༄༅།།དྲང་ངེས་ལེགས་བཤད་སྙིང་བོའི་ས་བཅད་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-03-20 16:08:21     རྩོམ་པ་པོ།   བསོད་ནམས་དང་འཇིགས་མེད།    ཀློག་ཐེངས།  

                                                               ༄༅།།དྲང་ངེས་ལེགས་བཤད་སྙིང་བོའི་ས་བཅད་བཞུགས་སོ།།

༄༅།།ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།          ཞེས་པ་ནས་དོན་གྱི་དབང་འདི་གཟིགས་ནས།དགེ་སློང་དག་གམ་མཁས་རྣམས་ཀྱིས།།བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟགས་ལ་ང་ཡི་བཀའ།།བླང་བར་བྱ་ཡི་གུས་ཕྱིར་མིན།།ཞེས་གསུངས་སོ།།                 དེ་ལྟར་ན་དྲང་ངེས་འབྱེད་པ་ལ་གཉིས།      མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས་དང་།      བློ་གྲོས་མི་ཟད་པའི་བསྟན་པ་ལ་བརྟེན་པའི་ཕྱོགས་སོ།།    དང་བོ་༼     མདོ་སྡེ་དགོངས་འགྲེལ་ལ་བརྟེན་པའི་ཕྱོགས   ༽  ལ་གཉིས།     མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ་དང།དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་ལོ།།    ༽དང་བོ  ༼མདོ་སྡེ་ནས་ཇི་ལྟར་གསུངས་པ་དགོད་པ་༽ལ་བཞི།མདོ་སྡེ་ལ་འགལ་སྤོང་གི་དྲི་བ་དང་།འགལ་བ་དེ་སྤོང་བའི་ལན།ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་བཟུང་བ།དེ་དག་གིས་གྲུབ་པའི་དོན་ཞུས་པའོ།།དང་བོ་༼མདོ་སྡེ་ལ་འགལ་སྤོང་གི་དྲི་བ༽ལ་ནང་སེས་ས་བཅད་མེད།གཉིས་པ་༼འགལ་བ་དེ་སྤོང་བའི་ལན༽ལ་གཉིས།ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་བཤད་པ་དང་།གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པའོ།།དང་བོ་༼ངོ་བོ་ཉིད་མེད་ཚུལ་གང་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་བཤད་པ༽ལ་གསུམ།མདོར་བསྟན་པ།རྒྱས་པར་བཤད་བ།དེ་དག་གི་དཔེ་བསྟན་པའོ།།འདི་གསུམ་ལ་ནང་སེས་ས་བཅད་མེད།

གཉིས་པ་༼གང་ལ་དགོངས་ནས་མ་སྐྱེས་པ་སོགས་སུ་གསུངས་པ་བཤད་པ་༽ལ་ནང་སེས་ས་བཅད་མེད།

གསུམ་པ་༼ངོ་བོ་ཉིད་གསུམ་གྱི་ངོ་བོ་ངོས་བཟུང་བ་༽ལ་ནང་སེས་ས་བཅད་མེད།༽བཞི་བ་༼དེ་དག་གིས་གྲུབ་པའི་དོན་ཞུས་པ་༽ལ་གཉིས།མདོ་དགོད་པ་དང་།དེའི་དོན་ཅུང་ཟད་བཤད་པའོ།།དང་བོ་༼མདོ་དགོད་པ་༽ལ་ནང་སེས་ས་བཅད་མེད།གཉིས་༼དེའི་དོན་ཅུང་ཟད་བཤད་པ་༽ལ་གཉིས།མདོའི་ཚིག་དོན་ཅུང་ཟད་བཤད་པ་དང་།དྲང་ངེས་ཀྱི་ཚུལ་ཅུང་ཟད་བཤད་པའོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།

