆོས་སོགས་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། ཉམ་ཐག་གི་ནད་པ་དག་ལ་སྨན་སྦྱིན་དང་། བཀའ་བསྒོ། བྱབས་ཁྲུས་སོགས་ཀྱིས་མི་འདོད་ནད་ལས་གྲོལ་བར་བྱས།
1987ལོར་དགོན་པ་བཏབ་ཆོག་པའི་ཆོག་མཆན་ཐོབ་སྟེ་ཆུ་དམར་དགོན་པ་ཕྱག་འདེབས་མཛད། མདོར་ན་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་བོར་བསྟན་པ་དང་སེམས་ཅན་ལ་ཕན་པའི་དོན་འབའ་ཞིག་མཛད་དེ་དགུང་ལོ་དོན་གཅིག་པ་བཞེས་པའི་ཧོར་ཟླ་གསུམ་པའི་ཚེས་བཅུ་དགུ་ལ་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་ཏོ།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།