དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་སྨན་པ་གྲྭ་ཚང་གསོ་རིག་ཀུན་ཕན་གླིང་གི་མཁན་རབས་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-01-04 23:31:10     རྩོམ་པ་པོ།   ལྡེ་ཚ་རྣམ་རྒྱལ་ཚེ་རིང་    ཀློག་ཐེངས།  

༡ བདེ་ཡངས་ཞབས་དྲུང་བློ་བཟང་ནོར་བུ།

༢ རྐ་ཕུག་པཎྚི་ཏ་བློ་བཟང་དོན་གྲུབ།

༣ མདོ་བ་གྲགས་པ་རྒྱལ་མཚན།

༤ ཁུ་ར་ཞབས་དྲུང་ངག་དབང་འོད་ཟེར།

༥  མདོ་བ་ངག་དབང་བཟང་པོའི་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན།

༦ ལྡེ་ཚ་དགེ་བཤེས་ངག་དབང་འོད་ཟེར།

༧ གཤོང་ཤན་རབ་འབྱམས་པ་འཇམ་དབྱངས་ཚུལ་ཁྲིམས།

༨ སྣ་གྱའི་དཀའ་བཅུ་ངག་དབང་བསོད་ནམས།

༩ མདོ་བའི་ཞང་བོ་སྐེའི་ཞབས་དྲུང་ངག་དབང་ཆོས་གྲགས།

༡༠ ཁྲེ་དམར་ཞབས་དྲུང་ཡེ་ཤེས་བསྟན་འཛིན།

༡༡ ཁམ་ར་ཨ་འཛི་ཞབས་དྲུང་ངག་དབང་དོན་ལྡན།

༡༢ པདྨོ་སྟེང་དབོན་པོ་བསོད་ནམས་བཟང་བོ།

༡༣ ཅོག་ཙེ་དབོན་པོ་དོན་གྲུབ་རྒྱལ་མཚན།

༡༤ གཟི་ལུང་སྨད་ཐ་དཀའ་བཅུ་ངག་དབང་མཁས་མཆོག

༡༥ རྭ་རྒན་ཞབས་དྲུང་ཡེ་ཤེས་དགེ་ལེགས་བསྟན་པའི་རྒྱལ་མཚན།

༡༦ ཁ་སྒང་ཤཱཀྱ་བུ་རྒྱུད་དཀའ་བཅུ་རྒྱལ་མཚན་ཉི་མ།

༡༧ དོར་ཤུལ་མ་རྒྱ་དཀའ་བཅུ་ངག་དབང་སྦྱིན་པ།

༡༨ གཟི་ལུང་དཔོན་སྐོར་ལྷ་རམས་པ་དགེ་འདུན་སྙན་གྲགས་ཀྱི་སྤྲུལ་སྐུ་དགེ་འདུན་བསྟན་འཛིན།