གཉིས་པ་༼དེའི་དོན་ཇི་ལྟར་བཀྲལ་བའི་ཚུལ་༽ལ་གཉིས།སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་དང་།དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ཚུལ་ལོ།།དང་བོ་༼སློབ་དཔོན་ཐོགས་མེད་ཀྱིས་གཙོ་བོར་དགོངས་འགྲེལ་ལ་བརྟེན་ཚུལ་༽ལ་ནང་སེས་ས་བཅད་མེད།གཉིས་པ་༼དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་པའི་ཚུལ་༽ལ་གསུམ།མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པ་དང་།སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པ།དེས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ་ལོ།།དང་བོ་༼མཐའ་གཉིས་སྤོང་ཚུལ་སྤྱིར་བསྟན་པ༽ལ་གསུམ།བྱང་ས་ནས་བཤད་པའི་ཚུལ་དང་།བསྡུ་བ་ནས་བཤད་པའི་ཚུལ།དེ་དག་ལས་བཞན་པའི་གཞུང་ནས་བཤད་ཚུལ་ལོ།།དང་བོ་༼བྱང་ས་ནས་བཤད་པའི་ཚུལ་༽ལ་གཉིས།སྒྲོ་སྐུར་དུ་ལྟ་བའི་ཚུལ་དང་།དེ་གཉིས་འགོགས་པའི་ཚུལ་ལོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།

གཉིས་པ་༼བསྡུ་བ་ནས་བཤད་པ་༽ལ་གཉིས།ཕྱོགས་སྔ་མ་དགོད་ཅིང་དེའི་དོན་ལ་དྲིས་ལན་བྱ་བ་དང་།ལན་བཏབ་པའི་ཕྱོགས་དགག་པའོ།།དང་བོ་༼ཕྱོགས་སྔ་མ་དགོད་ཅིང་དེའི་དོན་ལ་དྲིས་ལན་བྱ་བ་༽ནང་སེས་ས་བཅད་མེད།གཉིས་པ་༼ལན་བཏབ་པའི་ཕྱོགས་དགག་པ་༽ལ་གཉིས།གཞན་གྱི་གྲུབ་མཐའ་ལ་འགལ་བ་བསྟན་པ་དང་།རང་གི་གྲུབ་མཐའ་ལ་འགལ་བ་སྤང་བའོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།གསུམ་པ་༼དེ་དག་ལས་བཞན་པའི་གཞུང་ནས་བཤད་ཚུལ་༽ལ་གཉིས།མདོ་སྡེ་རྒྱན་ལས་བཤད་པའི་ཚུལ་དང་།དབུས་མཐའ་ལས་བཤད་པའི་ཚུལ་ལོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།

གཉིས་པ༼སྒྲོ་འདོགས་ཀྱི་མཐའ་བྱེ་བྲག་ཏུ་དགག་པ་༽ལ་གཉིས།དགག་བྱ་སྒྲོ་འདོགས་ངོས་བཟུང་བ་དང་།དེ་ཇི་ལྟར་འགོག་པའི་ཚུལ་ལོ།།དང་བོ་༼དགག་བྱ་སྒྲོ་འདོགས་ངོས་བཟུང་བ་༽ལ་ནང་སེས་ས་བཅད་མེད།

གཉིས་པ༼དེ་ཇི་ལྟར་འགོག་པའི་ཚུལ་༽ལ་གཉིས།དགག་པ་དངོས་དང་།དེ་ལ་རྩོད་པ་སྤང་བའོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།

གསུམ་པ་༼དེས་གསུང་རབ་ཀྱི་དྲང་ངེས་འབྱེད་པའི་ཚུལ་༽ལ་ནང་སེས་ས་བཅད་མེད།༼སེམས་ཙམ་པའི་དྲང་ངེས་བཤད་པའི་སྐབས་ཀྱི་ས་བཅད་རྫོགས་སོ།      །༽

གཉིས་པ་༼བློ་གྲོས་མི་ཟད་པའི་བསྟན་པ་ལ་བརྟེན་ནས་དྲང་ངེས་འབྱེད་པའི་ཕྱོགས་༽ལ་གཉིས།མདོ་ནས་ཇི་ལྟར་གསུངས་པ་དགོད་པ་དང་།དེའི་དོན་ཇི་ལྟར་བཀྲལ་བའོ།།དང་བོ་༼མདོ་ནས་ཇི་ལྟར་གསུངས་པ་དགོད་པ་༽ལ་ནང་སེས་ས་བཅད་མེད།གཉིས་པ་༼དེའི་དོན་ཇི་ལྟར་བཀྲལ་བ་༽ལ་གཉིས།མགོན་པོ་ཀླུ་སྒྲུབ་ཀྱིས་མདོའི་དོན་ཇི་ལྟར་བཀྲལ་བ་དང་།དེའི་རྗེས་སུ་འབྲང་བ་རྣམས་ཀྱི་ཇི་ལྟར་བཀྲལ་བའི་ཚུལ་ལོ།།དང་བོ་༼མགོན་པོ་ཀླུ་སྒྲུབ་ཀྱིས་མདོའི་དོན་ཇི་ལྟར་བཀྲལ་བ་༽ལ་གཉིས།

