སྒྱིས་ཚང་སྒར་དགའ་ལྡན་ཆོས་གླིང་།

    སྤེལ་དུས།  2018-10-24 21:32:42         ཀློག་ཐེངས།  

སྒྱིས་ཚང་སྒར་དགའ་ལྡན་ཆོས་གླིང་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་   མདོ་སྨད་དུ་བྱོན་རྗེས་སྒྱིས་ཚང་མཁས་བཙུན་གྱིས་མཆོད་གནས་ཤིག་དགོས་ཚུལ་ཞུས་པས།  ཁོང་གིས་བཀྲ་ཤིས་འཁྱིལ་རྒྱུད་གྲྭ་གསར་ཚུགས་དུས་ཀྱི་ཉང་ཚང་དཀའ་བཅུ་མཆོག་གྲུབ་ལ་  དགོན་པ་འདེབས་པར་བཀས་གནང་། ཉང་ཚང་བ་བླ་མ་ལུང་དུ་སྒྲུབ་ཁང་བརྩིགས་ཏེ་ཡུན་  རིང་བཞུགས་ཐོག སྒྱིས་ཚང་མཁས་བཙུན་གྱིས་སྦྱིན་བདག་བྱས་ཏེ་རབ་བྱུང་བཅུ་གཉིས་པའི་ས་རྟསྤྱི་ལོ༡༧༣༨ལོར་དུང་ཕྲུག་རི་ཁྲོད་པས་བཟུང་བའི་སྒོམ་ཁང་གི་འདབས་སུ་དགོན་ པ་བཏབ་སྟེ་ཉང་ཚང་བས་རྗེ་ངྷྭ་ཛ་སྟེ་དབལ་མང་པཎྚི་ཏ་ལ་དགོན་པ་ཕུལ་བས་དགོན་གནས་སྨན་ཁང་མདོར་སྤོས། སྨད་རྒྱུད་ཀྱི་གྲྭ་ཚང་བཙུགས། འདུ་ཁང་ཀ་བ་བརྒྱད་ཅུ་ཅན་བཞེངས།  སྤྱི་རྫས་བཞག གྲྭ་ཚང་དངོས་གཙང་བྱུང་ཞིང་ཀུན་མཁྱེན་སྐུ་ཕྲེང་གསུམ་པར་ཕུལ། དེ་ནས་  བཟུང་ཁྲི་བ་བླ་བྲང་ནས་མངག་རྒྱུ། བླ་མ་དབུ་མཛད་བསྐོ་སྲོལ་ཕྱེ། བཅའ་ཡིག་བཞག གཟིགས་བསྐྱངས་དཔེ་མེད་གནང་། ཧོར་ཟླ་དང་པོར་སྨོན་ལམ་དང་གཉིས་པར་གདུང་མཆོད། གསུམ་པར་བསྐྱེད་རྫོགས་ཀྱི་ཊཱིཀ་ཆེ་ཆུང་སྐྱོར་སྦྱངས། ཀུན་རིག་དང་བདེ་གསང་འཇིགས་གསུམ་གྱི་ སྒྲུབ་མཆོད་རྡུལ་ཚོན་ས་ཆོག་ཀླུ་ཆོག་སྦྱིན་སྲེག་བཅས་ཟླ་རེར་ཆོས་སྤྱོད་ཀྱི་བྱ་བ་མེད་པ་རེད།  ཀུན་མཁྱེན་འཇིགས་མེད་དབང་པོའི་ཤངས་མཚལ་ལས་བཞེངས་པའི་འཇིགས་བྱེད་དང་    མགོན་ཆོས་གཉིས། བྱམས་སྐུ་ཉེར་ལྔ་ལོངས་པ། ཉེ་སྲས་བརྒྱད། བདེ་གཤེགས་སོ་ལྔ་སོགས། བླ་བརྒྱུད་དང་རྒྱུད་སྡེ་བཞིའི་ལྷ་ཚོགས། ཙོང་ཁ་བརྒྱད་ཅུ་སོགས་སྐུ་བརྙན་གྲངས་ཟིན་དཀའ་བའི་ཚོད་དུ་སླེབས། སྡེ་དགེའི་བཀའ་བསྟན། ཅོ་ནེའི་བཀའ་འགྱུར། ཡུམ་འབུམ་པ་ཚར་          བཞིའབུམ་དང་ཏིང་འཕགས་བསྐལ་གསུམ་གསེར་བྲིས་དང་དུང་བྲིས།སོགས་པོཏ་སྟོང་  ཕྲག་བཞུགས། གསེར་ཟགས་དང་ཙན་དན་གྱི་མཆོད་རྟེན་བརྒྱད། ཐུགས་རྗེ་ཆེན་པོ། རྟ་མགྲིན། ཀླུ་དབང་རྒྱལ་བོ། ཕྱག་རྡོར། བཙན་ཁང་བཅས་ལྷ་ཁང་ལྔ། བླ་བྲང་དང་ཉང་ཚང་། སྙུང་གནས་པ་བཅས་ལ་གཟིམས་ཁང་དང་སོ་སོར་རྟེན་གསུམ་མི་ཉུང་། ལྕགས་རིར་མ་ཎི་འཁོར་ཁང་རྩིག་  ངོས་ལ་བླ་བརྒྱུད་དང་རྒྱུད་སྡེའི་ལྷ་ཚོགས་དུ་མའི་སྐུས་གཏམས་པར་བཞེངས། སྡེ་འདིར་འབྲེལ་གཏོགས་བྲག་སོག་པོའི་རི་ཁྲོད་ནི་ཕུག་སྡེ་དཀོན་མཆོག་རྒྱལ་མཚན་གྱིས་བཏབ། ལོ་ཚིགས་མི་ གསལ་ཡང་ཁོང་ནང་ན་མཉམ་དེར་དཔགས་ན་རབ་བྱུང་བཅུ་གསུམ་པའི་དཀྱིལ་ཙམ་དུ་ཡིན་པར་མངོན། འདིར་ཀུན་མཁྱེན་བཞི་བ། དབལ་མང་ཆེ་ཆུང་། ཡོངས་འཛིན་ཚང་བཅས་ཀྱི་སྒྲུབ་ཁང་དང་གོང་མ་གསུམ་ཀས་གནས་བསྟོད་ཀྱང་བརྩམས་ཡོད་པའི་གནས་ཁྱད་འཕགས་ཤིག་ གོ །


བརྒྱུད་འགོད།