བླ་བྲང་ཨེ་ཝཾ་ཆོས་འཁོར་གླིང་གི་གདན་རབས་དགུ་བ་རྗེ་འཇམ་དབྱངས་གྲགས་པ།
གདན་རབས་དགུ་བ་དཀའ་བཅུ་བ་འཇམ་དབྱངས་གྲགས་པ་ནི། སྨན་ལུང་གི་ཕྱོགས་སུ་རབ་བྱུང་བཅུ་གཉིས་པ་ལ་སྐུ་འཁྲུངས་ཤིང་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཛད།རྡོ་བཅལ་རབ་འབྱམས་པའི་མཚན་བཏགས་ཀྱང་གནང་ཞིང་། གྲྭ་ཚང་ཐོས་བསམ་གླིང་གི་དགེ་བསྐོས་དང་ཚོགས་ཆེན་ཞལ་ངོ་། དུས་འཁོར་རྡོ་རྗེ་འཛིན་པ་སོགས་ཀྱི་གོ་ས་རིམ་པར་བརྒྱུད་དེ་ཨེ་ཝཾ་ཆོས་འཁོར་གླིང་གི་ཁྲིར་ཕེབས། གང་ཅིའི་སྲོལ་ལེགས་པར་བསྐྱངས་ནས་ཟུར་བཞུགས་མཛད། སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་བཀའ་ཕབས་པ་ལྟར། ད་ལྟ་བདེ་མོ་དགའ་ལྡན་ཆོས་འཁོར་གླིང་གི་ཁྲིར་ཕེབས་ཏེ་བཀའ་པོཏ་ལྔའི་འཆད་ཉན་སྐྱོར་བཞིན་པ་ལགས་སོ། །
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025