འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་གཅིག་པ་ཨི་པས་ཐུ་ཨེར་ཏེ་ནི་མེར་གན་མཁན་པོ་བློ་བཟང་བདེ་ཆེན།
བརྒྱུད་འདེབས་ལས།
བློ་གྲོས་བཟང་པོས་རྒྱལ་བ་གཉིས་པའི་བསྟན། །
འཛིན་སྐྱོང་སྤེལ་བའི་རྨད་བྱུང་འཕྲིན་ལས་ཀྱིས། །
འགྲོ་ཚོགས་བདེ་ཆེན་ཐར་པར་འཁྲིད་མཛད་པའི། །
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
གདན་རབས་ལྔ་བཅུ་ང་གཅིག་པ། ཨི་པས་ཐུ་ཨེར་ཏེ་ནི་མེར་གན་མཁན་པོ་བློ་བཟང་བདེ་ཆེན་འདི་ཉིད་ཡིན་ལ། མཁན་པོ་འདི་ཉིད་ཀྱི་དུས་སུ་བཅའ་ཡིག་སླར་ཡང་ཞལ་བཤུས་མཛད་པའི་མཇུག་ཏུ་འདི་ལྟར། ས་སྤྲེལ་ཟླ་བཞི་པའི་ཚེས་བདུན་ལ་གསར་བསྐྲུན་མཛད་པ་དེ་ཡང་བགྲེས་སྐྱོན་ཆེ་སྟབས་དཔོན་སློབ་ལས་ཐོག་པ་དང་། ཚོགས་འདུ་བ་གྲོས་བསྡུར་ཐོག་ནས་གཞན་ལྷད་མ་ཞུགས་པས་ལྕགས་གླང་༼ཕྱི་ལོ་༡༨༤༡༽ཟླ་ཚེས་ལ་གསར་དུ་བསྐྲུན་པའི་ཚེ་མི་འགྱུར་བའི་དོན་དུ། དཔོན་སློབ་ལས་ཐོག་པ་ཨི་པས་ཐུ་ཨེར་ཏེ་ནི་མེར་གན་མཁན་པོ་བློ་བཟང་བདེ་ཆེན་གྱི་རྟགས། དགེ་བསྐོས་་་་་་༌། དབུ་མཛད་་་་་་་་་༌། གཉེར་པ་རབ་འབྱམས་པ་་་་་་་༢། ཧར་གདོང་དགེ་རྒན་་་་་་་༢། བསམ་བློ་དགེ་རྒན་སོགས་ཁང་ཚན་དགེ་རྒན་བཅུ་དྲུག་རིམ་བཞིན་དང་། མཇུག་ཏུ། ལམ་པ་རབ་འབྱམས་པ་་་་་་་རྟགས་ཞེས་འཁོད་འདུག་གོ །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn