ཀུན་ཏུ་བདེ་བའི་གླིང་ངམ་(普宁寺)ངོ་སྤྲོད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-09-23 07:05:57     རྩོམ་པ་པོ།   གངས་འཛུམ    ཀློག་ཐེངས།  

微信图片_20240923150508.jpg

ཀུན་ཏུ་བདེ་བའི་གླིང་ངམ་(普宁寺)ནི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན་ལ། པེ་ཅིན་ནས་སྤྱི་ལེ་༢༥༤་མཚམས་སུ་(河北省承德市)གྲོང་ཁྱེར་དུ་ཡོད།

 པན་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཚང་དང་ཆན་གོང་མ་གཉིས་ཀྱིས་ཀྱང་ཐོག་མའི་མཇལ་འཕྲད་གནང་ཡུལ་གནས་འདི་ཡིན་པར་བཤད། དེ་དུས་སུ་འདི་ལྟ་བུའི་གཞི་རྒྱ་ཆེན་པོ་མིན་ཨང་སྙམ།  

ད་དུང་བཤད་ཚུལ་གཞན་ཞིག་ལ་པན་ཆེན་དཔལ་ལྡན་ཡེ་ཤེས་པེ་ཅིན་དུ་བཞུགས་སྐབས་དབུས་ལྷ་ལྡན་ཞིང་གི་སེ་འབྲས་དགེ་གསུམ་དང་ཕོ་བྲང་པོ་ཏ་ལ་སོགས་དྲན་ཚུལ་བརྗོད་དེ་ཕྱིར་ཕེབས་གྲབ་གནང་བ་ལ། ཆན་གོང་མས་དེ་འགོག་སླད་དུ་གནས་འདིར་སེ་འབྲས་དགེ་གསུམ་གྱི་དགོན་པ་བཏབ། 承德小布达拉宫ཁྲེང་ཏུའི་ཕོ་བྲང་པོ་ཏ་འདི་བཞེངས་པར་ཐོས།

 ཡིག་ཚང་གཞན་དུ་དགོན་པ་འདི་ནི་ཆིང་རྒྱལ་རབས་ཀྱི་གོང་མ་གནམ་སྐྱོང་རྒྱལ་པོ་ཆན་ལུང་ཁྲི་ལོ་ཉི་ཤུ་བ༡༧༥༥ལོར། ཆིང་རྒྱལ་རབས་ཀྱིས་ཇུན་གར་སོག་པོའི་དར་རྒྱས་ཐེ་ཅིའི་གྱེན་ལོག་ཕམ་པར་བརྒྱབ་རྗེས། དགུན་ཟླ་བཅུ་བའི་ནང་ལ་ཨོ་རོད་སྡེ་བཞི་ཚ་གཡོལ་རི་གྲོང་ནས་གོང་མ་ཆན་ལུང་གི་མཇལ་ཕྱག་གནང་ཞིང་། ཐེངས་འདིའི་མནའ་འབྲེལ་ལ་རྗེས་དྲན་ཞུ་ཆེད། རང་ཉིད་ཀྱི་ཡབ་རྒྱལ་བོ་བདེ་སྐྱིད་རྒྱལ་བོ་ཁང་ཞི་ཁལ་ཁ་སོག་པོ་དང་མནའ་འབྲེལ་བྱེད་པའི་དུས་སུ་ནང་སོག་གི་ཏོ་ལུང་རྫོང་ནས་ཧའེ་ལུང་དགོན་པ་བཞེངས་པར་དཔེར་བྱས་ཏེ། ཆིང་སྲིད་གཞུང་གིས་བོད་དབུས་བསམ་ཡས་གཙུག་ལག་ཁང་གི་ཚུལ་དུ་གླིང་བཞི་གླིང་ཕྲན་བརྒྱད་དང་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ཙན་དན་དཀར་དམར་ལ་སོགས་པ་ཤིང་སྣ་ལྔ་ལས་གྲུབ་པའི་སྐུ་བཞེངས་ཤིང་། མཐོ་ཚད་ལ་སྨི་27.21དང་མདུན་ངོས་སུ་གསེར་ཟངས་ལས་གྲུབ་པའི་མཆོད་གཤོམ་དང་མཆོད་རྫས་སྔ་སྲོལ་བཞིན་དུ་ཡོད་པར་མ་ཟད། གཞན་རྗེའི་སྐུ་དང་སྒྲོལ་མའི་འདྲ་སྐུ་སོགས་མང་བོ་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག


བརྒྱུད་འགོད།