འཇམ་དབྱངས་སྨྲ་སེང་ལ་བསྟོད་པ་ཚིགས་སུ་བཅད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-12 17:15:41     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

   450975548380563560.jpg

         སྭསྟི། དང་བའི་མཚོ་སྔོན་སྟེང་ན་རབ་དམར་བའི། །འདབ་བརྒྱའི་པད་སྡོང་ཅུང་ཟད་ལྡེམ་པ་བཞིན། །སེང་སྔོན་སྟེང་ན་གོས་ལྗང་ལྷབ་ལྷུབ་ཅན། །སྨྲ་བའི་སེང་གེས་རྟག་ཏུ་བདག་སྐྱོངས་ཤིག །ཕྲག་པའི་ངོས་གཉིས་དག་ཏུ་རབ་རྒྱས་པའི། །ཨུཏྤལ་ལྟེ་བར་རལ་གྲི་གླེགས་བམ་ནི། །གཡས་གཡོན་ཕྱག་གི་ཆོས་འཁོར་ཕྱག་རྒྱ་ཡིས། །ཐུགས་ཀར་བཟུང་བ་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་སྨྲ་སེང་ལ་བསྟོད་པ་ཆིགས་སུ་བཅད་པ་གཉིས་པའང་བློ་བཟང་གྲགས་པས་སྨྲས་སོ། །


                                                  རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
        གསལ་འདེབས།།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།