འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་གཉིས་པ་ཟམ་གདོང་སྒང་པ་འདུལ་བ་མཁན་པོ་བློ་བཟང་བསྟན་འཛིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-14 22:05:23     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

77996044631369659.jpg

                         བརྒྱུད་འདེབས་ལས།
                                    སྐྱབས་གནས་ཀུན་འདུས་བློ་བཟ༷ང་རྒྱལ་བསྟན༷་མཆོག །
                                    འགྲོ་ལ་རྗེས་ཆགས་ཕན་བདེའི་དགེ་ལེགས་དཔལ། །
                                    རྒྱུད་རིགས་མདོ་སྔགས་འཛིན་མཁས་ཆོས་ཀྱི་རྗེ། །
                                    མཚུངས་མེད་རྗེ་བཙུན་བླ་མར་གསོལ་འདེབས། །ཞེས་བྱུང་།
        གདན་རབས་དྲུག་ཅུ་རེ་གཉིས་པ། ཟམ་གདོང་སྒང་པ་འདུལ་བ་མཁན་པོ་བློ་བཟང་བསྟན་འཛིན་རབ་བྱུང་༡༥ ས་བྱ་ཕྱི་ལོ་༡༩༠༩ ལོར་ཐུ་མེད་གཤེགས་འཕྲལ་ཁྲིར་ཕེབས་པ་ཡིན་ལ། འདི་ཉིད་ཁང་ཚན་ཧར་གདོང་དང་བཞུགས་ཤག་ཟམ་གདོང་སྒང་ཡིན་པས་མཁན་པོ་ཟམ་གདོང་སྒང་པར་གྲགས། ལྕགས་ཕག་ཕྱི་ལོ་༡༩༡༡ ཀུན་མཁྱེན་སྐུ་ཕྲེང་བཞི་པ་དབུས་ནས་མདོ་སྨད་ལ་ཕེབས་སྐབས་འདི་ཉིད་མཁན་པོ་ལས་ཐོག་པ་ཡིན་པ་རྣམ་ཐར་ན་གསལ། ལོ་འདི་ནི་ཆུ་བྱི་རྒྱ་དམག་གི་བདེ་གཟར་ཞེས་ལོ་རྒྱུས་ཀྱི་ཡི་གེ་དང་རྒན་རབས་ཀྱི་ངག་རྒྱུན་ལ་ཡོངས་སུ་གྲགས་ལ། མཐར་ལྷ་ལྡན་རྒྱལ་ཁབ་ནས་ཨམ་བན་གཉིས་དཔུང་དང་བཅས་པ་རྒྱ་ཡུལ་དུ་ཕྱིར་བསྐྲད་དེ་བོད་དུ་བདེ་འཇགས་སུ་གྱུར་པ་ན་གངས་ཅན་ལྷ་གཅིག་༸སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་ནས་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་པོ་ཏཱ་ལའི་གསེར་གྱི་ཁྲིར་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁཱ་མངོན་པར་བཀོད། དེའི་ཕྱི་ལོ་ཆུ་མོ་གླང་གི་ལོར་མཁན་ཁྲི་དགོངས་པ་ཞུས་འཁྲོལ་གྱིས་རང་ཉིད་ཟུར་བཞུགས་མཛད་ཐོག་བར་ཐོག་ཚང་ཁྲིར་ཕེབས་པ་ཡིན་ནོ། །
                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།