བླ་བྲང་རྒྱུད་སྨད་གྲྭ་ཚང་གི་གདན་རབས་ལྔ་བ་རྗེ་དགེ་འདུན་རྒྱལ་མཚན།
གདན་རབས་ལྔ་བ་རིགས་པའི་དབང་ཕྱུག་དགེ་འདུན་རྒྱལ་མཚན་ནི། སོག་ཡུལ་རྩེ་གཞུང་དུ་ཚོ་འདུ་ཞེས་པའི་རུས་སུ་འཁྲུངས། ཡུལ་དབུས་བཀྲ་ཤིས་སྒོ་མང་དང་སྟག་ཚང་རྭ་བ་སྟོད་སོགས་སུ་ལུང་རིགས་ལ་སྦྱངས་པས་དགེ་འདུན་སྐེ་སེར་རྒོལ་ངན་ཚར་གཅོད་པ་ལ་འགྲན་ཟླ་མེད་པའི་རྟོག་གེ་མགོ་མཁྲེགས་ཀྱི་ཚད་དུ་བརྩི་བ་བྱུང་ཞིང་། རྗེ་གོང་མའི་ཞབས་ཕྱིར་ཨ་མདོར་ཕེབས་ཏེ་ས་སྤྲེལ་གྱི་ལོར་རྒྱུད་པའི་ཁྲིར་བཞུགས། འཇམ་མགོན་ཁྲི་རིན་པོ་ཆེའི་དྲུང་དུ་འགྲེལ་བ་བཞི་སྦྲགས་ཀྱི་གཟབ་བཤད། ཡེ་ཤེས་རྡོ་རྗེ་ཀུན་བཏུས་དང་དེའི་རྣམ་བཤད། ལྷ་མོ་བཞིས་ཞུས་དང་དེའི་རྣམ་བཤད། སྔགས་རིམ་ཆེན་མོའི་བསྐྱེད་རིམ་གྱི་གཞུང་བཤད་སོགས་ཆེད་གཉེར་གྱིས་གསན་ནས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་པ་ལོ་རེ་བཞིན་རྫོགས་པར་མཛད་དེ་འཆད་ཉན་གྱི་རྒྱལ་མཚན་མངོན་པར་བསྒྲེངས། རྒྱུན་གྱི་འཇིགས་བྱེད་བདག་འཇུག་ཚུགས་པ་སོགས་ཕན་སྒོ་ཆེ་བར་དོད་ཀྱང་ཆེར་མ་འགྱངས་པར་ལྕགས་ཕག་ལ་སྐུ་ཞི་བར་གཤེགས་སོ།
།རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025