འབྲས་སྒོ་མང་གདན་རབས་ཞེ་ལྔ་བ་དཔོན་སློབ་བསྟན་པ་ཐར་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-02 14:50:22     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

77996044631369659.jpg

                          བརྒྱུད་འདེབས་ལས།
                                      བློ་བཟང་རྒྱལ་བསྟན་རིན་ཆེན་ཚད་སྐྱོབ་མཆོག །
                                      རྣམ་དཔྱོད་དཔུང་པ་བརྟན་པོས་ཉེར་བཏེགས་ནས། །
                                      གཏན་འདུན་ཐར་ལམ་གྲིབ་མར་གདུལ་བྱ་རྣམས། །
                                      འཁྲིད་མཁས་འདྲེན་པ་མཆོག་ལ་གསོལ་བ་འདེབས། །ཞེས་བྱུང་།
                                      ༼འདི་རྟ་ཚག་བསྟན་པའི་མགོན་པོའི་གསུང་དུ་སྣང་།༽
        གདན་རབས་ཞེ་ལྔ་པ། དཔོན་སློབ་བསྟན་པ་ཐར་པ་འདི་ཉིད་འཁྲུངས་ཡུལ་བྱང་ཡངས་པ་ཅན། ཧོར་མི་ཚན་དང་ཁང་ཚན་ཧར་གདོང་། ཆོས་གྲྭ་གོང་གི་བླ་བརྒྱུད་ལྡེབས་བྲིས་ནང་དཔོན་སློབ་བསྟན་པ་ཐར་པ་ཞེས་ཞལ་ཚོམ་དཀར་པོ་ཅན་ཟིལ་ཆེ་བ་ཞིག་ཡོད། ཀུན་མཁྱེན་འཇིགས་མེད་དབང་པོའི་སློབ་མར་ཡང་གསལ།
        སྐུ་ཕྲེང་གཉིས་པ་ཡང་བྱང་ཡངས་པ་ཅན་དུ་འཁྲུངས།
        སྐུ་ཕྲེང་གསུམ་པ་ཡེ་ཤེས་རྡོ་རྗེ་ཆོས་ལྡན་གནས་ཆུང་སྒང་སྐྱིད་དུ་འཁྲུངས། འདི་ཉིད་ཀྱི་ཡབ་ཤིང་བཟོ་ཧ་ཅང་ལེགས་པས་བློ་གླིང་གྲྭ་ཚང་གི་འདུ་ཁང་གསར་པ་བཞེངས་སྐབས་ཤིང་བཟོའི་དབུ་ཆེན་ཡིན་འདུག
        སྐུ་ཕྲེང་བཞི་པ་ལྷ་སར་འཁྲུངས། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ནས་དབུ་སྐྲ་གཙུག་ཕུད་བཞེས། མཚན་ཆོས་ལྡན་བསྟན་འཛིན་བསྩལ། དགུང་ལོ་དྲུག་པ་ཕྱི་ལོ་༡༩༥༧ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། ཕྱི་ལོ་༡༩༥༩ དུས་འགྱུར་སྐབས་ནས་བཟུང་ད་ལྟ་ལྷ་སར་བཞུགས་པ་འདི་ལགས་སོ། །

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།