ཤོ་བ་དགོན་པའི་ཨ་མྱེས་རྨ་ཆེན་སྦོམ་ར།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-18 07:44:03     རྩོམ་པ་པོ།   ཤོ་བ་དགོན་པ།    ཀློག་ཐེངས།  

ཨ་མྱེས་རྨ་ཆེན་ནི་ཤོ་བ་དགོན་པའི་བསྟེན་པའི་ལྷ་གཙོ་བོ་ཞིག་ཡིན་ལ། རྟ་དཀར་ལ་བཅིབས་པའི་དམག་དཔོན་གྱི་ཆ་ལུགས་ཅན་ཡིན་པས་ས་དེའི་རྒྱ་མི་རྣམས་ཀྱིས་ཨ་མྱེས་རྟ་དཀར་དུ་འབོད། སྐུ་ལ་དར་དཀར་གྱི་བེར་གསོལ་ཞིང་རྟ་དཀར་པོ་ལ་བཅིབས་པ། ཕྱག་ཏུ་མདུང་དང་མདའ་གཞུ་བསྣམས་པ། ལྷ་འདི་ཤིན་ཏུ་གཉན་ཞིང་ཁྱད་པར་དུ་སྔར་ཇག་རྐུན་དང་འཐབ་སྐབས་མང་ཚོགས་དང་ལྷན་དུ་ཇག་རྐུན་བསྐྲད་པའི་བཤད་སྲོལ་ཡོད་དེ། གཅིག་ནི་ལོ་གྲངས་བདུན་ཅུ་ལ་སོན་པའི་རྒན་རྒོན་དག་གིས་བཤད་པ་ལྟར་ན། མེན་གོ་ཁྲི་ལོ་བཅོ་བརྒྱད་པར་ཧོར་དམག་གིས་རྒོལ་ངན་བསླངས་སྐབས། ཨ་མྱེས་རྨ་ཆེན་གྱིས་ལྷ་དམག་ཁྲིད་དེ་ཇག་དམག་ཐམས་ཅད་ཁ་འཐོར་དུ་བཏང་ཞིང་། བོད་ཁུལ་གྱི་མིའི་ཚེ་སྲོག་དང་རྒྱུ་ནོར་ལ་བདེ་འཇགས་བྱུང་། གཉིས་ནི་གོང་དཀར་སྡེ་བའི་ཨ་ཁུ་ཤེས་རབ་ཀྱིས་འདུ་ཁང་དཀོར་གཉེར་བྱས་ཏེ་འདུ་ཁང་སྒོ་ཁང་དུ་གཉིད་ཡོད་སྐབས། ཨ་མྱེས་རྨ་ཆེན་དངོས་སུ་བྱུང་སྟེ་འགྲམ་ལྕག་གཅིག་བཞུས་ཏེ་ཇག་དམག་ཡོང་བར་དོགས་ཟོན་བྱེད་དགོས་པར་བསྐུལ་ཏེ་གཉིད་ལས་སད། གསུམ་ནི་ལོ་རེའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཨ་མྱེས་རྨ་ཆེན་གྱི་འཁྲུངས་སྐར་ཡིན་པས་ན་བཟའ་བརྗེ་དགོས་པ་དང་། ཇག་དམག་ཡོང་བའི་ལོ་དེར་ན་བཟའ་དང་ལྷམ་རྣམས་ཟད་ནས་ཡོད་པ་དེས་ཁོང་གིས་ཇག་དམག་དེད་ནས་མ་ཁོམ་པའི་རྟགས་སུ་གླེང་ངོ་། །

ཅོ་ནེ་ཤོ་བ་མཁས་གྲུབ་གླིང་ངོ་སྤྲོད་ལས་བཤུས།

རྩོམ་ཡིག་འདི་གཏག་སྟེ་གནང་མཁན་བན་ཤུལ་འབྲུག་རྩེ་རྒྱལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།