དགའ་ལྡན་གསེར་ཁྲི་རིམ་བྱོན་རྣམས་ཀྱི་གསོལ་འདེབས་མཆོག་ཐུན་དངོས་གྲུབ་ཀུན་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2026-08-08 20:37:43     རྩོམ་པ་པོ།   ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན།    ཀློག་ཐེངས།  

    ཨོ་སྭ་སྟི། མཆོག་ཐུན་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག ། རྒྱལ་བའི་མཛད་པ་མ་ལུས་ཉེར་བསྒྲུབས་པས། །རྒྱལ་བསྟན་ཡོངས་ཀྱི་བདག་པོར་མངོན་བཞེངས་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་དང་། །བསྟན་པའི་མངའ་བདག་དགེ་ལེགས་དཔལ་བཟང་པོ། །གྲུབ་པ་མཆོག་བརྙེས་ལེགས་པ་རྒྱལ་མཚན་ཞབས། །ཟུང་འཇུག་མངོན་གྱུར་གསུམ་ལ་གསོལ་བ་འདེབས། །རིམ་གཉིས་མཐར་ཕྱིན་བློ་གྲོས་ཆོས་སྐྱོང་དང་། །གདམས་པའི་མཛོད་འཛིན་ཆོས་ཀྱི་རྒྱལ་མཚན་ཆེ། །སྤངས་རྟོགས་མཆོག་མངའ་བློ་གྲོས་བསྟན་པའི་ཞབས། །བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས། །རྡོ་རྗེ་སྐུ་བརྙེས་སྨོན་ལམ་དཔལ་བའི་ཞབས། །ཤེས་བྱ་ཀུན་གཟིགས་བློ་བཟང་ཉི་མ་དང་། །གནས་ལུག་མངོན་གྱུར་ཡེ་ཤེས་བཟང་པོའི་དཔལ། །རྒྱལ་བསྟན་ཉིན་བྱེད་གསུམ་ལ་གསོལ་བ་འདེབས། །ཆོས་མངོན་མཐར་ཕྱིན་འདར་སྟོན་བློ་བཟང་གྲགས། །འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས་མཚན། །འཇིག་རྟེན་མིག་གྱུར་ཆོས་ཀྱི་བཤེས་གཉེན་མཆོག ། མཁས་གྲུབ་ཆེན་པོ་གསུམ་ལ་གསོལ་བ་འདེབས། །ཡེ་ཤེས་དཔལ་མངའ་རིན་ཆེན་འོད་ཟེར་དང་། །གནས་ལྔ་རིག་པའི་པཎ་ཆེན་བསོད་ནམས་གྲགས། །རླུང་སེམས་དབང་བསྒྱུར་ཆོས་སྐྱོང་རྒྱ་མཚོའི་ཞབས། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རྡོ་རྗེ་བཟང་། །མདོ་རྒྱུད་མངའ་བདག་རྒྱལ་མཚན་བཟང་པོའི་དཔལ། །ངག་དབང་ཆོས་ཀྱི་གྲགས་པའི་མཚན་སྙན་འཛིན། །གདམས་པའི་གཏེར་མཛོད་X། །དོན་གཉིས་ལྷུན་གྲུབ་ཆོས་གྲགས་བཟང་པོ་དང་། །དགེ་ལེགས་བྱེ་བའི་དཔལ་ལྡན་མཛད་བཟང་ཅན། །གྲུབ་མཆོག་དགེ་འདུན་བསྟན་པ་དར་རྒྱས་ཞབས། །མཁས་པའི་དབང་ཕྱུག་X། །ལུང་རྟོགས་མཛོད་འཛིན་ཚེ་བསྟན་རྒྱ་མཚོ་དང་། །འགྲོ་མགོན་ཆེན་པོ་བྱམས་པ་རྒྱ་མཚོའི་མཚན། །མཁས་པའི་མཆོག་གྱུར་དཔལ་འབྱོར་རྒྱ་མཚོའི་ཞབས། །བསྟན་པའི་རྒྱལ་མཚན་X། །ཐེག་ཆེན་ལམ་སྟོན་དམ་ཆོས་དཔལ་འབར་བ། །ཆོས་ཚུལ་སྤེལ་མཁས་སངས་རྒྱས་རིན་ཆེན་དང་། །ལུང་རིག་གཏེར་མཛོད་དགེ་འདུན་རྒྱལ་མཚན་དཔལ། །སྨྲ་བའི་དབང་ཕྱུག་X། །ཐུབ་དགོངས་གསལ་མཛད་བཤེས་གཉེན་གྲགས་པ་དང་། །རྒྱལ་བའི་སྲས་མཆོག་བློ་གྲོས་རྒྱ་མཚོ་ཆེ། །བྱམས་བརྩེའི་མངའ་བདག་དམ་ཆོས་དཔལ་བ་སྟེ། །འདྲེན་མཆོག་དམ་པ་X། །ཟབ་མོའི་དོན་གཟིགས་ཚུལ་ཁྲིམས་ཆོས་འཕེལ་དང་། །མཁྱེན་བརྩེའི་དབང་ཕྱུག་གྲགས་པ་རྒྱ་མཚོའི་དཔལ། །ངག་ལ་དབང་བསྒྱུར་ཆོས་ཀྱི་རྒྱལ་མཚན་འཛིན། །མཚུངས་མེད་རིན་ཆེན་X། །དྲི་མེད་བློ་ལྡན་དཀོན་མཆོག་ཆོས་འཕེལ་དང་། །ཐུགས་རྗེ་ཕུལ་བྱུང་བསྟན་འཛིན་ལེགས་བཤད་མཚན། །བསླབ་གསུམ་རྣམ་དག་དགེ་འདུན་རིན་ཆེན་མཆོག ། ཐབས་མཁས་འདྲེན་པ་X། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་པའི་མཆོག ། རྡོ་རྗེ་འཛིན་པ་དཀོན་མཆོག་ཆོས་བཟང་དང་། །ཚོགས་གཉིས་དཔལ་ལྡན་བསྟན་པའི་རྒྱལ་མཚན་འཛིན། །ས་གསུམ་རྣམ་འདྲེན་X། །འདུལ་འཛིན་ཆེན་པོ་བློ་བཟང་རྒྱལ་མཚན་དང་། །རྣམ་དག་ཁྲིམས་ལྡན་བློ་བཟང་དོན་ཡོད་དཔལ། །ཆོས་བརྒྱད་སྐྱོན་བྲལ་བྱམས་པ་བཀྲ་ཤིས་ཞབས། །ཡོན་ཏན་མཛོད་འཛིན་X། །བྱང་སེམས་མངའ་བདག་བློ་གྲོས་རྒྱ་མཚོ་དང་། །མཁས་མཆོག་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་རྗེ། །འཕགས་ནོར་བདུན་ལྡན་སྦྱིན་པ་རྒྱ་མཚོའི་ཞབས། །ལམ་བཟང་གསལ་མཛད་X། །བསྟན་སྲུང་བྲན་འཁོལ་བློ་བཟང་ཆོས་འཕེལ་དང་། །སྙིང་སྟོབས་ཕུལ་བྱུང་དོན་འགྲུབ་རྒྱ་མཚོའི་དཔལ། །སྡེ་སྣོད་འཛིན་མཆོག་བློ་བཟང་དར་རྒྱས་ཞེས། །མཐུ་སྟོབས་བདག་ཉིད་X། །མཁས་གྲུབ་གཙུག་རྒྱན་དགེ་འདུན་ཕུན་ཚོགས་དང་། །བརྩོན་འགྲུས་མཆོག་མངའ་དཔལ་ལྡན་གྲགས་པའི་ཞབས། །རྫུའཕྲུལ་མངའ་བདག་ངག་དབང་ཆོས་འཕེལ་རྗེ། །དམ་པའི་ཁྱུ་མཆོག་X། །མི་འཇིགས་བཞི་ལྡན་རྒྱལ་མཚན་སེངྒེ་དང་། །གྲུབ་པའི་དབང་ཕྱུག་ངག་དབང་མཆོག་ལྡན་ཞབས། །བདེ་སྟོང་མཆོག་བརྙེས་ངག་དབང་ནམ་མཁའ་བཟང་། །ཐུབ་བསྟན་མཛེས་རྒྱན་X། །མདོ་རྒྱུད་ཀུན་གཟིགས་བློ་བཟང་དྲི་མེད་དང་། །ཐུགས་བསྐྱེད་ཕུལ་བྱུང་བསམ་གཏན་ཕུན་ཚོགས་ཞབས། །རྟོགས་པ་མཆོག་བརྙེས་ངག་དབང་ཆོས་གྲགས་ཞེས། །རྣལ་འབྱོར་དབང་ཕྱུག་X། །བསྡུ་དངོས་བཞི་ལྡན་ངག་དབང་ཆོས་གྲགས་དང་། །བརྩེ་བའི་གཏེར་གྱུར་བློ་བཟང་བསྟན་པ་མཆོག ། བསྟན་འགྲོའི་དཔལ་གྱུར་ངག་དབང་ཚུལ་ཁྲིམས་རྗེ། །ཐེག་མཆོག་བཤེས་གཉེན་X། །ལུང་རྟོགས་མཛོད་འཛིན་བློ་བཟང་སྨོན་ལམ་དང་། །བརྟུལ་ཞུགས་མཆོག་གྱུར་བློ་བཟང་མཁས་པའི་མཆོག ། སྒྱུ་ལུས་མངོན་མཛད་བློ་བཟང་བཀྲ་ཤིས་ཏེ། །ཕན་བདེའི་རྩ་ལག་X། །ལམ་བཟང་གསལ་མཛད་དགེ་འདུན་ཚུལ་ཁྲིམས་དང་། །འཇམ་མགོན་གཉིས་པ་ངག་དབང་སྙན་གྲགས་ཞབས། །སྨྲ་བའི་དབང་ཕྱུག་འཇམ་དབྱངས་སྨོན་ལམ་རྗེ། །བསྟན་པའི་གསལ་བྱེད་X། །མཁྱེན་རབ་མངའ་བདག་བློ་བཟང་དགེ་ལེགས་དང་། །ཟུང་འཇུག་མཆོག་བརྙེས་བྱང་ཆུབ་ཆོས་འཕེལ་ཞབས། །སྐུ་གསུམ་མངོན་གྱུར་ངག་དབང་ཆོས་འཕེལ་ཏེ། །བསྟན་འགྲོའི་གཙུག་རྒྱན་X། །རྟོགས་ལྡན་ཆེན་པོ་ཡེ་ཤེས་ཐར་འདོད་དང་། །མཉམ་རྗེས་གཅིག་གྱུར་འཇམ་དཔལ་ཚུལ་ཁྲིསས་དཔལ། །སྲིད་ཞིའི་རྣམ་འདྲེན་ཚུལ་ཁྲིམས་རྒྱ་མཚོ་ཆེ། །ཐར་འདོད་དེད་དཔོན་X། །མཁས་གྲུབ་ཆེན་པོ་བློ་བཟང་ལྷུན་གྲུབ་དང་། །ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མཛོད། །མཚུངས་མེད་བློ་བཟང་མཁྱེན་རབ་དཔལ་བཟང་པོ། །རྗེ་བཙུན་བླ་མ་X། །གསར་བསྒྲིགས། འདུལ་འཛིན་ཆེན་པོ་ཚུལ་ཁྲིམས་དར་རྒྱས་དང་། །གྲུབ་པ་མཆོག་བརྙེས་འཇམ་དབྱངས་དམ་ཆོས་རྗེ། །འགྲོ་བའི་མགོན་པོ་བློ་བཟང་སྦྱིན་པའི་ཞབས། །བསྟན་པ་གསལ་མཛད་གསུམ་ལ་X། །འཇམ་དཔལ་དབྱངས་དངོས་གྲགས་པ་དོན་གྲུབ་རྗེ། །མཁས་གྲུབ་ཆེན་པོ་ངག་དབང་ནོར་བུ་དང་། །ཟུང་འཇུག་མཛོད་འཛིན་ཡེ་ཤེས་ཆོས་འཕེལ་ཞབས། །བསྟན་པའི་སྒྲོན་མེ་གསུམ་ལ་X། །མཁས་ཤིང་གྲུབ་བརྙེས་བྱང་ཆུབ་ནམ་མཁའ་བཟང་། །གྲུབ་པའི་དབང་ཕྱུག་བློ་བཟང་ཚུལ་ཁྲིམས་དང་། །བློ་བཟང་ཚུལ་ཁྲིམས་དཔལ་ལྡན་སྐྱེ་དགུའི་གཉེན། །བསྟན་པའི་གཙུག་རྒྱན་གསུམ་ལ་X། །འབྱུང་འགྱུར་རྣམས་འདིར་འཇུག ། དེ་ལྟར་འཇམ་མགོན་རྒྱལ་བ་གཉིས་པ་ཡི། །མི་འཇིགས་གསེར་གྱི་ཁྲི་ལ་རབ་གཤེགས་ནས། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་སྲིད་མཐའི་བར། །བསྒྲེང་མཛད་བཀའ་དྲིན་ཟླ་མེད་མཆོག་རྣམས་ལ། །རྩེ་གཅིག་གུས་པས་གསོལ་བ་བཏབ་པའི་མཐུས། །བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །སྐྱེ་ཀུན་དལ་བརྒྱད་འབྱོར་བཅུ་ཚང་བ་ཡི། །རྟེན་བཟང་རྣམ་པར་དག་པ་རིམ་བརྒྱུད་ངོས། །ཚེ་རབས་ཀུན་ཏུ་འཇམ་མགོན་ཡབ་སྲས་ཀྱིས། །འབྲལ་མེད་མཉེས་ཤིང་རྗེས་སུ་འཛིན་པ་དང་། །བཀའ་དྲིན་གསུམ་ལྡན་ཐེག་མཆོག་བཤེས་མཛད་པར། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟན་པར་ཤོག ། དེའི་མཐུས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །ཟབ་རྒྱས་གདམས་ངག་བདུད་རྩིས་རྒྱུད་གཏམས་ནས། །མདོ་རྒྱུད་ཀུན་གྱི་དོན་ལ་ངེས་བརྙེས་ཏེ། །ཚུལ་བཞིན་སྒྲུབ་ལ་ནམ་ཡང་གཡེལ་མེད་ཤོག ། གང་དེར་ཕྱི་ནང་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་མ་ལུས་ལྷུན་གྲུབ་ནས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་སོགས། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ཏེ། །རྣམ་དག་དབང་ཐོབ་དམ་ཚིག་སྡོམ་པ་ཀུན། །བསྲུངས་ནས་ཕྲ་རགས་ལྷ་ཡི་རྣལ་འབྱོར་དང་། །དབེན་གསུམ་སྒྱུ་ལུས་འོད་གསལ་ཟུང་འཇུག་རྣམས། །མངོན་དུ་གྱུར་ནས་ས་ལམ་མཐར་ཕྱིར་ཤོག ། སྲིད་མཐའི་བར་དུ་འཇམ་མགོན་བླ་མ་ཡི། །ལུང་རྟོགས་བསྟན་པ་བཤད་དང་སྒྲུབ་པའི་མཐུས། །འགྲོ་བ་ཀུན་ཀྱང་ལུགས་བཟང་འདི་ཉིད་ཀྱིས། །སྒྲོལ་བའི་འདྲེན་པརཆེན་པོ་བདག་གྱུར་ཅིག །ཅེས་པ་འདི་ནི་རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་བདག་ད་ཆེན་པོ་དུས་གསུམ་གྱི་འདྲེན་པ་ཀུན་ལས་ཐུགས་རྗེ་དང་བཀའ་དྲིན་ཕུལ་དུ་གྱུར་པའི་རྒྱལ་བ་གཉིས་པ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་བཀོད་ནས་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོར་བཞེངས་པ་རིམ་བྱོན་གྱི་གསོལ་འདེབས་འདི་ལྟ་བུ་དགོས་ཞེས་ལུང་རིག་སྨྲ་བའི་ཁྱུ་མཆོག་སྡེ་སྣོད་འཛིན་པ་ཆེན་པོ་དགའ་ལྡན་ཤར་རྩེ་མཁན་ཟུར་བློ་བཟང་འབྱུང་གནས་ནས་བསྐུལ་མ་མཛད་པའི་རོར། །ར་སྒྲེང་ཧོ་ཐོག་ཐུར་འབོད་པ་ཤཱཀྱའི་དགེ་སློང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་དདང་བ་ཆེན་པོས་སྦྱར་བའོ། །། །
རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།