འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ གསུངས་པའི་ལས་འབྲས་རེའུ་མིག་ཏུ་བཀོད་པ།
ད་ལྟའི་ཁ་ན་མ་ཐོ་བའི་ལས། | ཕྱིས་འབྱུང་གི་འབྲས་བུ། | མིར་གྱུར་ན་ཡང་རྣམ་སྨིན་གཉིས་འཐོབ་ཚུལ། |
སྲོག་གཅོད་པ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་རོ།། | ཚེ་ཐུང་བ་དང་། ནད་མང་བ། |
མ་བྱིན་པར་ལེན་པ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་རོ།། | དབུལ་ཞིང་ཕོངས་པ་དང་། ནོར་ཐུན་མོང་དུ་འགྱུར་ཞིང་རང་དབང་མེད་པ། |
འདོད་པས་ལོག་པར་གཡེམ་པ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | ཆུང་མ་གཞན་གྱིས་བྱི་བ་བྱེད་པ་དང་། ཆུང་མ་དང་ཕན་ཚུན་རྩོད་ཅིང་བདག་གི་སེམས་ཀྱིས་བསམ་བཞིན་དུ་མི་འགྱུར་བ། |
བརྫུན་དུ་སྨྲ་བ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | སྐུར་པ་མང་བ་དང་། རྟག་པར་གཞན་གྱིས་མང་དུ་བསླུས་པ། |
ཕྲ་མ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | རྟག་པར་སྒྲ་མི་སྙན་པ་ཐོས་པར་འགྱུར་བ་དང་། གང་ཅི་སྨྲས་ཀྱང་རུང་སྟེ། རྒྱུན་དུ་རྩོད་པ་ཅན་དུ་འགྱུར་བ། |
ཚིག་ཀྱལ་པ་སྨྲས་པ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | བདེན་པ་ཞིག་སྨྲས་ན་ཡང་གཞན་དག་ཡིད་ཆེས་པར་མི་འགྱུར་བ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་གོ་བར་མི་འགྱུར་བ། |
བརྣབ་སེམས། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | ནོར་ལ་བརྐམ་ཞིང་ཆོག་ཤེས་མེད་པ་དང་། མང་དུ་ཚོལ་ཞིང་རྟག་པར་ཡིདབཞིན་དུ་མངོན་པར་གྲུབ་པར་མི་འགྱུར་བ། |
གནོད་སེམས། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | རྟག་པར་གཞན་གྱིས་གླགས་ཚོལ་བར་འགྱུར་བ་དང་། རྟག་པར་གཞན་གྱིས་གནོད་པ་བྱེད་པར་འགྱུར་བ། |
ལོག་པར་ལྟ་བ། | སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། | རྟག་པར་ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དང་། སེམས་གཡོ་སྒྱུ་དང་བཅས་པར་འགྱུར་བ། |
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