༡༩ སྡོང་རྒན་ཐང་དཀའ་བཅུ་བསྟན་འཛིན་ཆོས་གྲགས།

༢༠ ཁ་སྒང་བ་རྒྱ་དགེ་བཤེས་འཕྲིན་ལས་དགེ་ལེགས།

༢༡ མདོ་བ་སྒར་བ་ཚང་དགེ་འདུན་བསྟན་པ་རབ་རྒྱས།

༢༢ མདོ་བ་མར་ནང་དཀའ་བཅུ་བརྩོན་འགྲུས་བཟང་བོ།

༢༣ མདོ་བ་མར་ནང་དཀའ་བཅུ་ངག་དབང་བཟང་བོ།

༢༤ བོན་གྱ་དཀའ་བཅུ་རྒྱལ་མཚན་འོད་ཟེར།

༢༥ ཁ་སྒང་ཤཱཀྱ་བུ་རྒྱུད་དཀའ་བཅུ་བློ་བཟང་ཤེས་རབ།

༢༦ ཚེ་རུག་དར་གྱི་དགེ་བཤེས་ངག་དབང་བརྩོན་འགྲུས།

༢༧ གཞི་མ་ནང་དགེ་བཤེས་ཐབས་མཁས་བཟང་བོ།

༢༨ མདོ་བ་མར་ནང་དཀའ་བཅུ་དཔལ་འབྱོར་རྒྱ་མཚོ།

༢༩ ལོག་མའི་དབོན་པོ་འོད་ཟེར་རྒྱ་མཚོ།

༣༠ གཞི་མ་ནང་དཀའ་བཅུ་བློ་བཟང་མཁས་གྲུབ།

༣༡ གཡི་རྩའི་དགེ་བཤེས་བྱམས་པ་འཕྲིན་ལས།

༣༢ ཁོ་ཚེ་བན་ཚར་དཀའ་བཅུ་བསྟན་འཛིན་སྦྱིན་པ།

༣༣ མདོ་བ་མར་ནང་དཀའ་བཅུ་ངག་དབང་སྦྱིན་པ།

༣༤ ཤར་གདོང་དགེ་འདུན་བསྟན་པ་རབ་རྒྱས།

༣༥ རྩ་རིང་མོ་དཀའ་བཅུ་བློ་བཟང་བསམ་གཏན།

༣༦ ཤོར་གཙང་དགེ་བཤེས་བསྟན་འཛིན་ཉི་མ།

༣༧ གུས་ཀྱུ་དཀའ་བཅུ་འོད་ཟེར་རྒྱ་མཚོ།

༣༨ ལྡེ་ཚ་མི་ཉག་ཆོས་རྗེ་བསམ་གཏན་རྒྱ་མཚོ།

༣༩ རྡོ་ཕུང་དགེ་བཤེས་ངག་དབང་ཤེས་རབ།

༤༠ ནགས་སྐེད་བློ་བཟང་ལེགས་བཤད་རྒྱ་མཚོ།

༤༡ ར་གོང་མའི་དགེ་བཤེས་དགེ་འདུན་རྒྱ་མཚོ།

༤༢ སྐྱེ་ར་ཡ་ཁ་ཚང་དགེ་བཤེས་བློ་བཟང་ཚུལ་ཁྲིམས།

༤༣ དགོན་གསར་ཐང་དགེ་བཤེས་བློ་བཟང་མཁས་གྲུབ།

༤༤ ཟན་ཁྲོན་གཡང་གྱ་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན།

༤༥ དོར་ཤུལ་གླང་གྱ་དགེ་བཤེས་བློ་བཟང་འཇིགས་མེད།

༤༦ སྡོང་ལ་ཁའི་དཀའ་བཅུ་བློ་བཟང་།

༤༧ མདོ་བ་མར་ནང་དཀའ་བཅུ་བློ་བཟང་བསྟན་འཛིན།

༤༨ ཁ་སྒང་ཆག་ནང་དཀའ་བཅུ་དགེ་འདུན་ཚུལ་ཁྲིམས།

༤༩ དོར་ཤུལ་མ་རྒྱ་དཀའ་བཅུ་དགེ་འདུན་འཕེལ་རྒྱས།

༥༠ ཅི་འབུ་མཁར་དགེ་བཤེས་བློ་བཟང་ཆོས་ལྡན།

༥༡ སྡོང་ལ་ཁའི་དཀའ་བཅུ་ཞབས་དྲུང་དགེ་འདུན་ཐུབ་བསྟན་ཡར་འཕེལ།

༥༢ ཚེ་རུག་བོན་གྱ་དཀའ་བཅུ་བསྟན་འཛིན་སྦྱིན་པ།

༥༣ ར་གོང་མའི་དཀའ་བཅུ་བློ་བཟང་རྒྱལ་མཚན།

༥༤ སྐྱ་ཡིས་དཀའ་བཅུ་དགེ་འདུན་རྒྱལ་མཚན།

༥༥ གཤོང་ཤན་ཐང་གཞུག་དགེ་བཤེས་འཇམ་དབྱངས་ཆོས་འབྱོར།

བཅས་རིམ་པར་ཕེབས་པ་ལས་དུས་འཁོར། ཀུན་རིག སྨན་བླ་རྣམས་ཀྱི་སྒྲུབ་མཆོད་དང་། འདོན་དབྱངས་རྟ། རིག་གནས་སློབ་ཁྲིད། བཅའ་ག་ཕྱག་ལེན་བཅས་ཡར་ལྡན་དུ་བསྐྱངས། རབ་ཚེས་ཤིང་སྦྲུལ་༡༩༠༥ལོར་མཁན་ཟུར་འཕྲིན་ལས་དགེ་ལེགས་དང་། དུས་འཁོར་ཁྲི་ལས་ཐོག་པ་ངག་དབང་བརྩོན་འགྲུས་བཅས་ནས་བསྐུལ་ངོར། བདེ་ཡངས་པཎྚི་ཏ་བློ་བཟང་བསྟན་འཛིན་ནོར་བུས་བཅའ་ཡིག་ཆེན་མོ་མཛད་ཡོད། མེ་སྦྲུལ་༡༧༩༧ལོར་སྨན་པ་གྲྭ་ཚང་གསར་དུ་བཙུགས་པ་ནས་ད་ལྟ་རབ་རྒྱན་ཤིང་སྦྲུལ་༢༠༢༥ལོར་ལོ་༢༢༩པ་ཡིན།

