བྱ་ཁྱུང་མཁན་རབས་ཞེ་གསུམ་པ་ཀུན་མཁྱེན་འཇིགས་མེད་དཔང་པོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:49:30     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

སྣང་རའི་གྲམ་པ་ནང་ནས་འཁྲུངས།རབ་འདོད་ས་བྱ་ལོའི་སྣྲོན་ཟླ་ཕྱི་མའི་ཉེར་དགུ་ལ་དགོན་འདིར་ཕེབས་ནས་ཐོག་མར་མཁན་པོའི་བླ་བྲང་དགའ་ལྡན་དཔལ་འབྱོར་ཁང་དུ་བཞུགས།དྲུག་པའི་ཚེས་གཅིག་ཉིན་ཆོས་ཁྲི་ཆེན་མོར་ཞབས་པད་བཀོད།ལམ་རིམ་ཆེན་མོའི་དབུ་ནས་ཆོས་ཐུན་གཅིག་གི་བཤད་པ་གནང་།འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་འདོད་ཆོས་སྔ་ཕྱིར་མང་ཙམ་གནང་།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་འདོན་ཆོག་བདུད་རྩིའི་ཆུ་རྒྱུན་གསར་རྩོམ་གནང་ནས་ཚོགས་སུ་འཛུགས་པ་གནང་།སྔར་བྲག་དཀར་སྔགས་རམས་པས་གནང་བའི་འཁྲུལ་འཁོར་ལ་ཞིབ་གཟིགས་མཛད་པར།དབུས་ཀྱི་ལྟེ་བར་ཝ་ཡིག་ཅིག་འདུག་པ་ཅི་རེད་གསུངས་པར།རྗེ་རྐ་ཕུག་པ་བློ་བཟང་དོན་གྲུབ་ནས།དེ་བདེ་ཡངས་གོང་མའི་མཚན་ཡིག་གི་དང་པོ་ཝ་གིནྡྲའི་ཝ་རེད་ཞུས་པར།མད་པར་འདུག་གསུངས།རྗེ་ཉིད་སྐུ་དོན་རྒྱ་ཆེ་བས་སློབ་ཆུང་དུ་ཁྲི་ཟུར་གདོང་གཞུག་ཞབས་དྲུང་ཚང་བསྐོ་བཞག་གནང་ནས་ལོ་ངོ་གསུམ་གྱི་རིང་སྒྲིག་ལམ་དང་འཆད་ཉན་ཡར་ངོའི་ཟླ་ལྟར་འཕེབ་བར་མཛད།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།