བོད་ཀྱི་རང་བྱོན་གྱི་དཀར་ཆག་གསར་བསྒྲིགས།
བོད་ཀྱི་རང་བྱོན་གྱི་དཀར་ཆག་གསར་བསྒྲིགས།
འདིར་འདུས་མེད་པའི་རབ་བྱུང་དག་དགེ་ལུགས་དྲ་བའི་སྐད་འཕྲིན་དང་ཡིག་སྒམ་ལ་E_mail:tb1025@qq.comབསྐུར་རོགས།
ཀ
ཀོང་སྨད་རྒྱ་ལའི་ཆོས་རྒྱལ་རང་བྱོན།
ཀ་ཐོག་མགོན་པོ་རང་བྱོན།
རྐྱང་ཚའི་ཆབ་ཚན་ན་རྟ་མགྲིན་རང་བྱོན་ཡོད་ལགས།
ཁ
ཁརྶ་པ་ཎི་རང་བྱོན། ཞ་ལུ་དགོན་གྱི་ཇོ་བོ་ལྷ་ཁང་དུ་བཞུགས།
ཁྲི་ཀའི་ལྷ་དཀར་བོ་བྱམས་པ་རང་བྱོན།
ཁང་ཐོག་ཆོས་རྒྱལ་རང་བྱོན། ཅོ་ནེ་ཁང་ཐོག་སྟོད་མ་ ཀན་ལྷོ་ཤོ་བའི་ཉེ་འདབས་ན་བཞུགས།
ག
གུ་རུའི་རང་བྱོན། ཙ་རིའི་གཡུ་མཚོའི་བྱང་ན་བཞུགས། བོད་རང་སྐྱོང་ལྗོངས་ཀློ་ཡུལ།
སྒོ་མང་མགོན་པོ་རང་བྱོན་
དགའ་ལྡན་ཆོས་རྒྱལ་རང་བྱོན། དགའ་ལྡན་དགོན་པའི་རྒྱབ་རིར་བཞུགས།
རྒན་གྱ་བྲག་དཀར་བདེ་མཆོག་རང་བྱོན། ཀན་ལྷོ་རྒན་གྱ་བྲག་དཀར།
མགོན་པོ་རང་བྱོན། ཀིརྟིའི་མ་དགོན་དང་པོ་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་ན་བཞུགས།
རྒྱལ་བ་རིགས་ལྔ་རང་བྱོན ཞ་ལུ་དགོན་གྱི་གཞལ་ཡས་ཁང་བྱང་མ་རུ་བཞུགས། །
སྒྱིས་ཚང་ཡུལ་ཚོ་སྒྱིས་ཚང་ས་ཆར་བཞུགས་པའི་ལན་དན་བྲག་གི་ཨ་ཡིག་རི་བྱོན།
སྒྲོལ་དཀར་རང་བྱོན།༼ རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་།༽
སྒྲོལ་མ་རང་བྱོན་དང་། བྲག་ཡེར་པ་རུ་བཞུགས།
སྒྲོལ་མ་རང་བྱོན། སྟག་ཚང་ལྷ་མོ་ཀིརྟི་དགོན་ན་བཞུགས།
སྒྲོལ་མ་རྡོ་བརྐོས་རང་བྱོན།རོང་བོ་དགོན་པར་བཞུགས།
སྒྲོལ་མ་ལའི་སྨན་བླ་རང་བྱོད། ཙ་རི་སྒྲོལ་མ་ལར་བཞུགས། བོད་རང་སྐྱོང་ལྗོངས་ཀློ་ཡུལ།
སྒྲོལ་ལུང་སྒྲོལ་མ་རང་བྱོན། མཚོ་སྔོན་པོའི་སྒྲོལ་ལུང་དུ་བཞུགས།
མགོན་པོ་ཞབས་རྗེས་རང་བྱོན། མཚོ་སྔོན་པོ་ན་གནས།
ང
ཅ
ཆ
ཆོས་རྒྱལ་རང་བྱོན། བཀྲ་ཤིས་སྒང་གི་བཙུན་དགོན་ཞིག་ཏུ་བཞུགས།
ཆོས་རྒྱལ་རང་བྱོན། ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ཝམ་པ་ཡུལ་ཚོའི་ཁོངས་སུ་ཡོད།
ཆོས་རྒྱལ་རང་བྱོན། ཀིརྟིའི་མ་དགོན་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིིང་།
ཇ
