འབྲས་སྒོ་མང་གདན་རབས་བཅུ་བཞི་བ་ཆུ་བཟང་བཀའ་བཅུ་པ་ངག་དབང་འབྱུང་གནས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-20 21:08:13     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

                        བརྒྱུད་འདེབས་ལས།

                               ཕན་བདེའི་མངའ་བདག་རིན༷་ཆེན་བྱ༷ང་ཆུབ༷་དང་། །
                               སྙན་པར་གྲགས་པའི་འབྱུང་གནས་ཆུ༷་བཟ༷ང་པ། །
                               བསྟན་པའི་བདག་པོ་བློ་བཟ༷ང་ཨེ་ཝ༷ཾཾ་ཞབས། །
                               ཕྱོག༷ས་ལ༷ས་རྣམ༷་རྒྱ༷ལ་བཞི་ལ་གསོལ་བ་འདེབས། །ཞེས་བྱུང་།
        གུང་རུ་རིན་ཆེན་བྱང་ཆུབ་གོང་དུ་སོང་ཟིན་པ་དང་། གདན་རབས་བཅུ་བཞི་པ། ཆུ་བཟང་བཀའ་བཅུ་པ་ངག་དབང་འབྱུང་གནས་འཆད་ཉན་སློབ་དཔོན་དུ་ཕེབས། འཆད་ཉན་ཤིན་ཏུ་དམར། རབ་བྱུང་༩ ས་གླང་ཕྱི་ལོ་༡༥༢༩ ལོར་པཎ་ཆེན་བསོད་ནམས་གྲགས་པ་དགའ་ལྡན་གསེར་ཁྲིར་ཕེབས་ནས་བཀའ་གདམས་ཆོས་འབྱུང་རྩོམ་སྐབས་འདི་པ་མཁན་པོ་ལས་ཐོག་པ་ཡིན་པ་ཆོས་འབྱུང་དེ་ཉིད་དུ་གསལ་ལོ། །
                                                                          རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།