རྟེན་འབྱུང་གི་དོན་རང་བཞིན་མེད་པའི་དོན་དུ་བཀྲལ་ཚུལ་དང་།དེ་ཉིད་གསུང་རབ་ཀྱི་དོན་གྱི་སྙིང་བོར་བསྔགས་པའི་ཚུལ་ལོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།གཉིས་པ་༼དེའི་རྗེས་སུ་འབྲང་བ་རྣམས་ཀྱི་ཇི་ལྟར་བཀྲལ་བའི་ཚུལ་༽ལ་གཉིས།དབུ་མ་རང་རྒྱུད་པས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བ་དང་།དབུ་མ་ཐལ་འགྱུར་བས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བའོ།།དང་བོ་༼དབུ་མ་རང་རྒྱུད་པས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བ་༽ལ་གཉིས།སློབ་དཔོན་ལེགས་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་དང་།ཞི་བ་འཚོ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བའོ།།དང་བོ་༼སློབ་དཔོན་ལེགས་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་༽ལ་གསུམ།དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང་།ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་ཇི་ལྟར་བཤད་པ།དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པའོ།།འདི་གསུམ་ལ་ནང་སེས་ས་བཅད་མེད།

གཉིས་པ་༼ཞི་བ་འཚོ་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བ་༽ལ་བཞི།དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང་།ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་ཇི་ལྟར་བཤད་པ།མདོ་སྡེ་དགོངས་འགྲེལ་གྱི་དོན་ཇི་ལྟར་བཤད་པ།དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པའོ།།