རྗེ་རྔོག་འབྲོམ་གསུམ་གྱི་གསོལ་ཐབ་རང་བྱོན། བྲག་ཡེར་པའི་རྟེན་འབྲེལ་ཕུག་ཏུ་
ཇོ་བོ་ར་མ་རྒྱལ་མོ་རང་བྱོན། ༼ ར་ས་འཕྲུལ་སྣང་གཙུག་ལག་ཁང་།༽
རྗེ་བཙུན་མི་ལ་རང་བྱོན། མདོ་སྨད་བྲག་དཀར་སྤྲེལ་རྫོང་དུ་བཞུགས།
འཇིགས་བྱེད་རྩ་ཞལ་རང་བྱོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁྲོ་ཁོའི་སྨད་མའི་ཡུལ་ཚོ་ཞལ་ཤུལ་དགོན་པ་ན་བཞུགས། ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོའི་སྐུ་གདོང་ངོར་རང་བྱོན་དུ་བབས།
ཉ
ཏ
ཏན་ཏིག་གི་འཇིགས་བྱེད་རང་བྱོན། ཏན་ཏིག་དགོན་པའི་ར་ཛ་ཕུག་ཏུ་བཞུགས།
ཏན་ཏིག་གི་རི་དྭགས་རང་བྱོན། ཏན་ཏིག་ན་བཞུགས།
ཏན་ཏིག་གི་དུང་དཀར་རང་བྱོན། ཏན་ཏིག་ན་བཞུགས།
ཏན་ཏིག་གི་བྱམས་པ་རང་བྱོན། ཏན་ཏིག་ན་བཞུགས།
ཏན་ཏིག་གི་རྐང་དུང་རང་བྱོན། ཏན་ཏིག་ན་བཞུགས།
ཏན་ཏིག་གི་དུང་ཆེན་རང་བྱོན། ཏན་ཏིག་ན་བཞུགས།
ཏན་ཏིག་གི་དཀྱིལ་འཁོར་རང་བྱོན། ཏན་ཏིག་ན་བཞུགས།
རྟ་ཕྱག་ཁྱུང་གསུམ་རང་བྱོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁྲོ་ཁོའི་སྨད་མའི་ཡུལ་ཚོ་ཞལ་ཤུལ་དགོན་པ་ན་བཞུགས། ད་ལྟ་རྨ་ཆུའི་ཁྲོ་ཁོ་སྨད་མའི་ས་ཆར་བཞུགས།རྟ་ཕྱག་ཁྱུང་གསུམ་རང་བྱོན་ཞལ་ཤུལ་སྐུ་གོང་མ་ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་ཀྱི་གཏེར་ནས་བླངས།
སྟོད་ལུང་ཆུ་ཚན་རང་བྱོན། གཞོང་པ་ལྷ་ཆུ་ཟེར་བ་དེ་རེད།
ྠ
ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན།ལྷ་སའི་གཙུག་ལག་ཁང་གི་
ཐུགས་རྗེ་ཆེན་པོ་རང་བྱོན།ཀན་ལྷོའི་གཤག་ཆུའི་སྤེན་ཐང་རི་ཁྲོད་ན་བཞུགས།
ད
བདེ་མཆོག་གི་སྤྱན་རང་བྱོན། ཕ་བོང་ཁ་རུ་བཞུགས།
བདེ་མཆོག་སྤྱན་རང་བྱོན། བཀྲ་ཤིས་སྒང་གི་བཙུན་དགོན་ཞིག་ཏུ་བཞུགས།
རྡོ་རྗེ་འཇིགས་བྱེད་སྐུ་སྟོད་རང་བྱོན།འབྲས་སྤུངས་དགོན་གྱི་སྔགས་ཁང་དུ་
རྡོ་དཀར་མགོན་པོ་རང་བྱོན་། རྡོ་དཀར་དགོན་པའི་ཉེ་འགྲམ་ན་བཞུགས་ཡོད་ལགས།
རྡོ་ཏཱ་རེ་རང་བྱོན་མཛོད་དགེ་སྒར་རྙིང་དགོན་པའི་ཉེ་འགྲམ་ན་བཞུགས།
རྡོ་ལྷ་གནས་རི་རང་བྱོན། ཚ་བ་དཔའ་ཤོད་དུ་བཞུགས།
