ཆེད་བསྒྲིགས། ཞྭ་སེར་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 20:36:12     རྩོམ་པ་པོ།   ཆང་སིལ།    ཀློག་ཐེངས།  

IMG_5310.JPG

 

དབུས་གཙང་ཆོས་ཀྱི་མེ་རོ་སླར་ཡང་གསོས། །

མདོ་སྔགས་ཀུན་ལ་བྱང་ཆུབ་བསྟན་མཁས་པ། །

གདུལ་བྱའི་འབྱུང་ཁམས་བསྟུན་ཏེ་བྱང་གྲོལ་ལམ། །

འདྲེན་མཛད་འཇམ་མགོན་བླ་མར་སྤྱི་བོས་མཆོད། །

 

བདེན་འཛིན་སྨག་ཆེན་དངོས་གཉེན་རི་བོང་འཛིན། །

འཁོར་རྩ་དྲུངས་ནས་འཇོམས་པའི་ཤཱཀྱ་ཐུབ་སྲས། །

གཞན་དོན་ལྷུར་བླངས་རྒྱལ་མཆོག་གཉིས་པ་ལ། །

སྒོ་གསུམ་དང་བ་ཆེན་པོས་ཕྱག་འཚལ་བཅས། །

 

ཐུབ་བསྟན་ལྷ་ལམ་འཆར་བའི་པདྨའི་གཉེན། །

འོད་ཟེར་ནོར་འཛིན་དཀྲིས་པའི་ཡིད་བཞིན་ནོར། །

གཏན་གྱིས་སྐྱབས་གནས་ཕ་རྒོད་ཙོང་ཁ་བ། །

དབྱེར་མེད་གུས་པས་འདུད་དོ་བརྩེས་བས་སྐྱོངས། །

 

འཆད་པའི་ཆུ་འཛིན་དབྱིངས་སུ་ཀེམ་ཀེམ་འགུལ། །

རྩོད་པའི་བདེ་འཐུང་གསུང་གི་གསེབ་ཏུ་འཁྱུག །

རྩོམ་པའི་གྲུ་ཆར་ཐུགས་ཀྱི་ཀློང་ལ་འདྲེས། །

སྐུ་ཡི་གཞུ་རིས་ལྷམ་མེ་ལྷན་ནེ་འཆར། །

 

རི་བོའི་མེ་ཏོག་ལྷ་སྐལ་བློ་བཟང་གྲགས། །

ཁྱེད་ཀྱིས་མཛད་རྣམས་རྟོགས་བརྗོད་འདུན་མ་ལེགས། །

ཐུན་མོང་སྣང་ཚུལ་དགུང་གྲངས་རེ་གསུམ་ཉིན། །

དགོངས་པ་ཆོས་དབྱིངས་ཐིམ་པའི་ཚུལ་འདི་སྐྱོ། །

 

ཟབ་མོའི་གདམས་ངག་ཤུལ་བཞག་གླེགས་བམ་ཚོ། །

མ་ནོར་ཐར་ཆགས་བཀླགས་ཏེ་རྒྱུད་སྨིན་ན། །

དངོས་སུ་མཇལ་ཡང་འདི་ལས་ལྷག་ཅིག་མེད། །

དེ་ཡིས་འཐུས་པར་གསུངས་པ་ཡང་ཡང་དྲན། །

 

དགེ་ལུགས་ཤིང་རྟའི་སྲོལ་གཏོད་ཞྭ་སེར་བ། །

གཞུང་རྒྱ་ཀུན་གྱི་སྙིང་བསྡུས་ལམ་རིམ་གྱི། །

སྤྱི་འགྲོས་སྐྱེས་རིམ་རྫོགས་རིམ་འོལ་སྤྱི་ཙམ། །

ངེས་པ་རྙེད་ཚེ་མགོན་ཁྱེད་ལྷག་ཏུ་དྲན། །

 

མི་ཚེ་གཞུང་ལུགས་ཀློང་ནས་ཇི་ཙམ་ཞིག །

གནས་པ་དེ་སྲིད་རང་ནུས་བརྟ་བར་སྨོན། །

 

ཞེན་ཆགས་ཕ་མ་སེམས་ཆགས་རྒྱུ་མེད་སྟབས། །

དབེན་པའི་ཡུལ་ཁམས་ཤིག་ནས་འཆི་བར་ཤོག །

ཞེན་ཆགས་ཕ་མ་སེམས་ཆགས་རྒྱུ་མེད་སྟབས། །

ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་ནུས་ཤོག །

 

བོད་ཟླ/༡༠/༢༥/ཉིན།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།