དང་བོ་གསུམ་༼དོན་དམ་པར་གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང་།ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་མེད་ཇི་ལྟར་བཤད་པ།མདོ་སྡེ་དགོངས་འགྲེལ་གྱི་དོན་ཇི་ལྟར་བཤད་པ་༽ལ་ནང་སེས་ས་བཅད་མེད།བཞི་བ་༼དོན་དམ་པར་ཡོད་པ་འགོག་པའི་རིགས་པའི་གཙོ་བོ་གང་ལ་བྱེད་བསྟན་པ་༽ལ་གཉིས།རིགས་པའི་དགག་བྱ་ངོས་བཟུང་བ་དང་།དེ་ཇི་ལྟར་འགོག་པའོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།གཉིས་པ་༼དབུ་མ་ཐལ་འགྱུར་བས་འཕགས་པའི་དགོངས་པ་ཇི་ལྟར་བཀྲལ་བ༽ལ་གཉིས།གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ་དང་།དོན་དམ་དུ་གྲུབ་པ་འགོག་པའི་རིགས་པའི་གཙོ་བོ་གང་ཡིན་བསྟན་པའོ།།དང་བོ་༼གང་ཟག་དང་ཆོས་ལ་རང་བཞིན་ཡོད་མེད་ཇི་ལྟར་བཤད་པ༽ལ་གསུམ།གང་ཟག་དང་ཆོས་ལ་རང་བཞིན་འགོག་པའི་ཁྱད་པར་བཤད་པ་དང་།དེ་ལ་བརྟེན་ནས་འཕགས་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་བསྟན་པ།ཚུལ་དེ་ལ་མདོ་སྡེ་རྣམས་དང་འགལ་བ་སྤང་བའོ།།དང་བོ་༼གང་ཟག་དང་ཆོས་ལ་རང་བཞིན་འགོག་པའི་ཁྱད་པར་བཤད་པ་༽ལ་གཉིས།རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་འགོག་པ་ཁྱད་པར་ཡིན་པར་བསྟན་པ་དང་།དགག་བྱ་དེ་ངོས་བཟུང་ནས་ཇི་ལྟར་མེད་པར་བསྟན་པའོ།།དང་བོ་༼རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་འགོག་པ་ཁྱད་པར་ཡིན་པར་བསྟན་པ་༽ལ་ནང་སེས་ས་བཅད་མེད།གཉིས་པ་༼དགག་བྱ་དེ་ངོས་བཟུང་ནས་ཇི་ལྟར་མེད་པར་བསྟན་པ་༽ལ་གཉིས།ཀུན་བཏགས་དང་ལྷན་སྐྱེས་ཀྱི་སྒྲོ་འདོགས་ཀྱིས་བཟུང་ཚུལ་བསྟན་ནས་དེ་མེད་པར་བསྟན་པ་དང་།ཉན་ཐོས་ཀྱི་སྡེ་སྣོད་ལ་བརྟེན་ནས་ཀྱང་བདག་མེད་གཉིས་གསུངས་པའི་དོན་བཤད་པའོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།གཉིས་པ་༼དེ་ལ་བརྟེན་ནས་འཕགས་པའི་དགོངས་པ་འགྲེལ་ཚུལ་ཐུན་མོང་མ་ཡིན་པ་བསྟན་པ་༽ལ་གསུམ།བདག་མེད་རྟོགས་པ་དང་བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་།ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར།རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་བཤད་པའོ།།དང་བོ་གཉིས་༼བདག་མེད་རྟོགས་པ་དང་བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་།ཕྱི་དོན་འཇོག་ཅིང་ཀུན་གཞི་དང་རང་རིག་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར།༽ལ་ནང་སེས་ས་བཅད་མེད།གསུམ་པ་༼རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མིན་པའི་ཁྱད་པར་བཤད་པ་༽ལ་གཉིས།རང་རྒྱུད་བཀག་པའི་བྱུང་ཚུལ་དང་དེའི་དོན་ཇི་ལྟར་བཤད་པའི་གཞན་ལུགས་དང་།རང་ལུགས་ཀྱི་བསྒྲུབ་བྱ་སྒྲུབ་པའི་རྟགས་ཡོད་པ་དང་རང་རྒྱུད་ཀྱི་རྟགས་མེད་ཚུལ་ལོ།།དང་བོ་༼རང་རྒྱུད་བཀག་པའི་བྱུང་ཚུལ་དང་དེའི་དོན་ཇི་ལྟར་བཤད་པའི་གཞན་ལུགས།༽ལ་ནང་སེས་ས་བཅད་མེད།གཉིས་པ་༼རང་ལུགས་ཀྱི་བསྒྲུབ་བྱ་སྒྲུབ་པའི་རྟགས་ཡོད་པ་དང་རང་རྒྱུད་ཀྱི་རྟགས་མེད་ཚུལ་༽་ལ་གཉིས།རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ཡོད་ཚུལ་དང་།རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པའི་ཚུལ་ལོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།གསུམ་པ་༼ཚུལ་དེ་ལ་མདོ་སྡེ་རྣམས་དང་འགལ་བ་སྤང་བ་༽ལ་གཉིས།དགོངས་འགྲེལ་དང་འགལ་བ་སྤོང་བ་དང་།དེ་དང་བྱམས་ཞུས་ཀྱི་ལེའུ་གཉིས་མི་མཚུངས་པར་བསྟན་པའོ།།འདི་གཉིས་ལ་ནང་སེས་ས་བཅད་མེད།གཉིས་པ་༼དོན་དམ་དུ་གྲུབ་པ་འགོག་པའི་རིགས་པའི་གཙོ་བོ་གང་ཡིན་བསྟན་པ་༽ལ་གསུམ།རིགས་པའི་གཙོ་བོ་ངོས་གཟུང་བ་དང་།དེས་རང་མཚན་འགོག་ཚུལ།བཀག་པའི་རང་བཞིན་མེད་པར་བསྒྲུབ་བྱ་ཡིན་མིན་བསམ་པའོ།།འདི་གསུམ་ལ་ནང་སེས་ས་བཅད་མེད།དབུ་མ་བའི་དྲང་ངེས་བཤད་པའི་སྐབས་ཀྱི་ས་བཅད་མཇུག་རྫོགས་སོ།།   

བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།།བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང་།།ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི།།བསྟན་པའི་སྙིང་བོ་རིང་དུ་གསལ་བྱེད་ཤོག།  སྤྱི་ལོ་༢༠༢༠ལོའི་སྤྱི་ཟླ་༠༣ཚེས་༡༤ཉིན་མདའ་བཞིའི་བསོད་ནམས་རྒྱ་མཚོ་དང་འཇིགས་མེད་རྒྱ་མཚོ་གཉིས་ཀྱིས་བསྒྲིགས།

                                                                                                           རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།