འབྲས་སྒོ་མང་གདན་རབས་ཞེ་དྲུག་པ་བསམ་བློ་དཔའ་རིས་ངག་དབང་དར་རྒྱས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-02 14:56:12     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

125582222271342108.jpg

                        བརྒྱུད་འདེབས་ལས།
                                   ངག་གི་དབང་ཕྱུག་ཀུན་མཁྱེན་ཙོང་ཁ་པས། །
                                   ལེགས་བཀྲལ་རྒྱན་དྲུག་མཆོག་གཉིས་གཞུང་བཟང་རྣམས། །
                                   དར་ཞིང་རྒྱས་ལ་སྤེལ་བའི་ཐུགས་བསྐྱེད་ཅན། །
                                   དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
                                  ༼འདི་ཡང་རྟ་ཚག་བསྟན་པའི་མགོན་པོའི་གསུང་དུ་སྣང་།༽
        གདན་རབས་ཞེ་དྲུག་པ། བསམ་བློ་དཔའ་རིས་ངག་དབང་དར་རྒྱས་ནི། མདོ་སྨད་དཔའ་རིས་ཕྱོགས་སུ་འཁྲུངས། དབུས་སུ་ཕེབས་ནས་དཔལ་ལྡན་བཀྲ་ཤིས་སྒོ་མང་པའི་ཆོས་གྲྭར་ཞུགས། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྫོགས་པར་མཛད། དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས། རབ་བྱུང་༡༤ ས་སྦྲུལ་ཕྱི་ལོ་༡༨༠༩ ལོར་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་སྒོ་མང་ལ་ཆོས་ཞུགས་སྐབས་འདི་ཉིད་མཁན་པོ་ལས་ཐོག་པ་དང་། ཕེབས་བསུར་ཕེབས་སྐོར་དེ་ཉིད་ཀྱི་རྣམ་ཐར་ན་གསལ་ལོ། །

                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།