འདི་དང་འབྲེལ་བར་དཔྱད་གཞི་ཙམ་བཀོད་ན། མདོ་སྨད་ཆོས་འབྱུང་ལས་ཁྲེས་དམར་མཁན་ཆེན་བར་དུ་མཐུན་པ་ལ། དེ་མན་ནས་ཨ་འཛི་ཞབས་དྲུང་བློ་བཟང་སྙན་གྲགས། རྭ་ཚ་སྤྲུལ་སྐུ་བློ་བཟང་དཔལ་ལྡན་རྒྱ་མཚོ། གདོང་གཞུག་ཞབས་དྲུང་སྐལ་ལྡན་ཆོས་གྲགས། ད་ལྟ་ཅོག་ཙ་དཀའ་བཅུ་ངག་དབང་འཇམ་དབྱངས་བཞུགས། ཞེས་གསུངས་པ་རྣམས་རྗེ་ཚེ་ཏན་ཞབས་དྲུང་ཚང་གི་གདན་རབས་དང་མི་མཐུན་ལ།  མདོ་སྨད་ཆོས་འབྱུང་ལས་བྱང་རྒྱུད་ཀྱི་སྐོར་༡༨༤༩ལོར་མཛད་གྲུབ་པ་དང་། སྔ་མ་རྣམས་ལ་བྲི་བསྣན་དང་བཅས་༡༨༦༥ལོར་རྫོགས་པར་མཛད་པར་གཞིགས་ན་ཅོག་ཙ་དཀའ་བཅུ་ངག་དབང་འཇམ་དབྱངས་ནི་༡༨༤༩དང་༡༨༦༥གང་རུང་གི་ཡས་མས་སུ་སྨན་པ་གྲྭ་ཚང་ངམ་དུས་འཁོར་གྲྭ་གི་ཁྲིར་བཞུགས་བཞིན་པ་ཡིན་དགོས།  འོན་ཀྱང་རྗེ་ཚེ་ཏན་ཞབས་དྲུང་ཚང་གིས་དེ་དག་མ་བགྲངས་པ་ལ་རྒྱུ་མཚན་ཡོད་ངེས་མོད།  རྭ་ཚ་སྤྲུལ་སྐུ་མ་བགྲངས་པ་ནི་ཆད་སྐྱོན་ཡིན་ནམ་སྙམ་སྟེ།  ཁོང་གི་གདན་རབས་ལས་རྭ་ཚ་ཚང་སྨན་པའི་བླ་མར་བཞུགས་པར་བཤད་པའི་ཕྱིར།  གཞན་ཡང་དངོས་སུ་ཁྲི་རབས་ང་ལྔ་ཙམ་ལས་བགྲངས་མེད་པ་ལ་ཁྲི་རབས་རེ་གཉིས་པ་གཤོང་ཤན་ཐང་གཞུག་དགེ་བཤེས་འཇམ་དབྱངས་ཆོས་འབྱོར་ཞེས་གསུངས་པའང་ཐེ་ཚོམ་གྱི་གཞིར་གྱུར་ཏོ། །སླད་མར་མཁྱེན་རྒྱ་ཡངས་པ་རྣམས་ཀྱིས་འདིའི་སྐོར་ནས་ཞིབ་ཅིང་གསལ་བ་རེ་གསུང་བར་ཐལ་མོ་སྦྱར་ཏེ་གསོལ་ལོ། །

ཞེས་འབུམ་རམས་པའི་མིང་འཛིན་ལྡེ་ཚ་རྣམ་རྒྱལ་ཚེ་རིང་གིས་༢༠༢༥ལོའི་ཧོར་ཟླ་དང་པོའི་རྫོགས་པ་གཉིས་པར་སྦྱར་བའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།