དྷཱི་ཡིག་རང་བྱོན། ཨོཾ་དང་ཨ་ཡིག མགོན་པོ་གུར་སོགས་ཡོད། འདི་དག་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོ་དྷཱིཿཕུ་ཆོས་རྗེ་དགོན་པའི་ཉེ་འདབས་ན་བཞུགས།
མདུང་ནག་འཇམ་དབྱངས་རང་བྱོན།ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་སུའུ་ནན་རྫོང་།
ན
ན་རེན་མ་ཎི་རང་བྱོན། རྨ་ལྷོ་སོག་རྫོང་གསེར་ལུང་ཡུལ་ཚོ་ན་ཡོད།
གནས་བདག་གཉན་སྤྲེལ་ཟླ་བའི་སྐུ་བརྙན་རང་བྱོན། མདོ་སྨད་བྲག་དཀར་སྤྲེལ་རྫོང་དུ་བཞུགས།
གནས་བརྟན་བཅུ་དྲུག་གི་རྡོ་སྐུ་རང་བྱོན།སྣར་ཐང་དགོན་དུ་བཞུགས།
པ
པདྨ་འབྱུང་གནས་རང་བྱོན། འཇོ་མདའ་ལྕང་བྲག་དགོན་གུ་རུའི་སྒྲུབ་ཕུག་ཏུ་བཞུགས།
པུ་ཊའི་བླ་མཚོ་འཁྱིལ་བའི་མཁར་སླང་རང་བྱོན་བཞུགས། ཀིརྟིའི་མ་དགོན་དང་པོ་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་ན་བཞུགས།
པྲ་ཏི་སྒྲོལ་མ་རང་བྱུང་།ཧོར་རྫོང་པྲ་ཏི་སྡེ་བར་བཞུགས།
དཔའ་རིས་ཏེ་ཐུང་རྡོ་རྗེ་འཆང་རང་བྱོན། རིག་གསར་སྐབས་འཇིག་ཚར།
འཕགས་པ་ཕྱག་ན་པདྨོ་རང་བྱོན་ལྔ་ལྡན།
སྤྱན་རས་གཟིགས་ཀྱི་རྡོ་སྐུ་རང་བྱོན། ཕ་བོང་ཁ་རུ་བཞུགས།
འཕགས་པ་ལོ་ཀེ་ཤྭ་ར། པ་ཏ་ལ་རུ་བཞུགས།
འཕགས་པ་ཀུན་ཏུ་བཟང་བོ་རང་བྱོན། རྔ་རྒོད་སྒང་གི་བཞུགས།
བ
བཱེ་ཤིང་མ་ཎི་དང་ཨ་ར་པ་ཙ། ཨོཾ་ཨཱ་ཧཱུཾ་རང་བྱོན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་་བཱེ་ཤིང་དགོན་དུ་བཞུགས།
བཱེ་ཤིང་མ་ཎི་དང་ཨ་ར་པ་ཙ་རང་བྱོན། ཀན་ལྷོ་རྨ་ཆུ་བཱེ་ཤིང་དགོན་དུ་བཞུགས།
བྲག་ཕུག་ཏུ་ཤེལ་གྱི་ཀ་བ་རང་བྱོན། སྔོན་ཤེལ་གྱི་འོ་དེ་གུང་རྒྱལ་ལས་གྲུབ་པའི་གནས།
བྱམས་པ་ཆོས་འཁོར། འབྲས་སྤུངས་དགོན་པ་ན།
འབར་ཁམས་ཨ་ཡིག་རང་བྱོན།
བྲག་དམར་སྟོང་སྐུ་རང་བྱོན།
འབར་ཁམས་ཐུགས་རྗེ་ཆེན་པོ་རང་བྱོན་།
འབྲུག་ཚང་རང་བྱོན། སྟག་ཚང་ལྷ་མོ་ཀིརྟི་དགོན་ན་བཞུགས།
འབྲིང་བའི་བྲག་དཀར་དུ་བདེ་མཆོག་རང་བྱོན་བཞུགས།
མ
མ་ཅིག་དཔལ་ལྡན་ལྷ་མོའི་གནས་རི་རང་བྱོན།སྟག་ཚང་ལྷ་མོ་ཀིརྟི་དགོན་ན་བཞུགས།
མ་ཅིག་དཔལ་ལྡན་ལྷ་མོའི་གནས་རི་རང་བྱོན། སྟག་ཚང་ལྷ་མོ་ཀིརྟི་དགོན་ན་བཞུགས།
མ་ཎི་ཡིག་དྲུག་རང་བྱོན་དང་།བྲག་ཡེར་པ་རུ་བཞུགས།
མ་ཎི་རང་བྱོན། ཞ་ལུ་དགོན་གྱི་ཇོ་བོ་ལྷ་ཁང་དུ་བཞུགས།
དམུ་དགེ་མགོན་པོ་རང་བྱོན།དམུ་དགེ་ས་ཆར་ཡོད།
སྨད་མ་མགོན་པོ་རང་བྱོན།ཅོ་ནེ་ཁང་ཐོག་སྨད་མ་ ཀན་ལྷོ་ཤོ་བའི་ཉེ་འདབས་ན་བཞུགས།
མཱ་ཐིས་སྒྲོལ་མ་རང་བྱོན། ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་སུའུ་ནན་རྫོང་མཱ་ཐིས་ཡུལ་ཚོ་མཱ་ཐིས་དགོན་པའི་བྲག་ཕུག་ནང་ན་ཡོད།
ཙ
ཙ་རིའི་མཆོད་རྟེན་རང་བྱོན། ཙ་རུའི་གཡུ་མཚོར་བཞུགས་ལགས། བོད་རང་སྐྱོང་ལྗོངས་ཀློ་ཡུལ།
ཚ
ཚོགས་སུམ་མགོན་པོ་རང་བྱོན། ཁ་གྱའི་ཚོགས་གསུམ་རི་ཁྲོད་ན་བཞུགས།
ཛ
མཛོ་དགེ་འཁོར་ཆེན་རང་བྱོན།ཀན་ལྷོའི་མཛོད་དགེ་ན་བཞུགས།
མཛོད་དགེ་རྡོ་མ་ཎི་རང་བྱོན། ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་རུ་སྟོད་མ་ན་ཡོད།
ཝ
ཞ
ཞྭ་དམར་པཎྡི་སྐུ་ཕྲེང་ལྔ་བའི་གདུང་རས་ལ་བབས་པའི་རྗེ་བཙུན་མ་རང་བྱོན། ངྷི་ཚ་དགོན་གྱི་ཁོང་གི་ནང་ཆེན་ནང་དུ་དེང་སང་དངོས་སུ་མཇལ་རྒྱུ་འདུག
ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན།
ཟ
འ
ཡ
ཡབ་རྗེ་བླ་མའི་སྐྱ་ཐིག་རང་བྱོན་ཟེར། རེབ་གོང་རྫོང་ཧོར་ནག་ཡུལ་ཚོ་བཀྲ་ཤིས་འཁྱིལ་དགོན་པར་བཞུགས།
ཡབ་རྗེ་བླ་མའི་སྐྱ་ཐིག་རང་བྱོན་ཟེར། རོང་བོ་དགོན་པར་བཞུགས།
ར
རང་བྱོན་མཆོད་རྟེན། འབའ་ལྷ་དཀར་རྫོང་གི་ཤར་ཕྱོགས་སུ་ཆགས་ཡོད།
རང་བྱོན་ཇོ་བོ་འཕགས་པ་ཝ་ཏི་བཟང་བོ།
ལ
ལན་དན་བྲག་ལ་ཨ་ཡིག་རང་བྱོན། ཀན་ལྷོ་སྒྱིས་ཚང་ས་ཆར་བཞུགས་ལགས།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ སློབ་དཔོན་པདྨའི་ཞབས་རྗེས་རང་བྱོན། མདོ་སྨད་བྲག་དཀར་སྤྲེལ་རྫོང་དུ་བཞུགས།
ཤ
ཤ་བར་འོད་དཔག་མེད་རང་བྱོན། ཧོར་རྫོང་སུམ་མདོ་བོད་རིགས་ཡུལ་ཚོར་གནས།
ཤེལ་དེའུ་གྲུབ་གནས་ནི་སྔོན་ཤེལ་གྱི་འོ་དེ་གུང་རྒྱལ་ལས་གྲུབ་པའི་གནས།
ཤོ་བ་རྟ་མགྲིན་རང་བྱོན།ཀན་ལྷོའི་ཤོ་བར་བཞུགས།
ས
གསེར་ཁོག་དགོན་པའི་དགོན་པའི་སྒྲོལ་མ་རང་བྱོན།
སེ་ར་རྟ་མགྲིན་རང་བྱོན།སེ་ར་དགོན་པར་བཞུགས།
ཧ
ལྷ་དཀར་བོ་བྱམས་པ་རང་བྱོན། མདོ་སྨད་ཁྲི་ཀ་ཡུལ།
ཨ
ཨ་མདོ་མཆོད་རྟེན་རང་བྱོན། ཞོང་ཧྭ་རྡོ་སྦིས།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn